དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

▶ ཁྱེད་ཀྱིས་རྒྱལ་ལ་ཕུག་ཅེས་པའི་གྲོང་ཚོ་འདིར་རྒྱུས་མངའ་ཡོད་དམ།

སྤེལ་དུས 2020-07-06 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          པེ་ཅིང་ནས་བར་ཐག་སྤྱི་ལེ་4000ཙམ་ཡོད་པའི་སར་གངས་ལྗོངས་ས་མཐོའི་ཉི་འོད་གྲོང་ཁྱེར་ལྷ་ས་གནས་པ་དང་། ལྷ་ས་ནས་སྤྱི་ལེ་400ཙམ་ཕྱིན་ན་མེས་རྒྱལ་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་གསར་རྒྱལ་ལ་ཕུག་གྲོང་ཚོར་སླེབས། ད་ལོའི་ཟླ་4ཚེས་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་བསྣམས་པ་དང་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་རྒྱལ་ལ་ཕུག་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ལ་བརྩེ་སེམས་ཟབ་མོ་འཆང་བཞིན་རི་ལམ་ཀྱག་ཀྱོག་དང་གངས་གསོག་བརྒྱུད་རི་བོ་ཆེན་པོ་བརྒལ་ནས། གྲོང་མིའི་བདེ་སྡུག་བཀའ་འདྲི་གནང་བར་ཕེབས་པ་དང་འབྲེལ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཞིག་མང་ཚོགས་ཀྱི་འཐུས་མི་མི་འགྱུར་བཀྲ་ཤིས་ཕ་བུ་གཉིས་ལ་གནང་བ་རེད།

          ཝུའུ་དབྱིང་ཅེས་ཐུགས་བརྩེ་ཟབ་མོས་ངེད་ཚོ་ཚང་མ་ནི་རླབས་ཆེན་མེས་རྒྱལ་གྱི་གནས་ཚད་ཅིག་ཡིན་པ་དང་ཚང་མར་རྒྱལ་ཁབ་ཀྱི་ས་ཆ་སྲུང་བའི་འོས་འགན་དང་འགན་འཁྲི་ཡོད་པས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་ཁྱིམ་གཞིས་དང་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱས་ཐོག བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་བར་དྲིན་ལན་འཇལ་དགོས་ཞེས་གསུངས་པ་རེད།
          མི་རབས་ནས་མི་རབས་བར། འདི་གར་ནི་ངེད་ཚོའི་ཁྱིམ་གཞིས་ཡིན།
          རྒྱལ་ལ་ཕུག་གྲོང་ཚོ་གནས་ཡུལ་ལ་རྒྱབ་ཤང་པད་ཡུལ་ས་ཁུལ་ནི་གནའ་སྔ་མོ་ནས་རང་རྒྱལ་གྱི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་རེད།

          ད་ལོ་ལོ་81ལ་སླེབས་པའི་བསོད་ནམས་ཆོས་འཕེལ་ཤ་རིད་ལ་དཀའ་སྡུག་སྣ་ཚོགས་བརྒྱུད་མྱོང་བའི་ངོ་གདོང་གཉེར་མས་ཁེངས། ལོ་25རིང་ཕྱུགས་འཚོས་ཏེ་མཐའ་མཚམས་སྲུང་བའི་ལོ་ཟླའི་ནང་རྒད་པོར་གྲུམ་ནད་ཚབས་ཆེན་ཕོག་པ་དང་རྐང་ལག་གི་མཛུབ་ཚིགས་མང་པོ་སྐྲངས་ཏེ་འཁྱོག་མོད། འོན་ཀྱང་གྲུང་ཤ་དོད་པའི་མིག་ཟུང་ལས་འབྲོག་པའི་ཐུན་མོང་མ་ཡིན་པའི་བབ་བརླིང་གི་ཉམས་འགྱུར་ངང་གིས་མངོན། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བཏང་གོང་བསོད་ནམས་ཆོས་འཕེལ་ལྷ་ལུང་དགོན་གྱི་ཁྲལ་པ་ཞིག་ཡིན་པ་དང་རྒྱལ་ལ་ཕུག་གི་ཉེ་འགྲམ་གྱི་མ་ཅ་ཐང་འབྲོག་རར་ཕྱུགས་འཚོ་བཞིན་ཡོད།
    “ང་ཧ་ཉིད་གོ་བ་ནས་བཟུང་ལོ་60ལྷག་ཙམ་ལ་སླེབས་པའི་རིག་འཛིན་རྡོ་རྗེ་དང་སྐལ་བཟང་ནོར་བུས་རྒྱལ་ལ་ཕུག་ནི་སྔར་ནས་ད་བར་ང་ཚོའི་ས་ཆ་ཡིན་པ་དང་ང་ཚོའི་ཕ་མེས་ཡབ་མེས་ཚང་མས་དེ་གར་ཕྱུགས་འཚོ་ཡི་ཡོད་པ་རྟག་ཏུ་ང་ཚོར་ཤོད་ཀྱི་ཡོད”ཅེས་བསོད་ནམས་ཆོས་འཕེལ་གྱིས་བཤད།

    1995ལོར་ཤང་ཀྲང་གི་འགན་འཁུར་མཁན་ཀུན་བཟང་བསྟན་འཛིན་གྱིས་རང་ཉིད་ཀྱི་གཅེན་པོ་ཚེ་དབང་བསྟན་འཛིན་དང་། གཅུང་པོ་ཕུན་ཚོགས་ནོར་བུ། ཨ་ཞང་བསོད་ནམས་ཆོས་འཕེལ་དང་མི་འགྱུར་བཀྲ་ཤིས་བཅས་སྐུལ་སློང་བྱས་ཏེ། ཕྱུགས་ཟོག་62དེད་པ་དང་། རྒྱ་མ་10ཙམ་གྱི་འབྲས་དང་མང་པོ་དེ་ཙམ་མེད་པའི་རྩམ་པ་དང་ཞོག་ཁོག་རྩྭ་རས་ཕྱེད་ཀ་བཅས་འཁྱེར་ནས། མ་ཅ་ཐང་འབྲོག་རར་ཕྱུགས་འཚོ་བར་སྤོས་ཏེ་མཐའ་མཚམས་སྲུང་བའི་འཚོ་བ་སྐྱེལ་འགོ་བཙུགས།

          “སྐབས་དེ་དུས་དེ་གར་ལོ་ཕྱེད་ཙམ་རི་བོ་ཁ་བས་བཀླུབས་པ་དང་ཕྱི་ཕྱོགས་དང་འབྲེལ་བ་གང་ཡང་མེད་སྟབས་འཆི་གསོན་གང་ཞིག་བྱུང་ཡང་ཤེས་མཁན་མེད”ཅེས་མི་འགྱུར་བཀྲ་ཤིས་ཀྱིས་དེ་ལྟར་ཕྱིར་དྲན་བྱེད་བཞིན་སྐབས་དེ་དུས་དེ་གར་འབྲོག་ཁང་རྙིང་ཧྲུལ་ཆུང་ཆུང་གཉིས་དང་ཡང་ཡང་དོགས་ཟོན་བྱེད་དགོས་པའི་དྲེད་མོང་དང་གཟིག་སོགས་རི་སྐྱེས་སྲོག་ཆགས་ཕུད། མིའི་གྲིབ་གཟུགས་ཙམ་ཡང་ཧ་ལམ་མཐོང་རྒྱུ་མེད་ཅེས་བཤད།
          ད་ཆ་རྒྱལ་ལ་ཕུག་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། བསོད་ནམས་ཆོས་འཕེལ་གྱིས“ལམ་བཟོས་ཚར་བ་དང་འབྲི་གཡག་ཀྱང་མང་དུ་ཕྱིན་ཁར། དམངས་ཕན་སྲིད་ཇུས་སྣ་ཚོགས་ལས་ང་ཚོའི་ཡོང་འབབ་མང་དུ་ཕྱིན་སོང་། ཏང་གི་བཀའ་དྲིན་གྱིས་ང་ཚོར་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་དེ་ལྟ་བུ་སྐྱེལ་རྒྱུ་བྱུང་བས། ང་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་ཡག་པོ་སྲུང་རྒྱུ་ཡིན”ཞེས་བཤད།
          མཐའ་སྲུང་དང་ཁྱིམ་གཞིས་སྲུང་བ། ནམ་ཡང་བརྟན་སྲུང་བྱེད་པའི་འགན་འཁྲི།
          “གཞན་ལ་དབང་ཚེ་གསེར་རི་དངུལ་རི་ཡིན་ཡང་ང་ཚོར་དགོས་དོན་མེད། རང་ཉིད་ལ་དབང་བ་རྡོ་དང་བྱེ་མ་ཡིན་རུང་ང་ཚོས་བོར་བརླག་ཏུ་གཏན་ནས་གཏོང་མི་རུང”ཀུན་བཟང་བསྟན་འཛིན་གྱི་སྣེ་ཁྲིད་འོག རྒྱལ་ལ་ཕུག་གྲོང་ཚོའི་མང་ཚོགས་ཀྱིས་མཐའ་སྲུང་དང་ཁྱིམ་གཞིས་བསྲུང་རྒྱུ་དེ་ནམ་ཡང་བརྟན་སྲུང་བྱ་རྒྱུའི་འགན་འཁྲིར་བརྩིས་ཏེ། ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ”དང“བསམ་པའི་མཐོ་ས”དེ་སྲུང་བཞིན་མཆིས།

          1986ལོར་ལོ་18ལ་སླེབས་པའི་ཀུན་བཟང་བསྟན་འཛིན་ཕ་ཡུལ་ལ་རྒྱབ་ནས་ཐེངས་དང་པོ་ཐོན་ཏེ་རྫོང་གྲོང་དུ་གསོ་སྦྱོང་ནང་ཞུགས། ལོ་3རིང་གི་གསོ་སྦྱོང་མཇུག་འགྲིལ་རྗེས། སྐབས་དེ་དུས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་བཀྲ་ཤིས་དར་རྒྱས་ཀྱིས་ཁོང་ལ“ཁྱེད་ནི་ལ་རྒྱབ་ཀྱི་ཕོ་རྒོད་ཅིག་ཡིན་པས་དེ་གའི་གནས་ཚུལ་རྒྱུས་མངའ་ཡོད་སྟབས་ཏང་ལ་ཁྱེད་མཁོ་བ་དང་དེ་གའི་མང་ཚོགས་ལའང་ཁྱེད་མཁོ་བས་ལ་རྒྱབ་ཏུ་ལོག་དགོས”ཞེས་པའི་སྐད་ཆ་སྟབས་བདེ་ཞིག་ལས། ཀུན་བཟང་བསྟན་འཛིན་ལ་རྒྱབ་ནས་ཁ་བྲལ་བ་དང་རི་ཁུག་ནས་ཐོན་ཏེ་ཕྱི་ཕྱོགས་སུ་ལས་ཀར་འགྲོ་བའི་བསམ་ཚུལ་རྦད་དེ་དོར། དད་སེམས་བརྟན་པོར་བརྟེན་ནས་ཀུན་བཟང་བསྟན་འཛིན་གྱིས་ཕྱིར་བཤོལ་གཏན་ནས་མེད་པར་ལོ་31རྒྱུན་སྲིང་ངང་བརྟན་སྲུང་བྱས་པ་རེད།
    2019ལོའི་བོད་ཀྱི་ལོ་གསར་སྐབས་མང་ཚོགས་གསུམ་ལ་རྒྱབ་ཤང་ནས་རྒྱལ་ལ་ཕུག་གྲོང་ཚོར་ལོག་སྐབས་འབྲེལ་གཏུག་ཆད། “འཆི་གསོན་གང་ཞིག་བྱུང་རུང་ངས་ངེས་པར་དུ་ཁོང་ཚོ་རྙེད་པ་བྱ་རྒྱུ་ཡིན”ཞེས་ཀུན་བཟང་བསྟན་འཛིན་གྱིས་མིག་ཟུང་མཆི་མས་བརླན་པའི་བཟའ་ཟླ་དང་ཕྲུ་གུར“གལ་ཏེ་ང་རང་སྲོག་ཤོར་ཚེ་གོང་རིམ་རྩ་འཛུགས་ཀྱིས་ཁྱེད་ཚོར་ལྟ་རྟོག་ཡག་པོ་བྱེད་ངེས་རེད”ཅེས་བཤད།
    ཀྱག་ཀྱོག་གི་རི་ལམ་བརྒྱུད་སྨི་2ལྷག་ཙམ་གྱི་གངས་གསོག་ཁྲོད་ཀུན་བཟང་བསྟན་འཛིན་གྱིས་རོགས་པ་ཁྲིད་དེ་རྡོག་ཐོན་བྱས། ཉིན་མཚན་བཞིའི་རིང་སྤྱི་ལེ་90ལྷག་ཙམ་འགྲོ་འོང་བྱས་པའི་ཀུན་བཟང་བསྟན་འཛིན་ལ་མཐར་འབྲེལ་གཏུག་ཆད་པའི་མི་དེ་དག་རྙེད།

    1998ལོར་ཉིན་མཚན་བལྟོས་མེད་ངང་མཚམས་མི་ཆད་པར་བབས་པའི་ཁ་བ་ཆེན་པོས་རྒྱལ་ལ་ཕུག་དང་ཕྱི་ཕྱོགས་དབར་འབྲེལ་བ་ཆད་པ་དང་གྲོང་མིར་འབྲུ་རིགས་མེད་རྐྱེན་ལྟོགས་ཤི་ཐེབས་ཉེན་ཆེ་བའི་གནས་སུ་གྱར།
    “ཁོང་ཚོ་ལྟོགས་ཤི་ཐེབས་སུ་འཇུག་མི་རུང་བས་ང་འབྲུ་རིགས་སྐྱེལ་བར་འགྲོ་རྒྱུ་ཡིན”ཞེས་ནམ་ལངས་མ་ཐག་སྤེན་པ་ཚེ་རིང་གིས་ཁལ་གཡག་བཅུ་ལྷག་ཙམ་དེད་དེ་འབྲས་དང་རྩམ་པ། གཟན་རྩྭ་བཅས་བཀལ་ནས་ཁ་བ་བུ་ཡུག་འཚུབ་པའི་ལམ་བུར་བཞུད། འུར་འུར་དུ་ལྡང་བའི་གྲང་རླུང་དང་པུས་མོ་བར་དིམ་པའི་གངས་གསོག་ཁྲོད་གོམ་པ་རེ་རེ་བཞིན་དལ་བུས་མདུན་དུ་སྐྱོད། དཀའ་ཚེགས་ཆེ་བའི་ཉིན་མཚན་གཅིག་སོང་རྗེས“གངས་མི”སྤེན་པ་ཚེ་རིང་གཞི་ནས་རྒྱལ་ལ་ཕུག་གྲོང་ཚོར་འབྱོར། གྲོང་མི་ཚོ་བསྐྱབས་ཐུབ་མོད། ཡིན་ཡང་སྤེན་པ་ཚེ་རིང་རང་ཉིད་ཚུར་ལོག་པའི་ལམ་བར་གངས་རྡིབ་ཤོར་ནས་ལོ་22ཙམ་ལས་སླེབས་མེད་པའི་རྩ་ཆེའི་ཚེ་སྲོག་ཤོར།

    “2016ལོར་རྒྱལ་ལ་ཕུག་ཏུ་སྲིད་འཛིན་གྲོང་ཚོ་བཙུགས་པ་དང་2018ལོར་ངེད་ཚོ་སྨི་ངོས་གྲུ་110ཡི་སྒོ་ར་ཡོད་པའི་ཁང་བཟང་ནང་བསྡད་པ་ཡིན”ཞེས་མི་འགྱུར་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད་པ་དང“ལོ་མང་རིང་ང་ཚོར་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་མེད་ཚེ་རྒྱུན་འཁྱོངས་ཐུབ་ཐབས་བྲལ”ཞེས་བཤད།

          ད་ཆའི་རྒྱལ་ལ་ཕུག་གྲོང་ཚོར་ཆུ་དང་། གློག འཕྲིན་གཏོང་། སྡོད་ཁང་བཅས་མེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་མང་ཚོགས་མཐུན་སྒྲིལ་ཡར་ཐོན་དང་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཧུར་ཐག་སྐྲུན་བཞིན་མཆིས།
          མཐའ་མཚམས་སུ་རྩ་བ་ཚུགས་པ། ང་ཚོ་ཚང་མ་མེས་རྒྱལ་གྱི་གནས་ཚད་ཡིན།
          མིག་དམར་བསམ་གྲུབ་ནི་མི་འགྱུར་བཀྲ་ཤིས་ཀྱི་བུ་རེད། ལོ་29ལ་སླེབས་པའི་ཁོང་ཐོག་མར་འཕྲད་སྐབས་མཁུར་ཚོས་གཉིས་པོ་དམར་ལ་ངོ་ཚ་སྨིན་པ་དང་། ལུས་རྩལ་ལྷམ་གྱི་གང་སར་འདམ་བག་འགོས་འདུག ཕོ་གཞོན་དེ་ནི་རྒྱལ་ལ་ཕུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་ཡིན་པ་ངོ་མ་བསམ་ཡུལ་ལས་འདས།
          2004ལོར་ལོ་13ལ་སླེབས་པའི་མིག་དམར་བསམ་གྲུབ་ཀྱིས་གཡག་གི་མཇུག་མ་ནས་བཟུང་བཞིན་རྒྱལ་ལ་ཕུག་གྲོང་ཚོར་བསྐྱོད། “རྒྱལ་ལ་ཕུག་གྲོང་ཚོར་ཐོག་མར་འབྱོར་སྐབས་ངས་ཕྱུགས་འཚོ་གིན་མཐའ་མཚམས་སྲུང་བ་ནི་ལས་སླ་པོ་ཞིག་མིན་པ་ཤེས་བྱུང”ཆུང་དུས་པཱ་ལགས་ཀྱིས་ང་རང་ལ་ལས་ཀ་གང་ཡང་སྐུལ་གྱི་མེད། ད་ཆ་ལས་ཀ་ཡོད་རིམ་བཞིན་པཱ་ལགས་ཀྱིས་ང་སྐད་གཏོང་གི་འདུག ཁོང་གིས་ད་ཆ་ང་རང་ཕྱུགས་འཚོ་མཐའ་སྲུང་གི་འགན་ཁུར་བའི་དུས་སུ་སླེབས་པའི་ངོས་འཛིན་བྱེད་ཀྱི་འདུག་ཅེས་བཤད།

          “ད་ལོ་ཡང་དུད་ཚང་24རྒྱལ་ལ་ཕུག་གྲོང་ཚོར་སྤོ་ཡི་རེད། གཞུང་ལམ་གསར་པའང་ཤར་གཏོང་ཐུབ་རྒྱུ་རེད། ང་ཚོས་ད་དུང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་སྟེ་རླབས་ཆེན་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་མཐའ་མཚམས་སྲ་བརྟན་དུ་ཡག་པོ་བཏང་ནས། མཐའ་མཚམས་ས་ཁུལ་གྱི་མི་དམངས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པ་བྱ་རྒྱུ་ཡིན། མཐའ་དར་གྱི་ལམ་བུ་ཡངས་སུ་ཕྱིན་ཚེ་མཐའ་སྲུང་གི་སྟོབས་ཤུགས་ཆེ་རུ་འགྲོ་སྲིད་ལ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་མཐའ་སྲུང་གི་སེམས་ཤུགས་ཀྱང་དེ་བས་འཕེལ་སྲིད”ཅེས་བཤད།

          སྤྱིར་བཏང་གི་འཚོ་བའི་ཁྲོད་ས་སྲུང་མཐའ་བརྟན་གྱི་འདུ་ཤེས་འཆང་བཞིན་བླ་ན་མེད་པའི་མེས་རྒྱལ་དེ་རྒྱལ་ལ་ཕུག་བུ་གྲོང་ཚོའི་གྲོང་མི་ཚང་མའི་སྤྱིར་བཏང་གི་འཚོ་བའི་ཁྲོད་མངོན་པ་དང་། སྤྱིར་བཏང་གི་འཚོ་བའི་ཁྲོད་ཀྱི་ཧུར་བརྩོན་དང་རང་རྟོགས་ཀྱི་བྱ་སྤྱོད་ཚང་མ་ནི་ཀྲུང་ཧྭའི་བུ་ཕྲུག་ཚོའི་རྒྱལ་གཅེས་ཁྱིམ་གཅེས་ཀྱི་བཅོས་མིན་ལྷག་བསམ་གྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད།

          སྟག་མའི་མེ་ཏོག་ལྷུག་པོར་བཞད་པའི་དུས་སུ་ཀུན་བཟང་བསྟན་འཛིན་གྱིས་གྲོང་མི་ཚོ་འཁྲིད་དེ་ལོ་ལྟར་འཆར་ཅན་གྱི་རི་སྐོར་ལ་འགྲོ་ཡི་ཡོད། ཁོང་ཚོས་སྐར་ལྔའི་དར་དམར་འཁྱེར་ཏེ་མི་6གིས་ཚོགས་ཆུང་གཅིག་བྱས་ནས་ནགས་གསེབ་ཏུ་བསྐྱོད་པ་དང་ཆུ་ཕྲན་བརྒལ་ནས་འདི་གའི་རི་ཆུ་ཀླུང་གསུམ་དང་རྩྭ་རྩི་ཤིང་། ཐ་ན་རྡོ་ཧྲུག་གཅིག་ཀྱང་མ་ལུས་པར་སྐོར་བཤེར་ཞིབ་ཕྲ་བྱེད་ཀྱི་ཡོད། འདི་ལྟ་བུའི་རི་སྐོར་རྟག་ཏུ་ཟླ་གཅིག་ནས་གཉིས་བར་རྒྱུན་མཐུད་བྱེད་ཀྱི་ཡོད།

    “ཧྲུའུ་ཅི་ཝུའུ་ལགས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་ནས་ང་ཚོར་བསྔགས་བརྗོད་གནང་བྱུང་ལ་ད་དུང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཞིག་ཀྱང་གནང་བྱུང་། སྐབས་དེ་དུས་ང་ཚོས་ལོ་འདི་དག་མཐའ་མཚམས་བརྟན་སྲུང་བྱེད་རིན་ཆོག་འདུག་སྙམ་བྱུང”ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་བློ་ལ་བརྟན་པོར་ངེས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཡག་པོ་བསྐྲུན་ནས། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ནམ་ཡང་ལྷབ་ལྷུབ་ཏུ་གཡོ་བར་བྱེད་ཀྱི་ཡིན་ཞེས་མིག་དམར་བསམ་གྲུབ་ཀྱིས་བཤད།