དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་རིམས་འགོག་འཐབ་ས་དང་པོའི་ལས་དོན་པར་འཚམས་འདྲི་གནང་།

སྤེལ་དུས 2020-07-02 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཟླ་6ཚེས་30ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་བོད་ལྗོངས་ཀྱི་རིམས་འགོག་གི་འཐབ་ས་དང་པོའི་ལས་དོན་མི་སྣའི་འཐུས་མིར་ཆེད་མངགས་འཚམས་འདྲི་གནང་ནས། ཁོང་ཚོར་ཏང་ཡོན་གྱིས་ཕུལ་བའི་འཚམས་འདྲིའི་དངུལ་སྤྲད་གནང་ཞིང་། ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འཐབ་རྩོད་བྱེད་མཁན་སྨན་དོན་མི་སྣ་དང་། གཞི་རིམ་ལས་བྱེད་པ། སྤྱི་བདེའི་མི་དམངས་ཉེན་རྟོག་པ། སྡེ་ཁུལ་ལས་དོན་པ་སོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་བྱམས་བརྩེའི་འཚམས་འདྲི་གནང་བ་མ་ཟད།  ལྗོངས་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཡང་ཞུས་གནང་བ་རེད།

          ཝུའུ་དབྱིང་ཅེ་དང་ཐོག་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་ཕེབས་ནས། སྨན་ཁང་གི་ཏོག་གསར་གློ་ཚད་སྨན་བཅོས་སྐྱོབ་བཅོས་ཚོགས་ཆུང་གི་འཐུས་མི་དང་བོད་ལྗོངས་ཀྱིས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་རིམས་ནད་རིག་པའི་བརྟག་དཔྱད་རུ་ཁག་གི་ཁོངས་མི་དང་། བོད་ལྗོངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཆེད་ལས་ལག་རྩལ་མི་སྣའི་འཐུས་མིར་གཟིགས་པ་མ་ཟད། ཁོང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་བརྒྱུད་བསྒྲགས་ཀྱང་གནང་བ་རེད། 
          ཝུའུ་དབྱིང་ཅེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་བསགས་པའི་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་གང་ལེགས་བྱས་ཏེ། ཞན་ཆ་གསབ་པ་དང་། སྐྱོན་ཆ་སེལ་བ། ཞན་ཆ་ལེགས་གཏོང་བཅས་ལ་དམ་འཛིན་ཡག་པོ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་མ་ལག་འཛུགས་སྐྱོང་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་མ་ལག་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་ཆེད་དེ་བས་ནུས་ལྡན་གྱི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

          བོད་ལྗོངས་ཀྱི་སྨན་དོན་མི་སྣའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་དང་། སླད་ཕྱིན་གྱི་ལས་དོན་ནང་སྔ་ཕྱི་བར་གསུམ་དུ་དཀའ་ངལ་ལ་མ་འཛེམ་པར་མདུན་སྐྱོད་དང་ལས་འགན་དང་དུ་བླངས་ཏེ། ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་གི་མིན་ཞེས་བཤད་པ་རེད།
          ལྷ་ས་གྲོང་ཁྱེར་གྱི་བོད་སྐྱོད་མི་སྣའི་ཐེངས་གཉིས་པའི་ཁ་འགྲེམ་ས་ཚིགས་ཀྱིས་གཙོ་བོ་གནམ་ཐང་དང་མེ་འཁོར་བབས་ཚུགས་སོགས་ནས་བཏང་བའི་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་ཡུལ་སྐོར་བྱེད་མྱོང་བའི་མི་སྣ་རྩིས་ལེན་དང་། གནད་སྨིན་དབྱེ་འབྱེད་དང་ཁུལ་དབྱེ་ནས་སྔོན་འགོག་དང་ཚོད་འཛིན་བྱས་རྗེས་ཁག་འགྲེམ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོ་དང་མི་སྣ་ཡོངས་ལ་དོ་དམ་ཚོད་འཛིན་ནུས་ལྡན་བྱ་རྒྱུར་འགན་ལེན་བྱེད་ཀྱི་ཡོད། 

          ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། མིག་སྔར་བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བས་ལེགས་སུ་ཕྱིན་པ་དང་། དཔལ་འབྱོར་གང་མགྱོགས་འཕེལ་བ།  སྤྱི་ཚོགས་སྤྱི་ཡོངས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བཅས་བྱུང་ཡོད། མིག་སྔར་བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་ཞིག་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ང་ཚོས་ངེས་པར་དུ་དོགས་ཟོན་ཆེ་རུ་གཏོང་བ་དང་འགོག་སྲུང་གཙོ་བོར་འཇོག་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་ཡག་པོ་དང་། ལམ་སྲོལ་ཡག་པོ། བྱེད་སྟངས་ཡག་པོ་བཅས་ཕྱོགས་སྡོམ་དང་བརྟན་དུ་བཏང་སྟེ། བྱེད་སྟངས་གནད་ལ་འཁེལ་བ་དང་གྲུབ་འབྲས་ཆེན་པོ་ཐོབ་པར་འགན་ལེན་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཐའ་མའི་རྒྱལ་ཁ་ལེན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་འགན་ལེན་དང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས།