དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དྲུག་གཅིག་དུས་ཆེན་སྤྲོ་བས་བསུ་བ་སྟེ། བོད་ལྗོངས་གཞིས་རྩེའི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་ཁོངས་གཏོགས་ས་ཁུལ་གྱི་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་གནང་པ།

སྤེལ་དུས 2020-06-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལོ་གཅིག་དུས་གཅིག་གི“དྲུག་གཅིག”བྱིས་པའི་དུས་ཆེན་ཤར་བའི་སྐབས་འདིར། བོད་རང་སྐྱོང་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཚོས་ཁོངས་གཏོགས་ས་ཁུལ་གྱི་བྱིས་པ་ཚོ་བདེ་སྐྱིད་དང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུ་སེམས་ལ་བཅངས་ཏེ། བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་ཁོངས་གཏོགས་ཁུལ་གྱི་བྱིས་པར་གཅེས་སྐྱོང་བྱས་ཏེ་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རོགས་རམ་གནང་ཡོད། 
        བརྩེ་སེམས་ཟབ་མོས་དཔྱིད་ཀྱི་མྱུ་གུར་གསོན་ཤུགས་བསྩལ། 
འདི་ནི་མི་དམངས་ཉེན་རྟོག་པས་བུ་མོ་རིན་ཆེན་ལྷ་མོར་དུས་ཆེན་གྱི་སྒོ་ངའི་བག་ལེབ་བསྐྱལ་ཡོང་བ་རེད། 
        “དྲུག་གཅིག་”བྱིས་པའི་དུས་ཆེན་ཤར་བའི་སྐབས་སུ། གཞིས་རྩེའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་དཀའ་ངལ་ཡོད་པའི་བྱིས་པར་སེམས་ཁྲལ་དང་གཅེས་སེམས་ཟབ་མོ་བཅངས་སྟེ། ཆ་སྒྲིག་རོགས་སྐྱོར་གྱི་དཀའ་ངལ་ཡོད་པའི་བྱིས་པ་རིན་ཆེན་ལྷ་མོའི་ཁྱིམ་དུ་འཚམས་འདྲིར་ཕྱིན་པ་དང་། མི་དམངས་ཉེན་རྟོག་པ་ཚོས་རིན་ཆེན་ལྷ་མོར་སློབ་སྦྱོང་དང་འཚོ་བའི་མཁོ་ཆས་སོགས་སྤྲད་པ་མ་ཟད། ད་དུང་ཁོ་མོར་དུས་ཆེན་གྱི་སྒོ་ངའི་བག་ལེབ་ཆེན་པོ་ཞིག་ཀྱང་འཁྱེར་ཡོད་ལ། ཚང་མས་མཉམ་དུ་ཡང་ལཱར་ཕུ་བཏབ་ནས་བུ་མོ་རིན་ཆེན་ལྷ་མོ་དགའ་དགའ་སྤྲོ་སྤྲོ་ཡོང་བའི་སྨོན་འདུན་ཞུས་པ་རེད། 
        “མཐའ་སྲུང་མ་ཡུམ”གྱིས་བྱིས་པར་བྱམས་བརྩེ་བྱིན།
        “‘མཐའ་སྲུང་མ་ཡུམ’སླེབས་བྱུང”ཞེས་གྲོགས་པོ་ཆུང་ཆུང་ཚོའི་དགའ་འབོད་འོག གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གཏིང་སྐྱེས་ཤང་ཆ་ཚང་སློབ་ཆུང་གི་བྱིས་པ་དག་སྒེའུ་ཁུང་འགྲམ་དུ་བསྐོར་ནས་དགའ་སྤྲོའི་ངང་སྒེའུ་ཁུང་ཕྱི་རོལ་དུ་ལག་པ་གཡུག་བཞིན་འདུག 
        ཐག་རིང་ལུང་ཁུག་གི་སློབ་གྲྭ་འདིའི་ནང་། བྱིས་པ་ལ་ལའི་ཁྱིམ་ཚང་དབུལ་ཕོངས་ཡིན་པ་དང་ཕ་མ་ལ་ལ་དུས་ཡུན་རིང་པོ་ཁོ་ཚོའི་གམ་དུ་མེད། དུས་ཆེན་སླེབས་ཐེངས་རེར། གཏིང་སྐྱེས་རྫོང་མཐའ་མཚམས་མངགས་གཏོང་ཁང་གི་བུད་མེད་མི་དམངས་ཉེན་རྟོག་པས་གྲ་སྒྲིག་ཞིབ་ཚགས་བྱས་པའི་འཚམས་འདྲིའི་ལག་རྟགས་འཁྱེར་ནས་སློབ་གྲྭར་འབྱོར་བ་དང་། དཀའ་ངལ་འཕྲད་ཐེངས་རེར། བུད་མེད་ཉེན་རྟོག་པ་ཚང་མ་དུས་ཐོག་ཏུ་ཐོན་ནས་ཕྲུ་གུ་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད། གཏིང་སྐྱེས་མཐའ་མཚམས་མངགས་གཏོང་ཁང་གིས2017ལོ་ནས་བཟུང་གཏིང་སྐྱེས་ཤང་ཡོངས་སུ“མཐའ་སྲུང་མ་ཡུམ་གྱིས་བྱིས་པ་དག་བྱམས་བརྩེས་སྐྱོང”ཞེས་པའི་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་བ་དང་། དུས་ཡུན་རིང་པོ་སོང་རྗེས་བྱིས་པ་ཚོས་བུད་མེད་ཉེན་རྟོག་པ་ཚོར“མཐའ་སྲུང་མ་ཡུམ”ཞེས་སྙིང་ཉེ་བའི་མིང་དེ་འབོད་པ་རེད། “མཐའ་སྲུང་མ་ཡུམ”སླེབས་པ་དེས་སློབ་གྲྭར་སྤྲོ་སྣང་ཁེངས་ཤིང་། བུད་མེད་ཉེན་རྟོག་པ་དག་གིས་བྱིས་པ་ཚོར་དཔེ་ཁུག་དང་ཚོན་སྨྱུག ཟིན་བྲིས་སོགས་གང་ལེགས་བདམས་ནས་འཁྱེར་ཡོང་པ་དེས་བྱིས་པ་ཚོར་སྤྲོ་སྣང་ཚད་མེད་བྱིན་པར་བྱེད།
        ཕུགས་འདུན་འགྲུབ་པའི་འཆར་གཞི་ཡིས་བྱིས་པའི་སེམས་ལ་དྲོ་སྐྱིད་སྦྱིན་པ།
འདི་ནི་ཕུགས་འདུན་འགྲུབ་པའི་འཆར་གཞི་ཡིས་བྱིས་པའི་སེམས་ལ་དྲོ་སྐྱིད་སྦྱིན་པ་རེད། 
        “ང་ལ་སྤོ་ལོ་གསར་པ་ཞིག་དགོས་འདོད་འདུག ང་ལ་རྩེད་ཆས་ཆེན་པོ་ཞིག་དགོས་འདོད། ང་སློབ་ཕྱིའི་དཔེ་ཆ་ཆ་ཚང་ཞིག་དགོས་འདོད། ང་ལ་ཚོན་མདོག48ཅན་གྱི་ཞ་སྨྱུག་སྒམ་གང་དགོས”ལ་སོགས་པ་འདི་ནི་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཀ་ལ་ཤང་ལྟེ་བའི་སློབ་ཆུང་གི་བྱིས་པ་ཚོས་ཤོག་བྱང་ཐོག་བྲིས་པའི“དྲུག་གཅིག་གི་རེ་འདུན”ཞིག་རེད། རེ་འདུན་འདི་དག་ཀ་ལ་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཤེས་རྗེས། དུས་ཐུང་ཆུ་ཚོད་ཕྱེད་ཀའི་རིང་བྱིས་པ20ཡི་རེ་འདུན་མི་དམངས་ཉེན་རྟོག་པས་རེ་རེ་བཞིན་ངོས་འཛིན་རྩིས་ལེན་བྱས་ཤིང་། བྱིས་པ་ཚོའི་བློར་འབབ་པའི་ལག་རྟགས་ཤིག་ཉོ་ཆེད་ཁོ་ཚོས་སེམས་ནུས་ཡོད་རྒུ་བཏོན་ཞིང་། ལག་རྟགས་ཁག་ཅིག་རྫོང་གི་དངོས་གཞིའི་ཚོང་ཁང་ནས་ཉོ་དཀའ་བས་མི་དམངས་ཉེན་རྟོག་པ་ཚོས་དྲ་ཐོག་ནས་ཉོས་པ་དང་། ལ་ལས་དྲ་ཐོག་ནས་ཉོ་སྒྲུབ་བྱས་ན་དུས་ཡུན་རིང་པོ་འགོར་བར་སེམས་ཁྲལ་ལངས་ཏེ་ཕྱི་ཕྱོགས་སུ་གཞུང་དོན་དུ་འགྲོ་བའི་མི་དམངས་ཉེན་རྟོག་པར་ལས་བཅོལ་བྱས་ཏེ་གྲོང་ཁྱེར་ནས་ཕྱིར་ཉོས་ཡོང་པ་རེད། དུས་ཆེན་གྱི་སྔ་ནུབ་ཏུ། ཨ་ཁུ་དང་ཨ་ཅག་ཉེན་རྟོག་པ་རྣམས་ཀྱིས་ལག་རྟགས་རེ་རེ་བཞིན་གྲོགས་པོ་ཆུང་ཆུང20ཡི་ལག་ཏུ་འབྱོར། བྱིས་པ་ཚོའི་གདོང་ལ་འཛུམ་མདངས་དང་དགའ་སྤྲོའི་རྣམ་པས་ཁེངས་ཡོད། 
        གཞན་དང་མི་འདྲ་བའི་དྲུག་གཅིག་སྟེ་དུག་འགོག་ལ་ང་ཡང་ཞུགས། 
འདི་ནི་བདེ་འཇགས་སློབ་གྲྭར་སྐྱེལ་བའི“དྲུག་གཅིག”གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡུལ་རེད། 
        “ཚང་མས་མེ་ཏོག་དེ་རིགས་ངོ་ཤེས་ཀྱི་ཡོད་དམ། དེའི་མིང་ལ་ག་རེ་ཟེར་གྱི་ཡོད་པ་ཤེས་སམ”ཞེས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཁང་རུ་ཤང་སློབ་ཆུང་དུ《ང་ཚོས་རྒྱལ་སྒོ་སྲུང་བ་དང་ཁྱེད་ཚོར་ཡང་སྲུང་སྐྱོང་བྱེད》ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བདེ་འཇགས་ཤེས་བྱའི་སློབ་ཚན་ཁྲིད་བཞིན་ཡོད་པ་དང་། སློབ་ཁྲིད་དགེ་རྒན་ནི་ཁང་རུ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཞིག་རེད། བྱིས་པ་ཚོར་ཆུང་དུས་ནས“བདེ་ཐང་མི་ཚེ་དང་ལྗང་མདོག་དུག་མེད”ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད། 
        མི་དམངས་ཉེན་རྟོག་པས་དུག་རྫས་ཀྱི་གནོད་འཚེ་དང་སྔོན་འགོག་སོགས་ཀྱི་ཐད་ནས་སློབ་མ་ཚོར་དུག་རྫས་ངོས་འཛིན་དང་དུག་འགོག་བཅས་ཇི་ལྟར་བྱེད་དགོས་པའི་གསོན་ཉམས་ལྡན་པའི་ངང་ངོ་སྤྲོད་གནང་སྟེ་བྱིས་པའི་དུག་འགོག་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་གྲོགས་པོ་ཆུང་ཆུང་ཚོར་དམིགས་བསལ་གྱི་བྱིས་པའི་དུས་ཆེན་གྱི་ལག་རྟགས་ཤིག་གནང་ཡོད་པ་རེད། 
        སློབ་གྲྭས་མི་དམངས་ཉེན་རྟོག་པས་སློབ་མ་སྲུང་སྐྱེལ་གནང་པར་ཐུགས་རྗེ་ཆེ་ཞུས། 
        ཟླ5པའི་ཚེས30ཉིན། གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་འགྲམ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་འགན་འཁུར་བས“སློབ་གསོར་བརྩེ་སེམས་བཅང་པར་ཕན་ནུས་འཛད་མཐའ་མེད”ཅེས་པའི་དར་བྱང་འགྲམ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་རིན་ཆེན་རྡོ་རྗེ་ཡི་ལག་ཏུ་བསྐྱལ་ནས་འགྲམ་མཐའ་མཚམས་མངགས་གཏོང་ཁང་གིས་དུས་ཡུན་རིང་པོའི་ནང་ནུས་ཤུགས་ཡོད་རྒུས་སློབ་གྲྭའི་བདེ་འཇགས་སྲུང་སྐྱོང་གནང་པ་དང་དགེ་རྒན་སློབ་གྲྭར་ཕྱིར་ལོག་པར་སྟབས་བདེ་བསྐྲུན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། “དྲུག་གཅིག་བྱིས་པའི་དུས་ཆེན་ལ་ང་ཚོར་ཡང་ལག་རྟགས་ལེན་རྒྱུ་ཡོད་པ་ནི་ངོ་མ་བློ་ཡུལ་ལས་འདས་པ་ཞིག་རེད”ཅེས་འགྲམ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོར་དར་བྱང་འབྱོར་རྗེས་སེམས་འགུལ་ཚད་མེད་ཐེབས་ཤིང་། མི་དམངས་ཉེན་རྟོག་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་སླད་ཕྱིན་ཁོངས་གཏོགས་ས་ཁུལ་གྱི་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་སྲུང་སྐྱོང་དང་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་ནས་མུ་མཐུད་འབད་བརྩོན་བྱས་ཏེ་སློབ་མ་བློ་བདེ་བ་དང་སློབ་གྲྭ་བློ་བདེ་བ། ཁྱིམ་བདག་བློ་བདེ་བ་བཅས་ཡོང་བ་བྱ་རྒྱུ་ཡིན་ཟེར།