དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྒྲོག་འགྲེལ་པ་བསྟན་པ་དར་རྒྱས་ཀྱིས་གོ་བདེ་ཤེས་སླའི་སྒོ་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་པ།

སྤེལ་དུས 2020-06-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          ས་དགའ་རྫོང་དར་རྒྱས་གླིང་ཤང་ས་དགའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་པ་དར་རྒྱས་ནི་1962ལོར་སྐྱེས་པ་དང་། 1992ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། བསྟན་པ་དར་རྒྱས་ཀྱིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱས་ཏེ་དུས་ཐོག་ཏུ་ཏང་གི་འབོད་སྒྲ་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་བྱས་ཡོད།
          བསྟན་པ་དར་རྒྱས་ཀྱིས་ཐོག་མར་སྒྲོག་འགྲེལ་བྱེད་སྐབས། ཉམས་མྱོང་མེད་པའི་དབང་གིས། སྒྲོག་འགྲེལ་ཆ་ཚང་པོ་ཞིག་བྱེད་ཐུབ་ཀྱི་མི་འདུག་ཅེས་བརྗོད་བྱུང་། ཕྱིས་སུ་བསྟན་པ་དར་རྒྱས་ཀྱིས་སྒྲོག་འགྲེལ་གྱི་ཉམས་མྱོང་ཟམ་མི་ཆད་པར་ཕྱོགས་སྡོམ་དང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་ཏང་གི་མཛད་ཕྱོགས་སྲིད་ཇུས་ཞིང་འབྲོག་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་པ་རེད།
          བསྟན་པ་དར་རྒྱས་ཀྱིས་སྒྲོག་འགྲེལ་བྱ་ཡུལ་མི་འདྲ་བར་གཞིགས་ནས་སྒྲོག་འགྲེལ་བྱེད་ཅིང་། མང་ཚོགས་དབུལ་པོར་ཏང་གི་དམངས་ཕན་སྲིད་ཇུས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས། ལས་ལ་བརྩོན་ན་གཟི་བརྗིད་ཡིན་པ་དང་སྒྱིད་ལུག་ནི་ངོ་ཚ་ཡིན་པ་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ཚོས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་རྒྱུར་ཁྲིད་སྟོན་བྱས་ཡོད།
          མང་ཚོགས་དཀྱུས་མར་བོད་གསར་རྙིང་བསྡུར་བ་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས་ཏེ་མང་ཚོགས་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་ཀྱི་ཡོད། ཕྱིར་སྐྱོད་མཁན་གྱི་ལས་མིའི་གནས་ཚུལ་དངོས་དང་བསྟུན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དགོངས་དོན་གསབ་ཁྲིད་བྱེད་ཀྱི་ཡོད།
          དོན་གྲུབ་ཀྱི་ཁྱིམ་ནི་ས་དགའ་གྲོང་ཚོའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་དེ་སྔ“སྒུག་བརྟེན་སློང་གསུམ”ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། གྲོང་སྡོད་ལས་དོན་རུ་ཁག་དང་བསྟན་པ་དར་རྒྱས་ཀྱིས་ཁ་ཏ་བསླབ་བྱ་བྱས་པ་བརྒྱུད། དོན་གྲུབ་ཀྱི་བསམ་བློར་རིམ་བཞིན་འགྱུར་ལྡོག་བྱུང་ནས་ཚན་རིག་དང་མཐུན་པའི་ངང་འབྲི་གཡག་གསོ་ཚགས་ཀྱི་ལག་རྩལ་སྦྱངས་ཤིང་། ད་ཆ་དོན་གྲུབ་ལ་འབྲི་གཡག་མགོ་གྲངས་8ཡོད་པ་རེད། 2019ལོའི་ཟླ་6པར་དོན་གྲུབ་ཀྱིས《རང་མོས་དབུལ་སྒྲོལ་གྱི་རེ་འདུན་ཞུ་ཡིག》ཕུལ་ནས་རང་འགུལ་ངང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་པ་རེད།
          “གྲོང་མི་ཚོར་འཕྲོད་བསྟེན་ལ་སྣང་ཆེན་བྱེད་པའི་གོམས་གཤིས་ཡག་པོ་འཇགས་ཆེད། ངས་རྟག་ཏུ་གྲོང་མི་ཚོ་སྒྲིག་འཛུགས་བྱས་ནས་གཙང་སྦྲ་བྱེད་དུ་འཇུག་གི་ཡོད། ད་ཆ་རང་འགུལ་ངང་གཙང་སྦྲ་འཕྲོད་བསྟེན་བྱ་རྒྱུ་དེ་ཚང་མའི་འཚོ་བའི་གོམས་གཤིས་སུ་གྱུར་ཡོད”ཅེས་བསྟན་པ་དར་རྒྱས་ཀྱིས་གསར་འགོད་པར་བཤད་བྱུང་།
          བསྟན་པ་དར་རྒྱས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྒྲོག་འགྲེལ་ཡང་ཡང་བྱས་པ་བརྒྱུད་མང་ཚོགས་ཚོའི་གོམས་གཤིས་ངན་པར་འགྱུར་ལྡོག་བྱུང་བ་དང་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་བྱུང་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”འབྲོག་པ་མང་ཚོགས་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་གྱུར་ཡོད་པ་རེད།