དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བོད་སྡོད་དཔུང་སྡེར་གཟིགས་པ་དང་འཚམས་འདྲི་གནང་བ།

སྤེལ་དུས 2020-08-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེས་བོད་སྡོད་དཔུང་སྡེའི་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་ནས་ཚང་མ་དང་མཉམ་དུ་དམག་བཙུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་གླེང་ཞིང་། འདི་ནི་ཝུའུ་དབྱིང་ཅེ་དཔོན་དམག་གི་ཉལ་ཁང་དུ་ཕེབས་ནས་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ། 
        བརྒྱད་གཅིག་དམག་བཙུགས་དུས་ཆེན་འཆར་ལ་ཉེ་བའི་མཚམས་ཀྱི་ཟླ་7ཚེས་31ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱིས་བོད་སྡོད་དཔུང་སྡེའི་དཔོན་དམག་ཚོར་བྱམས་བརྩེའི་ངང་གཟིགས་ནས་འཚམས་འདྲི་གནང་བ་སྟེ། ཚང་མ་དང་མཉམ་དུ་དམག་བཙུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་གླེང་གནང་བ། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་སོགས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་འབྲེལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།
        ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཀྲང་ཞོལ་ཅེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བཅས་ལྷན་དུ་གཟིགས་ཞིབ་གནང་བར་ཕེབས་པ་རེད།
        ཝུའུ་དབྱིང་ཅེས། ཉེ་བའི་ལོ་ཤས་རིང་རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་དམག་དཔུང་གི་ངོ་བོའི་རྩ་དོན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། སྔ་ཕྱི་བར་གསུམ་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དཔུང་སྡེ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ས་གནས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་བཅས་བྱས་ནས་བོད་ཀྱི་བྱ་གཞག་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་མངོན་པར་བྱས་པས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་བཟང་པོ་ཐོབ་ཡོད། འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཐའ་མའི་རྒྱལ་ཁ་ལེན་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་བཅས་ཡིན། རྒྱ་ཆེའི་དཔུང་སྡེའི་དཔོན་དམག་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས“བོད་སྐྱོད་པ་རྒན་གྲས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དར་སྤེལ་བཏང་སྟེ། ཏང་གི་བཀའ་ལ་ཉན་པ་དང་། དམག་འཐབ་ལས་རྣམ་པར་རྒྱལ་བ། སྤྱོད་ཚུལ་བཟང་བ། མཐའ་སྐྱོང་བོད་བརྟན་གྱི་བྱ་གཞག་ལ་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བཅས་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་རྒྱུའི་རེ་བ་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་དཔུང་སྡེས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། དཔུང་སྡེས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། དཔུང་སྡེར་འཕྲད་པའི་དཀའ་གནད་སེལ་བ་བཅས་བྱས་ཏེ་དམིགས་བསལ་བྱེད་ཐབས་དང་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་སྤྱད་ནས་དཔུང་སྡེའི་དཔོན་དམག་གི་ལས་སྒྱུར་བཀོད་སྒྲིག་དང་བུ་ཕྲུག་སློབ་གྲྭར་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་དཔུང་སྡེའི་དཔོན་དམག་གི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་དགོས་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དམག་མིས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་དང་ལེགས་སྐྱེས་འབུལ་བའི་བསམ་པའི་ཉམས་འགྱུར་དང་རིན་ཐང་དོན་གཉེར་བྱེད་ཕྱོགས་ལ་བསྔགས་བརྗོད་བྱས་ནས“དམག་དཔུང་གིས་མི་དམངས་ལ་གཅེས་པ་དང་མི་དམངས་ཀྱིས་དམག་དཔུང་གོང་དུ་བཀུར་བའི”རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།
        བློ་བཟང་རྒྱལ་མཚན་གྱིས་གཟིགས་ཞིབ་གནང་སྐབས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་ནི་དཔའ་བོའི་དཔུང་སྡེ་ཞིག་དང་གཟི་བརྗིད་ལྡན་པའི་དཔུང་སྡེ་ཞིག་ཡིན། དེས་མེས་རྒྱལ་སྲུང་སྐྱོབ་དང་མི་དམངས་སྲུང་སྐྱོབ་ཀྱི་བླ་ན་མེད་པའི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་བཞིན་ཡོད། ཁོང་ཚོ་ནི་སྔ་ཕྱི་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དཔེ་བཟང་རེད་ཅེས་གསུངས་ཤིང་། ཁོང་གིས་རྒྱ་ཆེའི་བཀོད་འཐབ་པ་ཚོས་བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་གོང་བཀུར་དང་། སྲོག་ཤིང་ལ་ཡིད་ཆེས། སྲོག་ཤིང་ལ་ལྷག་བསམ་ཟོལ་མེད། སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱས་ཏེ། དམག་སྲིད་མཐུན་སྒྲིལ་དང་དམག་དམངས་མཐུན་སྒྲིལ་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། མེས་རྒྱལ་མཐའ་མཚམས་སྲ་བརྟན་དུ་གཏོང་བ་དང་། བོད་ལྗོངས་དར་རྒྱས་གོང་འཕེལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་འཆམ་མཐུན་བཅས་ཡོང་ཆེད་སླར་ཡང་འོད་སྟོང་འཕྲོ་བའི་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        འཚམས་འདྲི་གནང་སྐབས། ཆེ་དགྲ་ལྷས་རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་བཟང་པོ་མངོན་པར་བྱས་ཏེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོའི་བསྔགས་བརྗོད་བཟང་པོ་ཐོབ་ཡོད་ཅེས་གསུངས་ཤིང་། ཁོང་གིས་རྒྱ་ཆེའི་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་དོན་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། སྔ་ཕྱི་བར་གསུམ་དུ་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ། མི་དམངས་དམག་དཔུང་གི་ངོ་བོའི་དམིགས་ཡུལ་བློ་ལ་བརྟན་པོར་འཆང་བ། གསར་བརྗེའི་དམག་མིའི་འགན་འཁྲི་འཁུར་སེམས་བློ་ལ་བརྟན་པོར་འཆང་བ། “བོད་སྐྱོད་པ་རྒན་གྲས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་བ། དམག་གྲབས་དང་དམག་རྒྱག་རྒྱུར་དམིགས་པ། འཇོན་ཐང་ཡག་པོ་སྦྱོང་བ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་དེ་བས་རང་རྟོགས་ངང་དང་ལེན་ཞུ་བ་དང་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        རྒྱ་ཆེའི་དཔོན་དམག་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་བ་ཟབ་མོ་དེ་ཕུགས་བསམ་མངོན་འགྱུར་དང་། དམག་དཔུང་སྟོབས་ཆེར་གཏོང་བ། མཐའ་བརྟན་བོད་བརྟན་བཅས་ཡོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་པ་དང་། དམག་སྦྱོང་དམག་གྲབས་ཀྱི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་བསྟར་བ། དམག་སྟོབས་དམག་དར་གྱི་རླབས་ཆེན་ལག་ལེན་ཁྲོད་དུ་བྱས་རྗེས་བཟང་པོ་ཧུར་ཐག་བཞག་ནས་བོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་ཆེད་བྱས་རྗེས་གསར་པ་སླར་ཡང་འཇོག་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།