དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཀྱི་2020ལོའི་གཞུང་ཞབས་པ་དང་བྱ་གཞག་ཚན་པའི་ལས་དོན་མི་སྣ་བསྡུ་བའི(གདན་ཞུ)ཡིག་རྒྱུགས་གཏོང་འགོ་ཚུགས་པ།

ཏིང་ཡེ་ཤན་གྱིས་རུ་སྣེ་ཁྲིད་དེ་རྒྱུགས་རར་སྐོར་གཟིགས་གནང་བ།

སྤེལ་དུས 2020-06-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          བོད་ལྗོངས་ཀྱི་2020ལོའི་གཞུང་ཞབས་པའི་ཡིག་རྒྱུགས་དང་བྱ་གཞག་ཚན་པའི་ལས་དོན་མི་སྣ་བསྡུ་བའི(གདན་ཞུ)ཡིག་རྒྱུགས་ཚེས་26ཉིན་གཏོང་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་རུ་སྣེ་ཁྲིད་དེ་ལྷ་སའི་རྒྱུགས་ར་ཁག་གི་རྒྱུགས་ལེན་ལས་དོན་སྒྲིག་འཛུགས་ཀྱི་གནས་ཚུལ་ལ་སྐོར་གཟིགས་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་། པད་མ་དབང་འདུས། ཁྲེན་ཡུང་ཆི་བཅས་སྐོར་གཟིགས་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།
          ཏིང་ཡེ་ཤན་དང་བཅས་པ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་དང་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་རྒྱུགས་རའི་རྒྱུགས་ཤོག་ཉར་ཚགས་ཁང་དང་ཡིག་རྒྱུགས་བཀོད་འདོམས་ལྟེ་གནས་སོགས་སུ་ཕེབས་ནས་རྒྱུགས་ར་ཁག་གི་རྒྱུགས་ལེན་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་གནང་བ་མ་ཟད། རྒྱུགས་ལེན་མ་ལག་གི་ལྟ་སྐུལ་ཚོད་འཛིན་མ་ལག་གི་ལས་སྟེགས་བརྒྱུད་རྒྱུགས་རའི་རྒྱུགས་ལེན་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།
          ཡིག་རྒྱུགས་ལྔ་པའི་ཚེས་ལྔའི་དུས་ཆེན་དང་ཏག་ཏག་འཁེལ་ཞིང་། ཏིང་ཡེ་ཤན་གྱིས་ཐོག་མར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་གཞུང་རྒྱུགས་བསྡུ་ལེན་ལ་ཞབས་འདེགས་ཞུ་མཁན་གྱི་རྒྱ་ཆེའི་ལས་དོན་མི་སྣར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་འབྲེལ། རྒྱུགས་ར་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གནད་ལ་འཁེལ་བ་དང་། རྒྱུགས་ལེན་ལྟ་ཞིབ་བརྒྱུད་རིམ་ཚད་དང་ལྡན་པ། རྒྱུགས་རའི་སྒྲིག་ལམ་གོ་རིམ་ལྡན་པ།
          འདི་ལོའི་བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་བཅས་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྨྱན་སྦྱོར་ཐོན་ཁུངས་ཁག་བེད་སྤྱོད་གང་ལེགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་ཐུགས་ཁུར་གནང་ལུགས་དང་། རྒྱལ་ཡོངས་ཀྱི་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་ལུགས། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་གནད་སྨིན་བྱས་ཏེ་ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱིས་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་དང་ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་རྒྱུའི་ཁྲོད་རང་འགུལ་ངང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། ཞབས་ཞུའི་ལས་དོན་འཐུས་སྒོ་ཚང་དུ་བཏང་སྟེ་དུས་རབས་གསར་པའི་ལས་ཞུགས་ཀྱི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། “གཅིག་གཏད་གཅིག”དང“མང་གཏད་གཅིག”གི་ལས་ཞུགས་རོགས་སྐྱོར་མུ་མཐུད་གཏིང་ཟབ་ངང་སྤེལ་བ་དང་། སྲིད་ཇུས་བློ་འདྲི་དང་ལས་འཚོལ་ཟུར་ཁྲིད་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག ཏང་གི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་དང་ཁྲིད་སྟོན་བྱ་རྒྱུ་ཟུང་འབྲེལ་ནུས་ལྡན་བྱས་ནས། ཞབས་ཞུའི་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ནས། ད་ཡོད་ཀྱི་སྲིད་ཇུས་དང་སློབ་གསོའི་ལས་དོན་གཉིས་གནད་སྨིན་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཡིག་རྒྱུགས་དང་འབྲེལ་བའི་དྲ་བའི་ཁོར་ཡུག་གཙང་སེལ་བྱེད་དགོས་པ། དུས་མཇུག་ལས་དོན་ཡག་པོ་བསྒྲུབས་ཏེ་ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་ཐོག་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་པོ་དང་གཞུང་དྲང་དང་། དྲང་བདེན། ཡོངས་བསྒྲགས་བཅས་ཀྱི་རྩ་དོན་མཐའ་འཁྱོངས། རྒྱུགས་ལེན་དང་། ངོ་རྒྱུགས། བསྡུ་ལེན་སོགས་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས། བསྡུ་ལེན་ལས་དོན་གྱི་སྒྲིག་ལམ་ཡག་པོ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།