དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་གཞིས་རྩེར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྐོར་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2020-07-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཟླ་7ཚེས་5ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་ཕེབས་ནས། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་། ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བཅས་ཀྱི་གནས་ཚུལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་གནས་སྤོས་མང་ཚོགས་ཀྱི་ཁྱིམ་ཚང་ཞིག་ནང་སྐབས་བསྟུན་དུ་ཕེབས་ནས་ནང་མི་ཚོ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་གནང་བ་དང་འབྲེལ་འགྱུར་ལྡོག་དང་ཏང་གི་བཀའ་དྲིན་སྐོར་གླེང་བཞིན་པ།
         ཟླ་7ཚེས་5ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་ཕེབས་ཏེ། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་། ཞིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཝུའུ་དབྱིང་ཅེས་དབུལ་སྒྲོལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཡིད་རྣལ་དུ་ཕབ་ནས་སློབ་སྦྱོང་བྱེད་པ་དང་འབྲེལ་གོ་བ་ལེན་པ་དང་། དབུལ་སྒྲོལ་གྱི་གྲུབ་འབྲས་དང་། ནུས་པ། ཆུ་ཚད་བཅས་རྒྱུན་ཆད་མེད་པར་གོང་མཐོར་གཏོང་བ། དབུལ་སྐྱོར་ཐོན་ལས་དང་སྤྱི་པའི་ཞབས་ཞུའི་ལེ་ལག་ཚང་བའི་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ། ལྟོ་གོས་དང་བསམ་བློ་གཉིས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་གནང་བ་རེད།
         ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་བཅས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད།
         གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ནི་ལྕགས་འདམ་ཤང་ཀོ་ལྕག་གྲོང་ཚོར་ཡོད་པ་དང་། དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་40ཙམ་བཏང་བ། མིག་སྔར་དུད་ཚང་351གི་གནས་སྤོས་མང་ཚོགས་1561ཚང་མ་དེ་གར་གནས་སྤོས་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་ཐོན་ལས་འཛུགས་སྐྲུན་དང་མང་ཚོགས་དབུལ་སྒྲོལ་གྱི་ལས་དོན་བཀོད་སྒྲིག་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
         ས་གནས་དེ་གའི་འགན་འཁུར་བས། བཀོད་སྒྲིག་བྱ་ཡུལ་དུ་བུ་བཅོལ་ཁང་དང་། བཙོག་ཆུ་གཙང་གསིང་བཟོ་གྲྭ དམངས་ཕན་ཞབས་ཞུའི་ལྟེ་གནས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རྟ་སྒ་ཆ་སྒྲིག་བྱས་པ་མ་ཟད། ད་དུང་ནས་ལས་སྣོན་དང་། སྡོང་ཕྲུག་རྟེན་གཞི། སྔོ་ཚལ་གྱི་དྲོད་ཁང་ཆེ་མོ་སོགས་ཀྱི་ཐོན་ལས་རྣམ་གྲངས་ཀྱང་ལག་བསྟར་བྱས་ཏེ། དུད་ཚང་དབུལ་པོ་རང་ཡུལ་ནས་བྲལ་མི་དགོས་པར་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པར་བྱས་ཡོད་ཅེས་ཞུས། ཝུའུ་དབྱིང་ཅེས་ཐོན་ལས་དབུལ་སྒྲོལ་ནི་དབུལ་སྒྲོལ་བརྟན་པོ་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། དེས་ན་བདེ་སྡོད་ལས་བརྩོན་གཉིས་ཀ་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་གནས་སྤོས་དང་དབུལ་སྒྲོལ་གོམ་སྟབས་གཅིག་མཚུངས་ཡོང་བ་བྱས་ཏེ་གནས་སྤོས་དུད་ཚང་དབུལ་པོ་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱེད་དགོས། གནས་སྤོས་བྱ་ཡུལ་གྱི་མཇུག་མཐུད་ཞབས་ཞུ་དང་དོ་དམ་ལས་དོན་སྒྲུབ་སྟངས་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་ཧུར་ཐག་བྱེད་པ། གནས་སྤོས་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་བསྒྱུར་རྒྱུའི་ཁྲིད་སྟོན་བྱེད་པ། ཁང་པ་གསར་པར་སྤོ་བ་དང་། གོམས་སྲོལ་གསར་པ་འཛུགས་པ། གྲོང་ཚོ་གསར་པ་འཛུགས་པ། རྣམ་པ་གསར་པ་མངོན་པ་བཅས་ཀྱི་ཐོག་ནས་དེང་རབས་ཀྱི་ཤེས་དཔལ་ལྡན་པའི་འཚོ་བ་གསར་པ་ཞིག་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས་གནས་སྤོས་མང་ཚོགས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐབས་བསྟུན་དུ་ཕེབས་ནས་ནང་མི་ཚོ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་གནང་བ་དང་འབྲེལ་འགྱུར་ལྡོག་དང་ཏང་གི་བཀའ་དྲིན་སྐོར་ཡང་གླེང་གནང་བ་རེད། ཝུའུ་དབྱིང་ཅེས“གང་ནས་སྤོས་ཡོང་བ་ཡིན་ནམ”དང་། “ད་ཆ་ཁྱིམ་ཚང་གི་ཡོང་འབབ་གང་འདྲ་འདུག་གམ”“ད་ལྟའི་འཚོ་བ་བློ་ལ་བབས་སམ”སོགས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁྱིམ་བདག་གིས་ཀྱང་རང་ཁྱིམ་དུ་ཉར་ཚགས་བྱས་པའི་པར་བསྟན་ནས་བསྡུར་བ་བཏང་སྟེ། དེ་སྔོན་ཁང་པ་ཐབས་ཆག་ཞིག་ལས་མེད་པ་མ་ཟད། ད་དུང་བཟའ་ཟླར་ཀླད་ཁྲག་འདྲེས་པའི་ནད་ཀྱང་ཕོག་ནས་ཡུན་རིང་མལ་སར་ལུས་པས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བྱུང་། བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས་རང་ཉིད་དང་ཕྲུ་གུ་སྡོང་ཕྲུག་རྟེན་གཞིར་ལས་ཀར་བསྐྱོད་པ་ལས་གཏན་འཇགས་ཡོང་འབབ་བྱུང་ལ། བཟའ་ཟླ་ཡང་སྨན་བཅོས་བྱས་པ་བརྒྱུད་དྲག་སྐྱེད་ཡག་པོ་བྱུང་། ན་ནིང་ང་ཚོའི་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་བས་ད་ལྟ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་གི་འདུག དེ་དག་ཚང་མ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གནང་བ་ཞིག་ཡིན་པས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གནས་སྤོས་མང་ཚོགས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད།
         སྐད་ཆ་དེ་དག་ཐོས་རྗེས་ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་ལ་གདེང་ཚོད་སྔར་བས་ཆེ་རུ་བཏང་སྟེ་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་འཚོ་བ་དེ་བས་ཡག་པོ་སྐྱེལ་རྒྱུའི་སྐུལ་ལྕག་གནང་ཡོད། ཝུའུ་དབྱིང་ཅེས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ་དང་། ཏང་གི་དམིགས་ཡུལ་ལག་ལེན་ཧུར་ཐག་བྱེད་པ། བརྩེ་སེམས་ཟབ་མོ་བཅངས་ནས་མང་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་པ་དང་། ད་དུང་མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་གསར་གཏོད་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་རྒྱ་མཚོ་ལྟར་ཟབ་པའི་བརྩེ་སེམས་དེ་དཀའ་སྤྱད་ཕྱུག་འགྱུར་གྱི་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་འགྱུར་བ་བྱེད་པ། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། སེམས་ཤུགས་གཙོ་བོ་ཐོན་ལས་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བའི་ཐད་འཇོག་པ་བཅས་བྱས་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཝུའུ་དབྱིང་ཅེ་དེ་རྗེས་བཀོད་སྒྲིག་བྱ་ཡུལ་གྱི་བུ་བཅོལ་ཁང་དུ་ཕེབས་ནས་བུ་བཅོལ་ཁང་གི་གསོ་སྐྱོང་གི་སྒྲིག་བཀོད་ཆ་རྐྱེན་ལ་གཟིགས་པ་དང་བུ་བཅོལ་ཁང་གི་སློབ་གཉེར་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། བུ་བཅོལ་ཁང་གི་ཁོར་ཡུག་མཛེས་པ་དང་སྒྲིག་བཀོད་ཆ་ཚང་བ་མ་ཟད། ད་དུང་གནས་སྤོས་མང་ཚོགས་ཀྱི་བུ་ཕྲུག་ལའང་སྤུས་ལེགས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་རྒྱུ་བྱུང་བ་གཟིགས་སྐབས་ཝུའུ་དབྱིང་ཅེ་ཐུགས་ཡིད་ཚིམ་པོ་བྱུང་ཞིང་། ཁོང་གིས་ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་དང་མི་རིགས་ཀྱི་མ་འོངས་པ་རེད། རྒྱ་ཆེའི་སློབ་གསོའི་ལས་དོན་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་སྟེ། ཀྲུང་ཧྭའི་རིག་གནས་འདི་ཉིད་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་བརྟེན་ས་དང་། སེམས་ཀྱི་ཆགས་ས། བསམ་པའི་ཁྱིམ་གཞིས་བཅས་སུ་ཐོག་མཐའ་བར་གསུམ་དུ་འགྱུར་བ་བྱེད་དགོས། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་ལོ་ཆུང་བྱིས་པ་ཚོའི་སེམས་ནང་བརྟན་པོར་ཟུག་པར་བྱས་ནས་ཕྲུ་གུ་ཚོར་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རོགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།