དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཉི་མ་རྫོང་སྟེ། ཚེ་སྲོག་གནས་དཀའ་བའི་ཡུལ་དུ་ནད་ལྕི་བའི་གསར་སྐྱེས་བྱིས་པ་ཞིག་བདེ་བླག་ངང་བསྐྱབས་པ།

སྤེལ་དུས 2020-07-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉི་མ་རྫོང་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་ཆགས་ཡོད་ཅིང་། བོད་བྱང་ཐང་དུ་གནས་པས་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི་4800ཡས་མས་དང་། ཆ་སྙོམས་དྲོད་གྲང་-4℃མན་ཆད་ཡིན་པས། མི་རྣམས་ཀྱིས་རྒྱུན་དུ་ཚེ་སྲོག་གནས་དཀའ་བའི་ཡུལ་ཞེས་ཟེར། ཁ་སང་ཉི་མ་རྫོང་མི་དམངས་སྨན་ཁང་བུ་སྐྱེས་ཚན་ཁག་གིས་ནད་ལྕི་ཞིང་ཉེན་ཁ་ཆེ་བའི་གསར་སྐྱེས་བྱིས་པ་ཞིག་བདེ་བླག་ངང་བསྐྱབས་པ་རེད། 
         ཉིན་འགའི་སྔོན་ལ། ཕྲུ་གུ་སྐྱེ་བཞིན་པའི་སྦྲུམ་མ་ཞིག་ལ་གློ་བུར་དུ་མངལ་ནང་གི་ཕྲུ་གུའི་སྙིང་ལྡིང་ཚད་ཇེ་དལ་དུ་འགྲོ་བ་དང་། མངལ་ནང་དཀའ་ངལ་འབྱུང་བའི་ཉེན་ཚབས་དང་འཕྲད་པ་ན། དེར་ཡོད་ཀྱི་སྨན་པས་ལམ་སེང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་རོགས་འདེགས་སྨན་བཅོས་རུ་ཁག་ལ་སྐྱབས་བཅོལ་བ་རེད། 
         བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཉི་མ་རྫོང་མི་དམངས་སྨན་ཁང་དུ་བཅའ་སྡོད་བྱེད་པའི་སྨན་བཅོས་རུ་ཁག་གི་མཛུབ་སྟོན་འོག སྦྲུམ་མས་བདེ་བླག་ངང་ཕྲུ་གུ་སྐྱེས་ཐུབ་པ་བྱུང་མོད། གཤགས་བཅོས་ཀྱི་རྗེས་སུ་གསར་སྐྱེས་བྱིས་པའི་དབུགས་འབྱིན་རྔུབ་ཀྱི་སྙིང་ལྡིང་ཤིན་ཏུ་ཉམ་ང་བ་དང་། རྐང་ལག་བཞིའི་སྣེ་མོ་སྔོ་ནག་ཏུ་ཆགས་པ། ངུ་སྐད་མེད་པ། སྙིང་ལྡིང་ཚད་སྐར་མ་རེའི་ནང་ཐེངས་40ལས་མེད་པའི་གནས་ཚུལ་བྱུང་། ཉེན་ཁ་ཆེ་བའི་གནས་ཚུལ་དེའི་འོག སྨན་བཅོས་མི་སྣས་ལམ་སེང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་རྒྱང་ཆོད་ནད་བཅོས་ཀྱི་བརྡ་བཏང་བ་དང་། རྒྱང་ཆོད་བརྙན་ལམ་ནད་བཅོས་ཀྱི་མཛུབ་སྟོན་འོག སྨན་བཅོས་མི་སྣས་གློ་སྙིང་སླར་གསོ་དང་། གློ་འབྱིན་རྔུབ། དབུགས་ལམ་གཙང་སེལ། གློ་ཡུ་ལ་སྦུ་གུ་བཅུག་ནས་དབྱང་གཏོང་བ། གནོན་འཕར་སོགས་མྱུར་སྐྱོབ་ཐབས་ལམ་ཇི་སྙེད་ཅིག་བེད་སྤྱོད་བྱས་ཏེ། བྱིས་པ་དེའི་སྙིང་ལྡིང་ཚད་རིམ་བཞིན་སླར་གསོ་བྱུང་བ་དང་། ཚེ་སྲོག་གཟུགས་ གཏན་འཇགས་ཀྱི་ངང་དུ་གནས་ཐུབ་པ་བྱུང་སྟེ། ཉི་མ་རྫོང་མི་དམངས་སྨན་ཁང་བྱིས་ནད་ཚན་ཁག་ཏུ་སྤར་ཞིང་། རིམ་པ་རྗེས་མའི་སྨན་བཅོས་རྟོག་ཞིབ་ཀྱི་ངང་དུ་གནས་བཅུག་པ་རེད། 
སྨན་བཅོས་མི་སྣས་ནད་ལྕི་བའི་སྲིའུ་ཧུར་ཐག་གིས་སྐྱོབ་བཞིན་པ།
སྨན་བཅོས་མི་སྣས་ཚན་ཁག་སྤོར་བའི་ལམ་ནས་ནད་ལྕི་བའི་སྲིའུ་ཧུར་ཐག་གིས་སྐྱོབ་བཞིན་པ།
         བྱིས་ནད་ཚན་ཁག་གི་ནད་ཁང་དུ་སྤར་རྗེས། གསར་སྐྱེས་བྱིས་པ་ལ་ཚ་བ་ཆེན་པོ་རྒྱས་པ་དང་དབུགས་འབྱིན་རྔུབ་འཚུབ་པ་སོགས་ཀྱི་གནས་ཚུལ་ཡང་དང་ཡང་དུ་བྱུང་ལ། ས་དེའི་སྨན་བཅོས་མི་སྣས་སྨན་བཅོས་སྣ་ཚོགས་ལག་བསྟར་བྱས་མོད་སྔར་བཞིན་ཇེ་དྭངས་ལ་འགྲོ་བའི་རྟགས་མཚན་མ་ཐོན་པས། ས་དེའི་སྨན་བཅོས་ཆ་རྐྱེན་ལ་བཀག་རྒྱ་ཡོད་པར་བསམ་བློ་བཏང་སྟེ། སྨན་བཅོས་མི་སྣ་བཏང་ནས་གསར་སྐྱེས་བྱིས་པ་དེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བསྐྱལ་ཏེ་མྱུར་སྐྱོབ་བྱ་བའི་ཐག་བཅད་པ་རེད། 
         སྤྱི་ལེ་700ལྷག་གི་ལམ་བར་དུ། གསར་སྐྱེས་བྱིས་པ་དེའི་ནད་བབ་ཤིན་ཏུ་ཉེན་ཁ་ཆེ་ཞིང་རླངས་འཁོར་ནང་གི་ནད་བཅོས་ཆ་རྐྱེན་ལ་ཡང་བཀག་རྒྱ་ཆེ་བས། སྨན་བཅོས་མི་སྣས་ཁྱིམ་མི་དང་ཡང་དང་ཡང་དུ་ལམ་བར་གྱི་ཉེན་ཚབས་དང་དགོས་ངེས་རང་བཞིན་སོགས་བགྲོ་གླེང་བྱས་པ་རེད་ལ། མྱུར་སྐྱོབ་ལམ་བར་གྱི་ཉེན་སྐྱོབ་ཆ་བྱད་དང་སྨན་རྫས་གང་འབྱོར་གྲ་སྒྲིག་ལེགས་པོ་བྱས་རྗེས་ལམ་ལ་ཆས་པ་རེད། 
         ཁོད་མི་སྙོམས་པའི་ལམ་ཁ་དང་ནད་ལོག་ཡང་ཡང་རྒྱབ་པ་རྒྱུད། གསར་སྐྱེས་བྱིས་པ་དེ་དབྱང་རྔུབ་ངོ་འབག་ནང་གི་ཁྲག་དབྱང་འདང་ཚད་50-60%ལ་མར་ཆག་པ་དང་། དབུགས་འབྱིན་རྔུབ་འཚུབ་པ། ལུས་དྲོད་39.9℃ལ་སླེབས་ཏེ་ལུས་པོ་འདར་བའི་གནས་ཚུལ་བྱུང་། སྨན་བཅོས་མི་སྣས་ལམ་སྐབས་སུ་སྲིའུ་ལ་དབྱང་རྒྱུག་ཚད་ཇེ་ཆེར་བཏང་སྟེ་བར་མེད་ལྒང་སྣོད་བཙིར་གནོན་གྱི་དབྱང་སྦྱིན་བྱས་པ་དང་། དངོས་ལུགས་དྲོད་ཆག་ཇེ་དྲག་དང་། མུ་མཐུད་གནོན་འཕར། འགོ་འགོག གཤེར་གསབ་སོགས་སྨན་བཅོས་བྱས་ཏེ། གསར་སྐྱེས་བྱིས་པའི་ལུས་དྲོད་སྔོན་ལས་མར་ཆག་མོད། ཁྲག་དབྱང་འདང་ཚད་སྔར་བཞིན་གཏན་འཇགས་མིན་པ་དང་། སྙིང་ལྡིང་ཚད་ཐེངས་དུ་མར་སྐར་མ་རེར་ཐེངས་90མན་དུ་ལྷུང་བ་སོགས་འཕར་ཆག་ཆེན་པོ་བྱུང་ལ། སྙིང་ཁོང་རང་བཞིན་གྱི་སྙིང་འཕར་ཡང་སྐབས་ཤིག་བྱུང་བས། སྨན་བཅོས་མི་སྣས་ཐེངས་དུ་མར་སྙིང་བརྟན་དང་། འཕར་བརྗེ། གློ་རྔུབ་སོགས་ཀྱི་མྱུར་སྐྱོབ་ཐབས་ལམ་བཀོལ་སྤྱོད་བྱས་པ་དང་། མུ་མཐུད་དུ་བར་མེད་ལྒང་སྣོད་བཙིར་གནོན་གྱི་དབྱང་སྦྱིན་བྱས་པ་རེད། དེ་ལྟ་བུའི་འཕར་ཆག་ཆེན་པོ་ལ་ལམ་གང་བོར་མྱུར་སྐྱོབ་བྱས་ཤིང་། སྲིའུ་དང་སྨན་བཅོས་མི་སྣ་མཚན་གུང་གི་ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུའི་སྟེང་གཞི་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་འབྱོར། 
         སྨན་ཁང་དུ་འབྱོར་རྗེས།གསར་སྐྱེས་བྱིས་པ་དེ་ ལམ་སེང་NICU(གསར་སྐྱེས་བྱིས་པའི་ནད་ལྕི་ལྟ་སྐྱོང་ཁང)དུ་བསྐྱལ་ཏེ་ཆེད་ལས་ཚན་ཁག་གི་སྨན་བཅོས་ལེགས་པོ་བྱས་པ་རེད། མིག་སྔར་གསར་སྐྱེས་བྱིས་པ་ཉེན་ཁ་ལས་ཐར་ཐུབ་པ་བྱུང་སྟེ། ཚེ་སྲོག་གཟུགས་ཚང་མ་གཏན་འཇགས་དང་། ནད་བབ་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་འདུག་གོ། །