དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་འཚོགས་པ།

ཝུའུ་དབྱིང་ཅེ་དང་ཏིང་ཡེ་ཤན་ཕེབས་པ་དང་། ཆེ་དགྲ་ལྷས་གསུང་བཤད་གནང་བ། ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ།

སྤེལ་དུས 2020-06-30 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          ཟླ་6ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་འཚོགས་ནས། 2018ལོ་དང་2019ལོ་འཁོར་གྱི་ཧོ་ལེང་ཧོ་ལི་ཐེབས་རྩའི་ཚན་རིག་དང་ལག་རྩལ་གྱི་བྱ་དགའ་ཐོབ་མཁན་དང་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་བྱས་པ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།

          ཟླ་6ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་འཚོགས་པ་རེད། འདི་ནི་ཝུའུ་དབྱིང་ཅེས་ཡོན་ཧྲི་རྡོ་རྗེར་ལག་ཁྱེར་གནང་བཞིན་པ།
          ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་འཚོགས་ནས། 2018ལོ་དང་2019ལོ་འཁོར་གྱི་ཧོ་ལེང་ཧོ་ལི་ཐེབས་རྩའི་ཚན་རིག་དང་ལག་རྩལ་གྱི་བྱ་དགའ་ཐོབ་མཁན་དང་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་བྱས་པ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ཚོགས་འདུར་ཕེབས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གསུང་བཤད་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུ་མ་འཚོག་གོང་། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་གཟེངས་བསྟོད་ཐོབ་པའི་ཚན་རྩལ་ལས་དོན་པར་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་ལྷན་ཞུགས་དྲན་རྟེན་པར་བསྐྱོན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་བྱ་དགའ་ཐོབ་མཁན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་དུས་ཡུན་རིང་པོའི་ནང་བོད་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ལས་རིགས་ཁག་གི་མི་སྣར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
          ཚོགས་འདུའི་ཐོག་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་བྱས་པ་རེད། ཝུའུ་དབྱིང་ཅེས་2019ལོ་འཁོར་གྱི་ཧོ་ལེང་ཧོ་ལི་ཐེབས་རྩའི་ཚན་རིག་དང་ལག་རྩལ་གྱི་བྱ་དགའ་ཐོབ་མཁན་ཡོན་ཧྲི་རྡོ་རྗེ་དང་། 2018ལོ་འཁོར་གྱི་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཕུལ་བྱུང་ལེགས་སྐྱེས་ཀྱི་བྱ་དགའ་ཐོབ་མཁན་ཞིབ་འཇུག་པ་ལིའུ་ཝུའུ་ལིན། 2018ལོ་འཁོར་གྱི་ཧོ་ལེང་ཧོ་ལི་ཐེབས་རྩའི་ཚན་རིག་དང་ལག་རྩལ་གྱི་བྱ་དགའ་དང་2019ལོ་འཁོར་གྱི་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཕུལ་བྱུང་ལེགས་སྐྱེས་ཀྱི་བྱ་དགའ་ཐོབ་མཁན་ཞིབ་འཇུག་པ་ཝང་པའོ་ཧའེ་བཅས་ལ་བྱ་དགའ་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་ལྷན་དུ་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་མཁན་འཐུས་མིར་བྱ་དགའ་གནང་བ་རེད།
          ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཐོག་བཞག་ནས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་དགོས་ལུགས་བཏོན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས་ཚན་རྩལ་གསར་གཏོད་ལས་དོན་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་པ། རྒྱ་ཆེའི་ཚན་རྩལ་ལས་དོན་པར་ཆེད་མངགས་སྐུལ་ལྕག་གནང་བ་བཅས་ཀྱི་ཐོག་ནས་ང་ཚོས་ཚན་རྩལ་ལས་དོན་ཡག་པོ་སྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་།རྩ་བའི་གཞི་འཛིན་ས་མཁོ་འདོན། ཤུགས་ཆེའི་སྒུལ་ཤུགས་སྣོན་པ་བཅས་གནང་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐའ་སྐྱོང་བོད་བརྟན་དང་ཚན་རྩལ་གསར་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། གསར་གཏོད་རྣམ་པའི་བོད་ལྗོངས་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད། ཚན་རྩལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་སྣེ་ཁྲིད་བྱེད་ནུས་ཉིན་རེ་བཞིན་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས། རང་ལྗོངས་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་བསྟན་པ་རེད།
          ཚོགས་འདུའི་ཐོག གཅིག་ནས་ཚན་རྩལ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། སླད་ཕྱིན་དུས་སྐབས་ཤིག་རིང་གི་ཚན་རྩལ་གསར་གཏོད་ཀྱི་ལས་དོན་གལ་ཆེན་གྱི་མདུན་དུ། ཚན་རྩལ་ཁྱབ་ཁོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཡག་པོ་འདིང་དགོས་པ་དང་། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་དང་། ཚན་རྩལ་གསར་གཏོད་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་བྱེད་པོའི་རང་བརྟེན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། ནས་དང་འབྲི་གཡག་གི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་མཐོའི་སྣོད་བཅུད་བདེ་འཇགས་ཀྱི་མཉམ་འབྲེལ་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་ཧུར་ཐག་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ཚན་ཞིབ་གཅིག་གྱུར་གྱི་ལས་སྟེགས་གཏོད་དགོས།
          གཉིས་ནས་གསར་གཏོད་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཚན་རྩལ་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་དང་ཤེས་ལྡན་མི་སྣར་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས། རང་ལྗོངས་ཀྱི་མཐོ་རིམ་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ་དང་། རྣམ་གྲངས་འབྲེལ་ཐག་དང་ལས་སྟེགས་གཞི་རྟེན་དུ་བྱེད་པ་དང་། རྩེར་སོན་ཚན་རྩལ་མི་སྣ་ནང་འདྲེན་བྱེད་རྒྱུ་འཚོལ་ཞིབ་བྱས་ནས་ནང་སའི་ཚན་རྩལ་ཤེས་ལྡན་མི་སྣ་དང་སྤེལ་རེས་མཉམ་ལས་བྱེད་པའི་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་དགོས། ཚན་རྩལ་མི་སྣས་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་རྣམ་གྲངས་དོན་འཁྱོལ་བྱས་ནས་ལག་རྩལ་གྱི་ཞབས་ཞུ་དང་གསོ་སྦྱོང་བྱེད་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་པ་དང་། ཚན་རྩལ་ཆེད་མངགས་པའི་འཇོན་ཐང་གང་ལེགས་འདོན་པ། ཚན་རྩལ་ཡོངས་ཁྱབ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་དགོས།
          གསུམ་ནས་སྣ་མང་ཅན་གྱི་ཚན་རྩལ་མ་འཇོག་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱེད་དགོས། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་དང་རང་སྐྱོང་ལྗོངས་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་སོགས་ཀྱི་འདེགས་ཤིང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། སྲིད་གཞུང་གི་མ་འཇོག་ཁྲིད་སྟོན་དུ་བྱེད་པ་དང་། ཁེ་ལས་དང་ཚན་ཞིབ་སློབ་གླིང་དང་སློབ་གྲྭའི་མ་འཇོག་བྱེད་པོར་བྱེད་པ། ཁྲོམ་རའི་མ་དངུལ་བསྡུ་སྒྲིལ་དང་ཉེན་ཁུར་མ་འཇོག་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་སྣ་མང་ཅན་གྱི་ཚན་རྩལ་མ་འཇོག་མ་ལག་རིམ་བཞིན་སྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
          བཞི་ནས་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་དགོས། ནས་ཐོན་འཕར་དང་། འབྲི་གཡག་རྒྱགས་གསོ། ལྗོངས་ཡོངས་ཀྱི“ཐོན་ལས་ཆེན་པོ་བདུན”འཛུགས་སྐྲུན་བཅས་ལ་དམིགས་ནས། ས་མཐོའི་སྐྱེ་དངོས་དང་། ཡུལ་སྐོར་རིག་གནས། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། མཐོ་གསར་གྲངས་འཛིན། ཉེན་སེལ་གེགས་སེལ་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། འདེགས་སྐྱོར་མངོན་གསལ་དོད་པའི་གསར་གཏོད་ཀྱི་གྲུབ་འབྲས་ཁག་གཅིག་སྔ་ཙམ་ཆགས་པར་བྱེད་པ། སྔར་ལས་ལྷག་པའི་ངང་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ་བཅས་བྱས་ཏེ་དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས།
          ལྔ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ལ་དམིགས་ནས་ཚན་རྩལ་འགན་ལེན་དང་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་བོད་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། རང་ལྗོངས་ཀྱི་ཚན་རིག་རྟོག་ཞིབ་ཞབས་ཞུའི་འགན་ལེན་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་མཚོ་བོད་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བར་རམ་འདེགས་བྱེད་དགོས། འབྲེལ་ཡོད་ཚན་ཞིབ་སྡེ་ཚན་དང་འབྲེལ་གཏུག་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་ལྗོངས་ཀྱི་ཚན་ཞིབ་མི་སྣ་དང་ཚན་ཞིབ་སྟོབས་ཤུགས་འབྲེལ་ཡོད་ཚན་རིག་རྟོག་ཞིབ་དང་ཚན་རིག་འགག་སྒྲོལ་ནང་གཏིང་ཟབ་ཞུགས་རྒྱུ་སྒྲིག་འཛུགས་བྱེད་པ། གསར་གཏོད་དཔུང་ཁག་དང་རིག་ཚན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་བོད་ལྗོངས་འཕེལ་རྒྱས་འཛུགས་སྐྲུན་ལ་དེ་བས་ཞབས་འདེགས་ཡག་པོ་ཞུ་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།
          ལིའུ་ཝུའུ་ལིན་དང་ཝང་པའོ་ཧའེ་ཡིས་ཚོགས་འདུའི་ཐོག་སྤེལ་རེས་གཏམ་བཤད་གནང་བ་རེད།