ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“ཚོགས་ཆེན་གཉིས”ཀྱི་དགོངས་དོན་ལེ་དབར་ཁྲི་སྟོང་གི་གངས་ལྗོངས་མཐའ་མཚམས་སུ་ཁྱབ་པ།

སྤེལ་དུས 2020-05-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
འདི་ནི་བོད་ལྗོངས་ཀྱི་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ལྷོ་ཁའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གི་རྒྱ་ཆེའི་མི་དམངས་ཉེན་རྟོག་པས“ཉེན་རྟོག་པ་ཁྲི་བརྒྱ་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ནས“ཚོགས་འདུ་གཉིས”ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ་རེད། 
        ཀྲུང་གོའི་བོད་ལྗོངས་དྲ་འཕྲིན། “ཚོགས་ཆེན་གཉིས་”ལ་བལྟ་བ་དང“ཚོགས་འདུ་གཉིས”ལ་སློབ་སྦྱོང་བྱེད་པ། “ཚོགས་འདུ་གཉིས”ལ་ཤེས་རྟོགས་བྱེད་པ་སྟེ། ཟླ5པའི་ཚེས21ཉིན་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”འགོ་ཚུགས་པ་ནས་བཟུང་། བོད་ལྗོངས་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ལྷོ་ཁའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གི་རྒྱ་ཆེའི་མི་དམངས་ཉེན་རྟོག་པས“ཚོགས་ཆེན་གཉིས”ཀྱི་དགོངས་དོན་བརྒྱུད་བསྒྲགས་པ་ཧུར་ཐག་བྱས་ནས“ཉེན་རྟོག་པ་ཁྲི་བརྒྱ་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཁོངས་གཏོགས་ས་ཁུལ་དང་འབྲོག་ར། ཚོང་ཁང་བཅས་སུ་སྒྲོག་འགྲེལ་བྱས་པ་བརྒྱུད“ཚོགས་ཆེན་གཉིས”ཀྱི་དགོངས་དོན་མཐའ་མཚམས་མང་ཚོགས་ཁྲི་སྟོང་མང་པོའི་ཁྱིམ་དུ་ཁྱབ་ཅིང་། ལེ་དབར་ཁྲི་སྟོང་གི་གངས་ལྗོངས་མཐའ་མཚམས་སུ་ཁྱབ་ཡོད་པ་རེད། 
འདི་ནི་བོད་ལྗོངས་ཀྱི་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ལྷོ་ཁའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གི་རྒྱ་ཆེའི་མི་དམངས་ཉེན་རྟོག་པས“ཉེན་རྟོག་པ་ཁྲི་བརྒྱ་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ནས“ཚོགས་ཆེན་གཉིས”ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ་རེད། 
        བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་དུ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གློག་ཀླད་བསྣམས་ཏེ་རི་ཆུ་བརྒལ་པ་དང་། བརྡ་རྟགས་མེད་པའི་འཐབ་ས་མདུན་མའི་འབྲོག་རར་སླེབས་ནས་དེ་སྔར་ཕབ་ལེན་བྱས་ཟིན་པའི“ཚོགས་ཆེན་གཉིས”ཀྱི་འབྲེལ་ཡོད་བརྙན་དག་ཡུན་རིང་དེ་གར་གཞི་ཚུགས་པའི་འབྲོག་པ་མང་ཚོགས་དང་མཉམ་དུ་མྱོང་རོལ་གནང་པ་རེད། 
        “ཨ་ཁུ་ཕུན་ཚོགས་ལགས། ཁྱོད་ཀྱིས་གཟིགས་དང་། འདི་ནི་ང་ཚོའི་ཤང་ཀྲང་དཀོན་མཆོག་ཆོས་སྒྲོན་རེད། ཁོ་མོ‘ཨུ་ཡོན་བགྲོད་ལམ’དུ་བསྐྱོད་ཀྱི་འདུག་ལ། རྒྱལ་ཡོངས་མི་དམངས་ལ་ང་ཚོ་རྩ་རི་ཤང་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་བྱེད་བཞིན་ཡོད་པ་རེད”ཅེས་མི་དམངས་ཉེན་རྟོག་པ་ཡན་ཀྲེང་གིས་བརྙན་ངོས་སུ་མཛུབ་མོ་བཙུགས་ནས་སེམས་འགུལ་ཐེབས་པའི་ངང་འབྲོག་པ་ཚེ་རིང་ཕུན་ཚོགས་ལ་ངོ་སྤྲོད་བྱས། 
འདི་ནི་བོད་ལྗོངས་ཀྱི་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ལྷོ་ཁའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གི་རྒྱ་ཆེའི་མི་དམངས་ཉེན་རྟོག་པས“ཉེན་རྟོག་པ་ཁྲི་བརྒྱ་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ནས“ཚོགས་འདུ་གཉིས”ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ་རེད།
        “འདི་ཡག་པོ་འདུག འདི་ཡག་པོ་འདུག”ཅེས་ཚིག་ཉུང་དོན་གསལ་གྱིས་བགྲེས་པོ་དག་ལ་སེམས་འགུལ་ཚད་མེད་ཐེབས་བཞིན་ཡོད། 
        “རྒན་ལགས། འདི་ནི་ད་ལོའི《སྲིད་གཞུང་གི་ལས་དོན་སྙན་ཞུ》རེད། ཁྱེད་ཀྱིས་གཟིགས་རོགས”ཞེས་སྟག་ལུང་མཐའ་མཚམས་མངགས་གཏོང་ཁང་གི་ལས་སྒྲུབ་ས་ཚིགས་སུ་མི་དམངས་ཉེན་རྟོག་པ་ཝང་ཁྲེ་ཧྲུན་གྱིས་ཉིན་རྒྱུན་འགྲོ་འོང་བྱེད་མཁན་ཁ་ལོ་བ་དང་འགྲུལ་པར“ཚོགས་ཆེན་གཉིས”ཀྱི་དོ་ཁུར་བྱ་ཡུལ་གྱི་དྲིལ་བསྒྲགས་ཤོག་ལྷེ་800ལྷག་ཙམ་སྤྲད་པ་རེད། 
        མཚོ་སྣ་རྫོང་ལེགས་པོ་ལུང་དམར་ཤང་མཐའ་མཚམས་མངགས་གཏོང་ཁང་གི་བུད་མེད་ཉེན་རྟོག་པ་རྣམས་ཚོང་ཁང་དང་མང་ཚོགས་ཀྱི་ཁྱིམ་དུ་འཚམས་འདྲིར་སོང་སྟེ“ཚོགས་ཆེན་གཉིས”ཀྱི་རིང་གྲོས་ཞིབ་བྱས་པའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཁྲིམས་གཞུང་ལ་སྒྲོག་འགྲེལ་གསལ་འགྲེལ་བྱས་ནས་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་བཏང་ཡོད། 
        སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དང་ལྷུན་རྩེ་རྫོང་སྒྲོན་པ་ཤང་། ལྷོ་བྲག་རྫོང་སྲས་ཤང་སོགས་ས་ཆ་མང་པོར་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཀྱང་རྒྱ་ཆེའི་མཐའ་མཚམས་མང་ཚོགས་དང་མཉམ་དུ“ཚོགས་ཆེན་གཉིས”ཀྱི་འབྲེལ་ཡོད་གནས་ཚུལ་ལ་གཟིགས་པ་དང་སློབ་སྦྱོང་གཏིང་ཟབ་བྱས་ནས་ད་ལོའི་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་ལ་སྔར་བས་ཤེས་རྟོགས་ཐུབ་པ་བྱུང་ཡོད།