དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་རྒྱལ་ཁའི་ངང་མཇུག་སྒྲིལ་བ།

སྤེལ་དུས 2020-08-07 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ནས་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་། མཚོ་ལྷོ་ཚགས་པར་ཁང་གི་འགོ་གཙོ་དབྱང་ཁྲེང་ཏེ་ཡིས་མཇུག་སྒྲིལ་མཛད་སྒོར་གཙོ་སྐྱོང་གནང་ཞིང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་གྱིས་སྤྱི་བསྡོམས་གནང་། ཐེངས་འདིའི་ཚོགས་འདུར་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཀྱི་བོད་ཡིག་གི་སྨྱན་སྦྱོར་ལས་ཁུངས50ཡི་འགོ་ཁྲིད་དང་འགན་ཁུར་བ། ལས་བཟོ་པ་བཅས་མི100ལྷག་ཞུགས་ཡོད། གཞན་ཚགས་པར་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན། སྨྱན་སྦྱོར་གསར་པ་བཅས་ཀྱི་འགྲན་ཞུགས་བརྩམ་ཆོས་ལེགས་ཤོས350འབྱོར་ཡོད་ཅིང་། དེ་དག་ལས་བརྩམས་ཆོས320ལ་བྱ་དགའ་གནང་བ་མ་ཟད། སྨྱན་སྦྱོར་ལས་ཁུངས་སོ་སོ་ནས་བསྐུར་ཡོང་བའི་བརྡ་ཆད82ཞིབ་བཤེར་གཏན་འབེབས་བྱས་ཤིང་། མིང་ཚིག་རིང་ཐུང་འདྲེས་མ31དང་དྲ་ངོས་དངAPPཔར་ངོས་སུ་བཀོད་སྤྱོད་བྱ་རྒྱུའི་བརྡ་ཆད་གསར་པ193དཔྱད་གཞིའི་ཚུལ་དུ་ཕུལ་བ་རེད། 
        ཐེངས་འདིར“སྨྱན་སྦྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྨྱན་སྦྱོར་ཚང་མའི་བརྒྱུད་སྒྲོག་རྣམ་པ་གསར་འཛུགས་བྱེད”ཅེས་པ་བརྗོད་གཞི་རུ་བཟུང་སྟེ། སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་གྱི་ལག་ཟུང་དམ་པོར་སྦྲེལ་ནས་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་གྱི་རྣམ་པ་སྔར་ལས་ལྷག་པའི་གསར་བཏོད་དང་ཐོད་བརྒལ་འབྱུང་བར་ཚང་མས་མཉམ་གཅིག་ཏུ་བརྩོན་ལེན་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད། 
        མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་གྱིས་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་རྩ་འཛུགས་ཨུ་ཡོན་མཐུན་ཚོགས་ཀྱི་སྐུ་ཚབ་བྱས་ནས་བསྟན་དོན། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་མཐུན་ཚོགས་ཀྱིས་བོད་སྐད་སྨྱན་སྦྱོར་ཕན་ཚུན་བར་གྱི་བྱ་བའི་ཉམས་མྱོང་བརྗེ་རེས་བྱེད་པའི་འགན་འཁྲི་ལྕི་མོ་ཁུར་དུ་བླངས་ཡོད་པར་མ་ཟད། བོད་ཡིག་སྨྱན་སྦྱོར་བར་འབྲེལ་ཡོད་ནང་དོན་མཉམ་སྤྱོད་དང་བརྗེ་རེས་བྱེད་པར་གལ་ཆེའི་ནུས་པ་བཏོན་དང་འདོན་བཞིན་ཡོད། མ་འོངས་པར་སྔར་ལས་ལྷག་པའི་བྱ་བ་མང་པོ་བསྒྲུབ་རྒྱུ་ཡོད་ལ། མུ་མཐུད་དུ་འགན་འཁྲི་འཁུར་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ད་དུང་དེ་ལས་ལྷག་པའི་གསར་འགྱུར་བརྩམས་ཆོས་འབྲི་བར་ནུས་པ་ཆེན་པོ་འདོན་པ་དང་། གཏན་འཁེལ་བྱས་པའི་བརྡ་ཆད་གསར་བ་རྣམས་སྨྱན་སྦྱོར་ལས་ཁུངས་ཚང་མར་ཁྱབ་གདལ་དུ་གཏོང་དགོས་ཞེས་བསྟན།
རྩོམ་སྒྲིག་པ། སངས་སྐྱབས།