དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་མདུན་སྐྱོད་བྱེད་པ།

—— བོད་ཀྱི་ས་གནས་ཁག་གིས་དགའ་སྤྲོའི་ངང“བདུན་གཅིག”བསུས་པ།

སྤེལ་དུས 2020-07-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
 
འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཚོགས་རྒྱལ་གྲོང་ཚོའི་ཏང་ཡོན་ཡོངས་ཀྱིས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱེད་བཞིན་པ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “བདུན་གཅིག”འཆར་ཉེའི་མཚམས་སུ་བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་99འཁོར་བར་རྟེན་འབྲེལ་ཞུས་པ་རེད།
          ཟླ་6ཚེས་28ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་ལས་ཁུངས་ཏང་ཨུད་དང་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གིས་གཞུང་དོན་ཐིང་གི་གཞོན་ནུ་ཏང་ཡོན་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སྲིད་གཞུང་གཞུང་དོན་ཐིང་གིས“བདུན་གཅིག”ལ་རྟེན་འབྲེལ་ཞུ་བ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་སླར་ཡང་མདུན་སྐྱོད་བྱེད། ང་ཚོ་མཉམ་དུ་ལྗང་མདོག་ཁྱིམ་གཞིས་སྐྲུན”ཞེས་པའི་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ་རེད།
          ཟླ་6ཚེས་29ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ལས་ཁུངས་ཀྱི་ཏང་ཡོན་ཚང་མ་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་ལྷ་ཀླུ་འདམ་རར“གད་སྙིགས་གཙང་སེལ་དང་། ཁོར་ཡུག་མཛེས་བཟོ། འདམ་ར་སྲུང་སྐྱོང”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་99འཁོར་བར་བསུ་བ་ཞུས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་རེད།
          ཟླ་6ཚེས་30ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ་99འཁོར་བར་དྲན་གསོ་ཞུ་བ་དང“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱས་ཏེ་ལྗོངས་ལུས་རྩལ་ཅུས་ཁོངས་གཏོགས་སུ་ཐོན་པའི་ཕུལ་བྱུང་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་ཕྱོགས་སྡོམ་གཟེངས་བསྟོད་བྱས་པ་རེད།
          ཉིན་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་དང་། སྣང་རྫོང་དུང་དཀར་གྲོང་རྡལ་བཀྲ་ཤིས་ཐང་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གིས་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་སྤེལ་བ་དང་། སྣང་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རྒྱལ་དར་སྒྲེང་བ་དང་། ཏང་ཞུགས་དམ་བཅའ་བསྐྱར་འཇོག རིག་རྩལ་འཁྲབ་སྟོན་བཅས་ཀྱི་རྣམ་པའི་ཐོག་ནས་ཏང་གི་རླབས་ཆེན་བྱས་རྗེས་ལ་དྲན་གསོ་བྱས་པ། ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་རྒན་ཡོལ་ཞུས་པའི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ། “དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་གསར་པར་ལྟ”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཏང་ཡོན་དང་ཏང་ཞུགས་ཧུར་བརྩོན་ཅན་སྒྲིག་འཛུགས་བྱས་ནས་མཉམ་དུ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་ལ་ཕྱོགས་ཏེ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་རེད།
          “བདུན་གཅིག”དགའ་སྤྲོའི་ངང་བསུ་ཆེད། ཟླ་6ཚེས་30ཉིན་ལྷ་ཉིང་ལྕགས་ལམ་ཨར་སྐྲུན་བྱ་ཡུལ་དུ་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཀུང་སི་གསུམ་པའི་ལྷ་ཉིང་རྣམ་གྲངས་པུའི་ཏང་ཡོན་15ཡིས“ལམ་གཉིས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་ཐོག་མའི་འགན་འཁྲི་ལག་བསྟར་བྱེད་པའི”ས་གནས་ས་ཐོག་ཏུ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཏང་གི་སློབ་ཚན་ཞིག་མཉམ་དུ་འཚོགས་པ་རེད། ཏང་གི་སློབ་ཚན་འགོ་ཚུགས་པའི་དུས་སུ་ཏང་ཡོན་ཚང་མས་ཏང་དར་ལ་ཕྱོགས་ནས་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་རེད།
          རྣམ་གྲངས་པུའི་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅུན་གྱིས་ཏང་གི་སློབ་ཚན་ཐོག་ཏང་དབུ་བརྙེས་ནས་ལོ་ངོ་99འཁོར་བའི་འཁྲུངས་སྐར་སླེབས་ཉེའི་སྐབས་སུ་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་འགག་སྒྲོལ་དུས་མཚམས་སུ་སླེབས་ཡོད། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་དང་ཏང་གི་རླབས་ཆེན་བྱས་རྗེས་ལ་བསྟོད་གླུ་ལེན་པ་དང་ཆབས་ཅིག་ལྷ་ཉིང་ལྕགས་ལམ་གྱི་འཐབ་ས་དང་པོའི་ལས་བཟོས་ཏང་ཡོན་གྱི་གདོང་ལེན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་འཛུགས་སྐྲུན་དང་ཨར་སྐྲུན་ཐོན་སྐྱེད་གཉིས་ཀར་སྐུལ་མ་ཐེབས་པ་བྱེད་དགོས་ཞེས་བཤད་པ་རེད།