དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གཞི་རིམ་དམ་དུ་འཛིན་པའི་ཕྱོགས་སྟོན་བརྟན་པོར་བཙུགས་ཏེ། ཏང་གི་བོད་ལྗོངས་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བ།

སྤེལ་དུས 2020-07-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2020ལོའི་7པའི་ཚེས་1ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་99ལོན་པའི་ཉིན་མོ་སྟེ། ད་ལྟའི་བར་དུ་བོད་ལྗོངས་ཀྱི་ཏང་ཡོན་ཁ་གྲངས་ཁྲི་40ལྷག་ལ་བུད་ཡོད་པ་དང་། ཏང་ཡོན་བསྡུར་ཚད་མུ་མཐུད་དུ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་རྒྱུན་འཁྱོངས་བྱས་ཡོད། དུས་ཐོག་མཐའ་བར་གསུམ་ཀུན་ཏུ། བོད་ལྗོངས་ཀྱིས་དུས་རབས་གསར་པའི་ཏང་གི་འཛུགས་བསྐྲུན་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བློ་དཀར་གཞུང་དྲང་གིས་བསྒྲུབས་ཤིང་། ཏང་གིས་ཏང་སྐྱོང་བ་དང་། ཕྱོགས་ཡོངས་ནས་ཏང་འཛུགས་གཟབ་ནན་བྱ་བ་དང་། དུས་གཏན་དུ་གཞི་རྩ་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། རྩ་འཛུགས་ཀྱི་ནུས་པ་གོང་མཐོར་གཏོང་བ་གཙོ་གནད་དུ་འཛིན་པ་དང་། ཆབ་སྲིད་ཀྱི་ནུས་པ་ཇེ་དམ། ཤུགས་ཆེན་པོས་ཏང་གི་ངག་ལ་ཉན་པ་དང་ཏང་དང་མཉམ་དུ་བསྐྱོད་པ། མཐུན་སྒྲིལ་བྱེད་ཐུབ་པ། གོང་འཕེལ་གཏོང་ མཁས་པ། ཕྱུག་པོར་ཆགས་ཐུབ་པ། བརྟན་བསླིང་སྲུང་ཐུབ་པ། དོན་གང་ལ་འཕྲད་ཀྱང་མགོ་བོ་མི་རྨོངས་པ་དང་། གནད་འགག་གི་དུས་ ལ་ནུས་པ་མངོན་ནས་འཐབ་འཁྲུག་གི་འཛིང་རགས་འཛུགས་བསྐྲུན་བྱས་ཏེ། ཏང་གིས་བོད་ལྗོངས་ སྐྱོང་བའི་རྨང་གཞི་མུ་མཐུད་དུ་ཇེ་བརྟན་བཏང་། 
ཏང་གི་དར་ཆ་རིམས་ནད་འགོག་སྲུང་གི་འཐབ་ས་དང་པོར་གཡོ་བཞིན་པ། 
       གློ་བུར་བའི་ཏོག་དབྱིབས་གློ་ཚད་རིམས་ནད་ཀྱི་མདུན་དུ། བོད་ལྗོངས་ཀྱིས་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་རིམས་ནད་འགོག་སྲུང་གི་ཁྲོད་དུ་ཧུར་ཐག་ཞུགས། རིམས་ནད་འགོག་སྲུང་གི་འཐབ་ས་དང་པོར་ལས་དོན་ཕུལ་བྱུང་སྒྲུབ་པའི་ལས་བྱེད་བཟོ་བར་དམིགས་བསལ་ལས་གནས་མཐོ་འཐེན་དང་། ལས་འཕར། ཏང་ནང་ཞུགས་པ་བཅས་བྱས་ཏེ། ལས་གནས་མཐོ་འཐེན་མི་61བྱས་ཤིང་། ཏང་ནང་ཞུགས་པའི་རེ་ཞུ་ཡི་གེ་མི་665ཡིས་སྤྲད་པ་དང་། གོང་འཕེལ་ཏང་ཡོན་མི་10བཅས་བྱས། གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཁྱབ་སྒྲོག་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་བྱེད་པའི་ནུས་པ་ལེགས་པར་འདོན་པའི་ཆེད་དུ། ཏང་ཡོན་གྱིས་གཞིས་དང་ཁྱིམ། མི་བཅས་འགན་ལེན་བྱེད་པའི་ལམ་ལུགས་རྩ་འཛུགས་བྱས་ཏེ། ཡོངས་ལ་མ་ཁྱབ་པ་མེད་པའི་རིམས་ནད་འགོག་སྲུང་གི་སྲུང་རགས་བརྟན་པོ་འཛུགས་པ་མངོན་འགྱུར་བྱས། ཏང་རིན་སྒོར་ཁྲི་750བསྡུ་རུབ་བྱས་ཏེ་རིམས་ནད་འགོག་སྲུང་ལ་ཕུལ་བ་དང་། ལྗོངས་ཡོངས་ཀྱི་ཏང་ཡོན་ཁྲི་40ལྷག་རྩ་འཛུགས་བྱས་ཏེ་སྒོར་དུང་ཕྱུར་1.15ཞལ་འདེབས་ལ་ཕུལ། 
       མི་འཇོན་པོ་དག་དབུལ་སྒྲོལ་འཐབ་རར་གཅིག་བསྡུས་བྱ་བ། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱིས་འབྲེལ་གཏུགས་ཞུ་ཡུལ་བཙུགས་ཏེ། རྫོང་སོ་སོར་ཞིང་ཆེན་རིམ་པའི་ལས་བྱེད་པ་གཅིག་གིས་ལྟ་རྟོག་བྱེད་ཀྱིན་ཡོད། དབུལ་ཐར་འགག་སྒྲོལ་ནི་མགོ་ཁྲིད་འཁོར་བཅས་དང་འགོ་ཁྲིད་ལས་བྱེད་པར་ལྟ་རྟོག་ཚོད་བགམ་བྱེད་པའི་ནང་དོན་གལ་ཆེན་ཞིག་དང་། ལས་བྱེད་པ་བསྐོ་འཇོག་བྱེད་པའི་གཞི་འཛིན་ས། ཕུལ་བྱུང་མི་སྣ་འདེམ་པའི་རྒྱུ་རྐྱེན་གཙོ་བོ། ལྟ་རྟོག་དོ་དམ་ལས་བྱེད་པའི་ལས་འགན་གལ་ཆེན་བཅས་སུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། དཀའ་བའི་ལས་བྱེད་མཁན་ལ་ ཞིམ་པའི་ཟས་ཡོད་པ་་དང་། དོན་དག་ཡག་པོ་སྒྲུབ་མཁན་ལ་བདག་རྐྱེན་ཡོད་འོས་པ། དབུལ་སྐྱོར་ལས་བྱེད་པའི་སློབ་གསོ་སྦྱོར་བརྡར་གྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ། 2020ལོར་བླང་བྱ་ལྟར་དུ་གསར་དུ་བསྐོར་བཞག་བྱས་པའི་གྲོང་ཚོའི་ལས་བྱེད་པ་དང་། གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་བྱེད་པ། ཧྲུའུ་ཅི་དང་པོ་བཅས་མི་10734ལ་ཆ་ཡོངས་ནས་གསོ་སྦྱོང་བྱས་པ་དང་། ཤང་གྲོང་རྡལ་གྱི་རྩ་འཛུགས་ཨུ་ཡོན་དང་གྲོང་ཚོ་དར་སྤེལ་ཆེད་ལས་པ་མི་3407ལ་ཡང་གསོ་སྦྱོང་བྱས་པ་རེད།
བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་གྲོང་རྡལ་གྱི་ཏང་ཡོན་རྒན་པ་ཟླ་བ། 
       2019ལོར་ཁྱབ་ཁོངས་སོ་སོར་ཁ་ཐོར་ནུས་མེད་ཅན་གྱི་ཏང་རྩ་འཛུགས་1053དག་ཐེར་བྱས་ཤིང་། དེའི་ཁྲོད་དུ་རོང་འབྲོག་ཁུལ་དུ་གནས་པའི་ཁ་ཐོར་ནུས་མེད་ཏང་རྩ་འཛུགས་599ཡོད། 2020ལོར་ཡང་བསྐྱར་ཁྱབ་ཁོངས་སོ་སོར་ཁ་ཐོར་ནུས་མེད་ཅན་གྱི་ཏང་རྩ་འཛུགས་939ཞིབ་བཤེར་ཐུབ་པ་རེད། 2020ལོ་ནས་བཟུང་། བློ་ཡིད་ཚིམ་མིན་གྱི་ཚོད་བགམ་བྱ་བའི་དག་ཐེར་ཞིབ་གཅོད་འགོ་བཙུགས་ཏེ། ཏང་ཡོན་གྱི་བློ་ཡིད་ཚིམ་ཚད་95%དང་། གྲོང་ཚོའི་སྡོད་དམངས་ཀྱི་བློ་ཡིད་ཚིམ་ཚད་85%ལས་དམའ་བ་ཡོད་ཚེ་ཚང་མ་བསྐྱར་དུ་དག་ཐེར་བྱས་ཏེ། དག་ཐེར་གྱི་སྤུས་ཚད་ལ་ཁག་ཐེག་བྱས། 
       གང་དུ་མང་ཚོགས་ཡོད་ན་དེ་རུ་ཏང་གི་ལས་དོན་ཡོད་པ་དང་། གང་དུ་ཏང་ཡོན་ཡོད་ན་དེ་རུ་ཏང་གི་རྩ་འཛུགས་ཡོད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་རྩ་འཛུགས་དང་ལས་དོན་གྱི་ཁྱབ་རྒྱ་མུ་མཐུད་དུ་ཆེ་རུ་བསྐྱེད་པ་རེད། མཉམ་འབྲེལ་ཚོ་འཛུགས་དང་། ས་ཁུལ་མཉམ་འཛུགས། འགྲོ་འགུལ་ཚོ་འཛུགས། ལས་མཐུན་མཉམ་འཛུགས། སྡོད་མངགས་རོགས་འཛུགས། སྣེ་ཁྲིད་རོགས་འཛུགས་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཏང་རྩ་འཛུགས་འཛུགས་བསྐྲུན་བྱས་ཏེ། གཞུང་གི་ཁེ་ལས་མིན་པ་དང་། སྤྱི་ཚོགས་རྩ་འཛུགས་ཏང་རྩ་འཛུགས་ཀྱི་ཁྱབ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན། གནས་འཚམ་གནས་སྤོ་སོགས་གནས་གཞི་བྱ་ཡུལ་རིགས་སོ་སོའི་ཏང་རྩ་འཛུགས་ལ་ཤུགས་སྣོན་བྱེད་པ་དང་། ལས་དོན་ཆེད་སྒྲུབ་ཀྱི་འཛིན་གྲྭ་བཙུགས་ཤིང་ཆེད་དོན་ལྟ་སྐུལ་བྱས་ཏེ། གསར་ཚུགས་སྲིད་འཛིན་གྲོང་ཚོ་89དང་། གཟུགས་པར་བྱ་བའི་སྲིད་འཛིན་གྲོང་ཚོ་24ལ་ཏང་རྩ་འཛུགས་འཛུགས་པ། མཐའ་མཚམས་ཏང་འཛུགས་ཀྱི་དམར་པོའི་དོག་ལམ་གྱི་ལས་གཞི་སྒྲུབ་ཏེ། མཐའ་མཚམས་ཉོ་ཚོང་འགག་སྒོ་དང་། མཐའ་མཚམས་ནོར་ལུག་འཚོ་ས། དབྱར་རྩ་དགུན་འབུ་བརྐོ་སར་ ཏང་ཀྲི་པུའུ་ཡི་རས་གུར་དང་མཐའ་མཚམས་ས་ཁང་ཆུང་ཆུང་སོགས་ཏང་རྩ་འཛུགས་149བཙུགས་པ་རེད། 
རིམས་འགོག་འཐབ་ས་དང་པོར་ཏང་ནང་ཞུགས་ཀྱིན་པའི་པད་མ་འཕྲིན་ལས། 
       གྲོང་ཚོའི་སྡོད་དམངས་ཀྱི་རུ་ཁག་གཙོ་བོའི་འཛུགས་བསྐྲུན་གོ་གནས་དམིགས་བསལ་བར་གཏན་ཁེལ་བྱས་ཏེ། གྲོང་ཚོའི་ལས་བྱེད་པ་ 100%ཏང་ཡོན་ལས་ཐོན་པ་བརྟན་འཇགས་བྱས། 2019ལོ་ནས་བཟུང་། མི་454གདམ་གསེས་བྱས་ཏེ་གྲོང་ཚོའི་ཨུ་གཉིས་གྱི་འཁོར་དུ་ཞུགས་ཤིང་། དེའི་ཁྲོད་གྲོང་ཚོའི་ཏང་རྩ་འཛུགས་ཧྲུའུ་ཅི་མི་398ཡོད། མཐོ་སློབ་མཐར་ཕྱིན་སློབ་མའི་གྲས་ནས་མི་5310གྲོང་ཚོ་དར་སྤེལ་གྱི་ཆེད་དོན་མི་སྣར་བསྐོས་པས། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་གནད་དོན་ཐག་བཅད་པར་མ་ཟད། གྲོང་ཚོའི་ལས་བྱེད་པའི་སྒྲིག་གཞི་ལེགས་བཅོས་དང་། ཐུན་མོང་གི་བྱང་ཚད་ཀྱང་གོང་མཐོར་བཏང་བ་རེད། གྲོང་ཚོའི་ཏང་རྩ་འཛུགས་ཧྲུའུ་ཅི་ཁུལ་ཕྱིར་གསོ་སྦྱོང་ལས་གཞི་ལག་བསྟར་བྱས་པས། མིག་རྒྱ་བསྐྱེད་པ་དང་འཇོན་ཐང་འཕེལ་བར་རོགས་རམ་ཐུབ་པར་མ་ཟད། དེ་དག་ཚང་མས་རླབས་ཆེན་མེས་རྒྱལ་གྱི་དར་རྒྱས་གོང་འཕེལ་ཁྲོད་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་ཀྱང་གསོ་སྐྱོང་ཐུབ་པ་རེད་ལ། མིག་སྔར་མི་2000ལ་གསབ་སྦྱོང་བྱས་ཟིན། 
       ཆབ་སྲིད་ཀྱི་འགག་སྒོ་ནན་ཏན་སྲུང་ལ། འཐབ་ས་དང་པོ་དང་གཞི་རིམ་གཉིས་གཙོ་གནད་དུ་བཟུང་སྟེ། ཏང་ཡོན་གོང་འཕེལ་ལས་དོན་ལེགས་པར་བསྒྲུབ་པ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་ཤུགས་སྣོན་སོགས་ཀྱི་གནད་དོན་ཆེན་པོའི་སྟེང་། མིག་རྣོ་པོ་དང་། དཀར་ནག་ཤན་འབྱེད། སོ་མཚམས་དམ་པོ། རྣམ་འགྱུར་བརྟན་པོ་འཛིན་དགོས། རྒྱ་ཆེའི་ཏང་ཡོན་རྣམས་གཡོ་བ་མེད་པའི་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་པོར་བྱེད་པ་དང་། མང་ཚོགས་ཀྱིས་དཔྱོད་ཤེས་ཀྱི་ངང་ནས་ཆོས་ལུགས་ལ་ལྟ་བ་དང་། ཆོས་ལུགས་ཀྱི་འགལ་རྐྱེན་ཆུང་དུ་གཏོང་བར་སྣེ་ཁྲིད་བྱས་ཏེ། མང་ཚོགས་ཀྱིས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡང་དག་པར་རོལ་བའི་ནུས་ཤུགས་བརྡོལ་དུ་འཇུག་དགོས། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་གཟབ་ནན་བྱས་ཏེ། སྒྲིག་འགལ་ལུགས་འགལ་གྱི་ཏང་ཡོན་ལ་ལྟ་བཤེར་ནན་མོ་བྱེད་པ་དང་། ཏང་ཡོན་རུ་ཁག་གི་སྔོན་ཐོན་རང་བཞིན་དང་ དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་དགོས།