དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

—— རང་རེའི་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་སྐྱོད་པའི་སྐོར་གྱི་གླེང་ཐེངས་དང་པོ།

སྤེལ་དུས 2020-07-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
          ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་དང་། རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་སྒམ་བརླིང་ལྡན་པའི་དམ་བཅའ། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ཡི་ཐུན་མོང་གི་རེ་སྒུག་བཅས་རེད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་དམིགས་ཏེ། རྣམ་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ནང་དོན་དེ་བས་ཕུན་སུམ་ཚོགས་སུ་བཏང་ཐོག་ང་ཚོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་ཆེད་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་འཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམིགས་ནས་འགག་སྒྲོལ་ཆེན་པོ་གསུམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། “བརྟན་པོ་དྲུག”གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྤེལ་བ། “འགན་ལེན་དྲུག”གི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་པར་བརྟེན་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་ལྷག་མེད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་སྟོན་རྟགས་གཙོ་བོའི་མྱུར་ཚད་སྔོན་དཔག་དང་མཐུན་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད།
          ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ནས་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པར་བྱེད་པའི་བར་ད་དུང་མཐའ་མའི་དཀའ་ཚེགས་ཆེ་ཤོས་ཀྱི་ལམ་བུ་དེ་བརྒྱུད་དགོས་ལ་ད་དུང་མཁྲེགས་ཤོས་དེར་གཏུག་དགོས་ཀྱི་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱིས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཐོག་སྔར་བས་གཅིག་གྱུར་ཡོང་བ་བྱས་ཏེ“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་རྩ་བའི་བྱེད་ཐབས་སུ་བརྩིས་ཏེ་རྒྱལ་ངེས་ཀྱི་ཡིད་ཆེས་བརྟན་པོ་དང་། འགན་འཁྲིའི་གསལ་ཐོ་བཟོ་བ།
          ཚན་རིག་དང་མཐུན་པའི་བཀོད་སྒྲིག སྤྱོད་ཚུལ་དང་སྒྲིག་ལམ་ནན་པོ། སེམས་ཐག་གཙང་བཅད་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དགོས།
          འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་ཐོབ་མིན་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་སྤུས་ཚད་དང་འབྲེལ་བ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ངེས་པར་དུ་གནད་སྨིན་དབུལ་སྒྲོལ་དང་། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་བརྒྱབ་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པར་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་བཏང་ཐོག་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་སྲིང་ངང་སྲ་བརྟན་དང་རིམ་སྤོར་བྱས་ཏེ་གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་འདེགས་སྐྱོར། སྲིད་ཇུས་སྐུལ་གཏོང་། ལས་ཞུགས་སྔོན་སྒྲུབ། བོད་སྐྱོར་རོགས་སྐྱོར། སྤྱི་ཚོགས་ཐ་སྐྱོང་སོགས་ཀྱི་ལས་དོན་ཁག་མུ་མཐུད་དམ་འཛིན་བྱེད་པ་དང་གྲོང་གསེབ་དར་རྒྱས་དང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བཅས་བྱ་རྒྱུ་འབྲེལ་མཐུད་ཡག་པོ་བྱས་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་ཚད་ཡག་པ་དང་རྒྱུན་མཐུད་ཐུབ་པའི་འགན་ལེན་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ཐོབ་པར་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་བ། སྣོད་བཅུད་ལས་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་ས་སྟོང་ཡོད་རིགས་ལ་ལྗོན་ཤིང་འཛུགས་པ། རྩྭ་འདེབས་ལ་འཚམ་པར་རྩ་འདེབས་པ་དང་ནགས་བཟོར་འཚམ་པར་ནགས་བཟོ་བཅས་བྱས་ཏེ་ཆ་རྐྱེན་ཡོད་པའི་ས་ཆ་ཡོངས་སུ་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་བྱས་ཏེ་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་རྐང་རེ་རེ་བཞིན་དང་རི་ཆུ་ཡོད་དོ་ཅོག་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དངུལ་རྩའི་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་བསལ་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚུལ་མིན་དངུལ་བུན་གཏོང་ཚད་ཀྱི་ཚད་གཞི་དམའ་ཤོས་སུ་ཚོད་འཛིན་བྱེད་པ་དང་འདེགས་སྐྱོར་གྱི་ཚད་གཞི་ལུགས་མཐུན་གྱི་ཆུ་ཚད་དུ་བརྟན་པོ་ཡོང་བར་བྱས་ཐོག་ས་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་དགོས།
          དངོས་འཛིན་བྱས་ཚེ་གཞི་ནས་འགག་སྒྲོལ་དཀའ་སེལ་ཐུབ་པ་དང་དངོས་སྒྲུབ་བྱས་ཚེ་གཞི་ནས་ཕུགས་འདུན་མངོན་འགྱུར་ཐུབ། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དམིགས་ཚད་ཀྱི་སྟོན་ཕྱོགས་གཅིག་གྱུར་ཡོང་བ་མཐའ་འཁྱོངས་ཀྱིས“གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2010ལོ་ལས་ལྡབ་གཅིག་ཡན་འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བ”དང་། “སློབ་གསོ་དང་། རིག་གནས། སྨན་བཅོས། སྤྱི་ཚོགས་འགན་བཅོལ་སོགས་སྤྱི་པའི་ཞབས་ཞུའི་མ་ལག་དེ་བས་འཐུས་སྒོ་ཚང་བ་དང་སྟོན་རྟགས་གཙོ་བོ་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་དང་ཉེ་བའམ་ཡང་ན་སླེབས་པ” “སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལྡབ་གཅིག་འཕར་བ་དང་གྲོང་མིའི་འཛད་སྤྱོད་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ”སོགས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་དང་ཕྱོགས་ཡོངས་ནས་བསྡུར་བ་བཏང་སྟེ་རང་འགུལ་ངང་ལྟར་སྒྲིག་དང་། རང་འགུལ་ངང་ངོས་འཛིན། གནད་དོན་ལ་ཐད་ཀར་གཏད་ཕོད་པ། འགན་འཁྲི་ཁུར་ཕོད་པ། གནད་དོན་ལ་དམིགས་པ་དང་གནད་དོན་ལ་གཞིགས་ནས་ཡོ་བསྲང་བྱེད་པ། ལས་ཀའི་ལམ་རིས་དང་། དུས་ཚོད་རེའུ་མིག ལས་འགན་ཡི་གེ་བཅས་ལག་ལེན་ནན་པོ་བསྟར་བ། བཀོད་སྒྲིག་བྱས་ཟིན་པ་ལྟར་ལས་ཀའི་ནང་དོན་དེ་བས་ཡག་པའི་ཇུས་འགོད་དང་། ལས་ཀའི་གོ་རིམ་བཀོད་སྒྲིག དུས་ཚོད་ཀྱི་མཚམས་ཚིགས་གཏན་འཁེལ། ལས་ཀའི་དུས་ཚད་སྟངས་འཛིན་བཅས་བྱས་ནས་འགག་སྒྲོལ་ལས་དོན་ཁག་གོ་རིམ་ལྡན་ལ་སྤུས་ཚད་མཐོ་ལ་ནུས་པ་ཆེ་བའི་འགན་ལེན་བྱེད་དགོས།
          ཏང་ནི་ཐམས་ཅད་ལ་འགོ་ཁྲིད་བྱེད་མཁན་ཡིན། ལག་ལེན་ཁྲོད་ནས་ར་སྤྲོད་བྱུང་བར་ལས་འགན་ཇི་ཙམ་གལ་འགངས་ཆེ་ཚེ་དེ་ཙམ་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ཏང་གིས་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་རྒྱུ་མཐའ་འཁྱོངས་དང་རང་སྐྱོང་ལྗོངས་ཀྱིས་སྤྱི་འགན་འཁུར་བ་དང་། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པ། ཤང་དང་གྲོང་ཚོས་ལག་བསྟར་བྱེད་པ། རིམ་ལྔའི་ཧྲུའུ་ཅིས་མཉམ་དུ་དམ་འཛིན་བྱེད་པ། ཏང་སྲིད་འགན་འཁྲི་མཉམ་ཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཡོད་པ། འགན་འཁྲི་དོན་འཁྱོལ་བྱེད་པར་བརྟེན་ནས་ལས་དོན་དོན་འཁྱོལ་ལ་ལྡོག་སྐུལ་བཅས་བྱེད་དགོས་པ་དང་། རིམ་ཁག་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་ཀ་རྟེན་ལྟ་བུའི་ནུས་པ་ཡག་པོ་འདོན་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ཡག་པོ་བྱེད་པ། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་གཙོ་ཤུགས་དམག་ཡག་པོ་བྱེད་པ། གྲོང་སྡོད་ལས་དོན་རུ་ཁག་གིས་རམ་འདེགས་ཀྱི་ནུས་པ་ཡག་པོ་འདོན་པ། ཏང་ཡོན་དང་ལས་བྱེད་པས་གཙོ་རྐང་ཡག་པོ་བྱེད་པ་བཅས་བྱས་ཏེ་ལས་འགན་གྱི་གསལ་ཐོ་ལྟར་རྩིས་ཁྲ་རྣམ་པའི་དོ་དམ་བྱས་ཏེ་རེ་རེ་བཞིན་སྐུལ་འདེད་དང་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བྱས་ནས་ལས་དོན་གནད་ལ་འཁེལ་བ་དང་། སྟོབས་ཤུགས་གནད་ལ་བསྒྲིལ་བ། འགན་འཁྲི་གནད་ལ་འཁྱོལ་བ་བཅས་འགན་ལེན་བྱས་ཐོག་ཆུ་ཚད་དང་སྤུས་ཚད་མཐོ་བའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་གི་ལོ་རྒྱུས་ལས་འགན་ལྕི་པོ་ཧུར་ཐག་སྒྲུབ་པའི་འགན་འཁྲི་ཏན་ཏིག་ཁུར་དགོས།
          འདི་ལོའི་ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཐུབ་པ་བྱ་རྒྱུ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་ལྗོངས་ཡོངས་ཀྱི་མི་དམངས་ལ་བཞག་པའི་དམག་བཀའ་དང་ལེན་ཞུ་ཡིག་རེད། དམག་བཀའ་ནི་བཙན་ཞིང་ནན་པ་ཞིག་ཡོད་པས་ངེས་པར་དུ་ཆད་ལུས་མེད་པར་ལེགས་སྒྲུབ་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བླ་ན་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་སེམས་དང་ཚད་མཐོའི་ཆབ་སྲིད་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཕྱར་བ་གྲུ་འདེགས་དང་། འབད་འབུངས་སྟོབས་བརྩོན། དངོས་འཛིན་དངོས་སྒྲུབ། ནུས་ཤུགས་དང་མྱུར་ཚད་ཡོད་ཚད་འདོན་པ་བཅས་བྱས་ནས“ལོ་བརྒྱ་དང་པོའི”འབད་འཐབ་དམིགས་ཚད་ཀྱི་བོད་ཀྱི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རླབས་ཆེའི་རྒྱལ་ཁ་ལེན་དགོས།