དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་ཕན་གཡོད་བཅས་པ་དང་བཞུགས་མོལ་གནང་བ།

སྤེལ་དུས 2020-07-31 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། རྩོམ་པ་པོ།

བཞུགས་མོལ་གནང་ཡུལ།
          ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་གཞོན་པ་དང་པོ་ཕན་གཡོད་བཅས་པ་དང་བཞུགས་མོལ་གནང་ནས། བོད་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྦྱོང་ལ་སྔར་བས་སྐུལ་འདེད་གཏོང་བ་དང་བོད་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་སྤེལ་རེས་གནང་བ་རེད།
          དང་ཐོག་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཕན་གཡོད་ཀྱིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ། བོད་དུ་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་བོད་ཀྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཡུན་རིང་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཏང་ཕྱིའི་འཐུས་ཚབ་མི་སྣའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་ལས་དོན་ནི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་རེད་ཅེས་ནན་བཤད་གནང་བ་དང་། ཁོང་གིས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་མི་སྣ་དང་འཐུས་ཚབ་མི་སྣ་གསོ་སྐྱོང་གི་ལས་དོན་ལ་མུ་མཐུད་རོགས་རམ་གནང་ནས། རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཤུགས་སྣོན་དང་། བོད་ཀྱི་དོན་དངོས་དང་འཚམ་པའི་གོ་བདེ་ཤེས་སླའི་བསླབ་གཞི་ཁག་གཅིག་རྩོམ་སྒྲིག་བྱས་ཏེ། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་སྤེལ་བར་ནང་དོན་གྱི་འདེགས་སྐྱོར་ཐུབ་པ་དང་། མངག་བཅོལ་གསོ་སྦྱོང་དང་ཚན་རིག་ཞིབ་འཇུག་ལ་རམ་འདེགས་སོགས་ཀྱི་རྣམ་པར་བརྟེན་ནས་རང་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་ཁོངས་གཏོགས་ཀྱི་སློབ་ཁྲིད་ཞིབ་འཇུག་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་རེ་བ་ཡོད་ཅེས་གསུངས།
          ཕན་གཡོད་ཀྱིས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས《ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་རྩ་གནད》རྩོམ་སྒྲིག་དང་། འབྲེལ་ཡོད་ཞིབ་འཇུག་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས། སྔོན་ཆད་ལྟར་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁག་ལ་དོ་ཁུར་རྒྱབ་སྐྱོར་དང་། བོད་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་རང་རྒྱལ་གྱི“ཕྱོགས་མང་གཞི་གཅིག”གི་མི་རིགས་རྣམ་པར་ངོས་འཛིན་ཟབ་མོ་ཡོང་བར་བྱེད་པ། བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་གཉེར་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བར་མཛུབ་ཁྲིད་དང་རོགས་རམ་བཅས་བྱས་ཏེ། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས།