དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེ་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལས་ཡུལ་དུ་ཕེབས་པ།

སྤེལ་དུས 2020-07-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།

         ཝུའུ་དབྱིང་ཅེས་ལས་བཟོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཚེས་5ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སྐྲུན་བཞིན་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ཡུལ་དུ་ཕེབས་ཤིང་། ཁོང་གིས་རང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱ་ཆེའི་འཛུགས་སྐྲུན་པ་ཚོར་འཚམས་འདྲི་ཡང་ཞུས་པ་རེད།

         ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭའི་ལས་ཡུལ།
         ལྷ་གཞིས་མྱུར་བགྲོད་གཞུང་ལམ་ལས་གྲྭའི་རྣམ་གྲངས་ནི་རང་ལྗོངས་ཀྱི་ཉིང་ཁྲི་དང་། ལྷོ་ཁ། ནག་ཆུ་བཅས་ཀྱི་རྗེས། ལྟེ་བའི་གྲོང་ཁྱེར་ལྷ་ས་དང་ས་གནས་དབར་སྦྲེལ་བའི་རིམ་མཐོའི་གཞུང་ལམ་གྱི་རྣམ་གྲངས་ཨང་བཞི་པ་དེ་རེད། སྙེ་མོ་རྫོང་ཐོན་པ་གྲོང་རྡལ་གྱི་སྟབས་བདེའི་ཟམ་པ་ཨང་5པའི་ལས་ཡུལ་དང་མཁར་རུ་ཤང་མཁར་རུ་ཡར་ཀླུང་གཙང་པོའི་ཟམ་ཆེན་གྱི་ལས་ཡུལ་དུ་བཟོ་པ་ཚོས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་མཆིས། ཝུའུ་དབྱིང་ཅེས་དེ་གར་ཕེབས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། འཐབ་ས་དང་པོའི་འཛུགས་སྐྲུན་པ་ཚོར་འཚམས་འདྲི་ཡང་ཞུས་གནང་བ་རེད། 

 

         ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭའི་ལས་ཡུལ།
         ཝུའུ་དབྱིང་ཅེས་འགྲིམ་འགྲུལ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་རྩ་དང་དམངས་འཚོ་ལེགས་གཏོང་གི་འགན་སྲུང་ཡིན་པས། ང་ཚོས་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་དང་དམངས་འཚོ་ལེགས་གཏོང་ལ་དམིགས་ཏེ་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་མགྱོགས་མྱུར་སྐྲུན་དགོས། ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭར་ལག་རྩལ་མཐོ་པོ་དགོས་པ་དང་ལས་ཀ་དཀའ་ཚེགས་ཆེ་བས། ཚང་མས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་བཏང་སྟེ། ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་སྒྲིག་འཛུགས་དང་ལས་དུས་འཕར་མ་བྱས་ནས་ལས་གྲྭ་མགྱོགས་མྱུར་བསྐྲུན་ཏེ། དུས་བཀག་ལྟར་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་པ་དང་། གཞུང་ཁོངས་ཁེ་ལས་ཀྱིས་རང་རྟོགས་ངང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ཏེ།  བོད་སྐྱོར་གྱི་ལེགས་ཆ་དང་རྣམ་གྲངས་ཀྱི་ཁྱབ་འགྱེད་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་ལས་གནས་དེ་བས་མང་བ་མཁོ་འདོན་བྱེད་པ་དང་། ས་གནས་ཀྱི་མང་ཚོགས་དང་འཕྲུལ་འཁོར་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་སུ་བཅུག་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་བ་རེད། 

         ཝུའུ་དབྱིང་ཅེས་འོད་ཟེར་ཆོས་སྒྲོན་དང་ཟླ་བ་ལྷ་མོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།
         ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། འབྲེལ་ཡོད་སྡེ་ཚན་ཁག་གིས་མ་དངུལ་དེ་བས་མང་བ་གཞི་རིམ་དང་ཞིང་འབྲོག་ཁུལ་ལ་བཏང་སྟེ།  མཐའ་མཚམས་ཀྱི་གཞུང་ལམ་སྐྲུན་ཤུགས་ཆེ་རུ་དང་གཞི་རིམ་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་བཏང་ནས། འགྲིམ་འགྲུལ་བྱ་གཞག་གི་སྤུས་ཚད་དང་། ལས་ཆོད། སྒུལ་ཤུགས་བཅས་རྩ་བ་ནས་འགྱུར་ལྡོག་ཡོང་བར་སྐུལ་འདེད་གཏོང་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འཕྲལ་མཁོ་ཆེ་བའི་ཤེས་ལྡན་མི་སྣ་གདན་ཞུ་བྱེད་པ་དང་ཆབས་ཅིག སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་ཀྱི་སློབ་གླིང་དང་སློབ་ཆེན་དུ་འགྲིམ་འགྲུལ་སོགས་དཀོན་པའི་ཆེད་ལས་ཡག་པོ་གཉེར་ནས་ས་གནས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། སྒྲིག་འཛུགས་ལྡན་པའི་སྒོ་ནས་ངལ་ནུས་ཕྱིར་གཏོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་དེ་བས་མང་བ་ལས་ཞུགས་བརྒྱུད་ཐོན་ལས་འཕེལ་རྒྱས་ནང་ཞུགས་ཐུབ་པ་བྱས་ཏེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།