དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཆུ་ཚན་ཐོན་ཁུངས་ལ་བརྟེན་ནས། ཕྱུག་འགྱུར་ལམ་བུ་ཡངས་པོར་ཕྱེ།

སྤེལ་དུས 2020-08-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་འབྲུག་མོ་ཆུ་ཚན་ལུས་གསོའི་ལྟེ་གནས་ཀྱི་ཆུ་རྐྱལ་ཁང་ཡིན་པ།
        ཟླ་དྲུག་པའི་ཟླ་དཀྱིལ་ནི་ནག་ཆུའི་ཤར་རྒྱུད་དུ་ནམ་དུས་བཟང་བའི་སྐབས་ཡིན། ལམ་བར་གྱི་རི་སྔོ་ཞིང་ཆུ་དྭངས་བ་དང་། མེ་ཏོག་རབ་ཏུ་བཞད་པ། གནམ་སྔོ་ལ་སྤྲིན་དཀར་བ་བཅས་རི་མོ་མཁས་པའི་པིར་གྱི་རྩེ་ལས་ཐོན་པའི་རི་མོ་དང་གཉིས་སུ་མ་མཆིས།
        ང་ཚོས་རེ་བ་བཅངས་ནས་རྒྱལ་ལམ་558ལམ་རྒྱུད་དུ་གནས་པའི་འབྲི་རུ་རྫོང་ཚ་ཆུ་ཤང་མར་ཁུག་གྲོང་ཚོར་སྐྱོད་པའི་སྐབས། དེ་གར་མཐོང་བ་ནི་ང་ཚོ་ལོ་འགའི་སྔོན་བཅར་འདྲི་བྱེད་པར་འོང་བའི་སྐབས་དང་ཡོངས་སུ་མི་འདྲ་བ་ཞིག་ཡོད་པ་རེད།
        ད་ཆ་སྔོན་མ་བཞིན་སྐད་གྲགས་མེད་པའི་གྲོང་ཚོ་ཞིག་མིན། གྲོང་ཚོ་དེ་ཡོངས་སུ་དུད་ཚང་116དང་མི་གྲངས་717ཡོད་པ་དང་། 2017ལོར་ཚང་མ་དབུལ་སྒྲོལ་ཐུབ་ནས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་9286ཟིན་གྱི་ཡོད། 2019ལོར་གྲོང་ཚོས་ཆུ་ཚན་ལ་བརྟེན་ནས་འབྲུག་མོ་ཆུ་ཚན་ལུས་གསོ་ལྟེ་གནས་བསྐྲུན་པ་མ་ཟད། འབྲི་རུ་རྫོང་འབྲུག་མོ་ཆུ་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཡང་བཙུགས་ཏེ། དེའི་ནང་ཆུ་རྐྱལ་དང་། བཟའ་བཏུང་། སྦྲ་ནག་བཀྲུ་ཁང་། ཨར་སྐྲུན་སོགས་ཀྱི་མུ་འབྲེལ་རྣམ་གྲངས་མང་པོ་ཡོད་པས། མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་11680ཟིན་ཏེ། ད་ཆ་མར་ཁུག་གྲོང་ཚོར་འོང་མཁན་རླངས་འཁོར་དང་ཡུལ་སྐོར་བ་མང་བས་མི་སེར་གྱི་འཚོ་བ་སྔར་བས་ཕྱུག་ཏུ་སོང་ཡོད་པ་རེད།
        ལེགས་ཆ་འདོན་སྤེལ་བྱས་ནས་ཚོང་ལམ་འཚོལ་བ།
        འབྲི་རུ་རྫོང་འབྲུག་མོ་ཆུ་ཚན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྐོར་གླེང་ཚེ། མར་ཁུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་དབང་རྒྱལ་གྱི་སྐོར་མ་བརྗོད་ཀ་མེད་ཡིན།
        བསྟན་འཛིན་དབང་རྒྱལ་ནི་འབྲི་རུ་རྫོང་ཚ་ཆུ་ཤང་མར་ཁུག་གྲོང་ཚོའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན། 2015ལོར་ཚ་ཆུ་ཤང་སྲིད་གཞུང་གི་ཁ་ལོ་བ་བྱས་ནས་བསྡད། དེ་དུས་སྲིད་གཞུང་གནས་ཡུལ་གྲོང་ཚོ་དང་ཐག་ཉེ་བའི་ཁར་ཁོང་རིག་པ་གྲུང་པོ་ཞིག་ཡིན་པར་བརྟེན། དལ་བའི་སྐབས་སུ་གྲོང་ཚོའི་མི་ཁྲིད་དེ་ཚོང་བརྒྱབ་ནས་རང་ཉིད་ལ་ཁེ་གཙང་བྱུང་བ་མ་ཟད། ཡུལ་མི་ཚོར་ཡང་ཡོང་འབབ་གསོག་ཐུབ་པ་བྱུང་བ་རེད།
        དེ་འདྲའི་ངང་བསྟན་འཛིན་དབང་རྒྱལ་ཤང་དང་གྲོང་ཚོའི“ཕྱུག་འགྱུར་འཇོན་ཐང་ཅན་ལ”གྱུར་པའི་རྗེས། མར་ཁུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་རེད།
        དེ་དུས་བསྟན་འཛིན་དབང་རྒྱལ་ལ་སེམས་ཤུགས་ཆེན་པོ་སྐྱེས་པ་རེད། ཁོང་གིས“ང་ཤང་ནང་ལས་ཀ་བྱེད་མྱོང་བས། མར་ཁུག་གྲོང་ཚོ་འཕེལ་རྒྱས་འགྲོ་མི་ཐུབ་པའི་རྒྱུ་རྐྱེན་ཤེས་པར་བརྟེན་ཐབས་ཤེས་བཏང་ནས་ཚང་མ་ཕྱུག་པོ་ཆགས་ཐུབ་པ་བྱ་རྒྱུའི་བསམ་བློ་བཏང་བ་ཡིན”ཞེས་བཤད།
        ཁོང་གི་སྣེ་ཁྲིད་ལ་བརྟེན་ནས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་འབྱུང་འགྱུར་འཕེལ་རྒྱས་གཏོང་གཞི་དེ་མར་ཁུག་གྲོང་ཚོའི་ཆུ་ཚན་ཐོག་བཞག་པ་རེད།
        བསྟན་འཛིན་དབང་རྒྱལ་གྱིས“དོན་དུ་འབྲུག་མོ་ཆུ་ཚན་ལ་ལོ་ངོ་1800ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་ཞིག་ཡིན། དང་ཐོག་ཆུ་ཚན་དེ་རིའི་སྐེད་པར་ཡོད་པས་ཤེས་མཁན་ཉུང་ཉུང་ཡིན། ལོ་རབས་བརྒྱད་ཅུའི་དུས་འགོར་གཞི་ནས་ཆུ་ཚན་རྒྱག་མཁན་བྱུང་བ་དང་། ལོ་འགའི་སྔོན་དུའང་ཆུ་ཚན་དེའི་གཞི་ཁྱོན་མི་གཅིག་རྒྱག་ཐུབ་ཙམ་གྱི་ས་ཀོང་ཞིག་ལས་མེད། ཡིན་ནའང་མང་ཚོགས་ཀྱིས་ཆུ་ཚན་རྒྱག་པའི་སྐབས་སུ་དེས་གྲུམ་བུ་དང་ཕོ་བའི་ནད་སོགས་ལ་ཕན་པ་ཤེས་པ་ཕུད། གྲོང་ཚོར་འོང་བའི་འགྲིམ་འགྲུལ་ཡང་སྟབས་བདེ་པོ་ཡོད་སྟབས། ང་ཚོས་ཆུ་ཚན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་བསམ་བློ་འཁོར་བྱུང”ཞེས་བཤད།
        རྫོང་དང་ཤང་ཏང་ཨུད་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་མར་ཁུག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་བརྟག་ཞིབ་དང་གྲོས་མོལ་ཡང་ཡང་བྱས་པ་བརྒྱུད། 2019ལོའི་ཟླ་བརྒྱད་པར་མར་ཁུག་གྲོང་ཚོས“རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་ལ་སྣོད་བཅུད་ཀྱི་ཡོང་འབབ་གསོག་ཐུབ་པ་བྱ་ཆེད། འབྲུག་མོ་ཆུ་ཚན་གྱི་རྣམ་གྲངས་དེ་རྒྱག་རྒྱུའི”ཐག་བཅད་པ་རེད།
        ཡུལ་མིར“ཡོང་འབབ་གསོག་རྒྱུ”བྱུང་བ།
        རྣམ་གྲངས་གཏན་འཁེལ་བའི་ཟླ་བ་བཞི་ཡི་རིང་། ཨར་རྒྱག་གི་མ་དངུལ་གྲབས་འཇོག་དང་། མང་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱ་རྒྱུ་ནི་གྲོང་ཚོའི“ཨུ་ལྷན་གཉིས”ལ་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་ལ། མར་ཁུག་གྲོང་ཚོའི་ལས་བྱེད་པ་ཚང་མས་ཐག་གཅོད་བྱས་ནས་སྒྲོལ་དགོས་པའི་དཀའ་ངལ་ཞིག་ཀྱང་ཡིན་པ་རེད།
        བསྟན་འཛིན་དབང་རྒྱལ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་མི་དྲུག་གིས་སེམས་ཐག་གཙང་བཅད་ངང་ཕྱོགས་གཅིག་ནས་དུད་ཚང་རེ་རེ་ལ་བསམ་བློའི་ལས་དོན་སྤེལ་བ་དང་། ཕྱོགས་གཞན་ཞིག་ནས་མ་དངུལ་བསྡུ་རུབ་དང་མ་རྐང་ནང་ཞུགས་པའི་མང་ཚོགས་ལ“ཁག་ཐེག་ཡི་གེ”འབྲི་རུ་བཅུག་ནས་ལོ་ལྔ་སོང་རྗེས་མ་དངུལ་ཕྱིར་སློག་བྱ་རྒྱུའི་ཁས་ལེན་བྱས་པ་རེད།
        དེ་རྗེས། གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་116གི་མི་གྲངས་717ཁྲོད་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་རེ་ནས་སྒོར་ཁྲི་2.5དང་། དེ་མིན་གྱི་མང་ཚོགས་ས་ནས་སྒོར་ཁྲི་3བསྡུ་བའི་ཚད་གཞི་ལྟར་མ་དངུལ་སྒོར་ཁྲི་150གྲབས་གསོག་བྱས་པ་དང་། མཉམ་སྡེབ་ནས་སྒོར་ཁྲི་30བཏང་བ། གྲོང་སྡོད་ལས་དོན་ཚོགས་ཆུང་གིས་སྒོར་ཁྲི་14ཐག་གཅོད་བྱེད་རོགས་བྱས་མཐར་མ་དངུལ་གྱི་གནད་དོན་ཐག་གཅོད་ཐུབ་པ་རེད།
        2019ལོའི་ཟླ་བཅུ་གཉིས་པར་མར་ཁུག་གྲོང་ཚོའི་འབྲུག་མོ་ཆུ་ཚན་ལུས་གསོའི་ལྟེ་གནས་དངོས་སུ་ལས་གཉེར་བྱས།
        བསྟན་འཛིན་དབང་རྒྱལ་གྱིས“ད་ཆ་ང་ཚོར་ཟླ་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་4ཙམ་ཡོད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་བཅུ་ཡི་མི་10སྣེ་ཁྲིད་བྱས་ནས་ཟླ་རེར་སྒོར་1500ཡོད་པས། ཚང་མ་བློ་མགུ་པོ་བྱུང་ཡོད། ཁོང་ཚོའི་སེམས་གཏིང་གི་དགའ་སྣང་དེས་ང་ཚོས་བྱས་པ་འགྲིག་འདུག་སྙམ”ཞེས་སྤོབས་པ་དང་བཅས་གསར་འགོད་པར་བཤད་བྱུང་།
        དཀའ་ངལ་ཡོད་པའི་མང་ཚོགས་སྔར་ལས་མང་བ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་གཞན་སྒྱུར་དང་། འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་ཆེད། མར་ཁུག་གྲོང་ཚོས་ད་དུང་འབྲུག་མོ་ཆུ་ཚན་ལུས་གསོའི་ལྟེ་གནས་ཀྱི་རྨང་གཞིའི་ཐོག་འབྲུག་མོ་ཆུ་ཚན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས། ཆུ་རྐྱལ་དང་། བཟའ་བཏུང་། སྦྲ་གུར་ལུས་འཁྲུ་སོགས་ཀྱི་རྣམ་གྲངས་མང་པོ་གཉེར་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད།
        ལོ་43ལ་སླེབས་པའི་ཡར་འཕེལ་ནི་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཡིན་པ་དང་། ཁོང་གི་ཁྱིམ་དུ་ནང་མི་བདུན་ཡོད། 2016ལོར་དབུལ་སྒྲོལ་བྱས་ཀྱང་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་བལྟོས་བཅས་ཀྱིས་རྐྱང་པ་ཡིན་པ་དང་། ལོར་ཁྱོན་བསྡོམས་ཡོང་འབབ་སྒོར་ཁྲི་7ལྷག་ལས་མེད་པས་འཚོ་བ་འཕྱིད་ཙམ་རེད།
        “ཁོ་བོ་ཕྱིར་གླ་པར་ཕྱིན་ནས་ཁྱིམ་ཚང་ལ་ཡོང་སྒོ་གསོག་འདོད་བྱུང་། ཡིན་ནའང་ཁྱིམ་དུ་ལོ་93ལ་སླེབས་པའི་ཨ་མ་རྒན་མོར་ལྟ་རྟོག་བྱེད་དགོས་པ་དང་། ད་དུང་ལོ་15ལ་སླེབས་པའི་ཕྲུ་གུར་ལྟ་དགོས་སྟབས་ལུས་པོས་ལྕོགས་ཐབས་བྲལ་ད་ཆ་ཡག་པོ་བྱུང་སོང་། གྲོང་ཚོར་ཆུ་ཚན་གྱི་མཉམ་ལས་རྩ་འཛུགས་འདི་ཡོད་པས། ཁོ་བོས་གཅིག་ནས་གླ་པར་འགྲོ་ཞོར་ཁྱིམ་ལ་ལྟ་རྟོག་ཐུབ་པས་གཅིག་གོ་ཉིས་ཆོད་རང་རེད”ཅེས་ཡར་འཕེལ་གྱིས་དགའ་ཚོར་ངང་བཤད།
        ད་ཆ་ཡར་འཕེལ་འབྲུག་མོ་ཆུ་ཚན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་མར་པའི་ཨར་སྐྲུན་ཀུང་སིར་གཙང་སྦྲ་དང་བདེ་སྲུང་གི་ལས་ཀའི་འགན་ཁུར་ནས་ཉིན་རེ་གླ་ཕོགས་སྒོར་150ཡོད། ལས་རིགས་ལག་རྩལ་སློབ་གྲྭ་ནས་ཐོན་པའི་བུ་མོ་རྒན་པ་ཚེ་རིང་ལྷ་མོ་ཡང་འབྲུག་མོ་ཆུ་ཚན་ལུས་གསོའི་ལྟེ་གནས་སུ་དངུལ་བསྡུ་མཁན་ཡིན་པ་དང་། ཟླ་རེར་གླ་ཆ་སྒོར་1500ཡོད།
        འབྲུག་མོ་ཆུ་ཚན་གྱི་སྐད་གྲགས་རིམ་བཞིན་ཆེ་རུ་སོང་ནས་དེར་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་ཕྱིན་པ་དེས་གྲོང་ཚོའི་སོས་དལ་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཐུབ་པ་མ་ཟད། ཡར་འཕེལ་ཁྱིམ་ལ་ཡང“ཁྲོམ་བཀྱག་གི་བོགས་དངུལ”དང་མཉམ་ལས་རྩ་འཛུགས་བགོ་འགྲེམ་སོགས་ཀྱི་ཡོང་འབབ་ཀྱང་བྱུང་ནས། 2019ལོའི་ལོ་མཇུག་ཏུ་ཡར་འཕེལ་ཁྱིམ་ལ་ཆ་སྙོམས་མི་རེར་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.7ཟིན་ཏེ་འཚོ་བ་ཆེས་ཆེར་ཡག་ཏུ་སོང་ཡོད།
        འབྱུང་འགྱུར་ལ་ཡིད་སྨོན་བཅངས་ནས་རེ་བ་གསར་པ་འབུས་པ།
        ལྷ་ས་ནས་ཡིན་པའི་སྐུ་མགྲོན་བཀྲ་ཤིས་ཕུན་ཚོགས་ཀྱིས“དེ་གའི་སྣོད་བཅུད་ཁོར་ཡུག་ཡག་ལ་ཆུ་ཚན་གྱི་ཕན་ནུས་ཆེ་བ་མ་ཟད་དོ་དམ་ཚད་ལྡན་དང་ཞབས་ཞུ་གནད་ལ་འཁེལ་བ་ཞིག་འདུག 2019ལོའི་ལོ་མཇུག་ཏུ་འབྲུག་མོ་ཆུ་ཚན་ལུས་གསོའི་ལྟེ་གནས་བཙུགས་པ་ནས་བཟུང་ང་ཚོ་དུས་ཚོད་བྱུང་རིམ་བཞིན་ཁྱིམ་གྱི་རྒན་རྒོན་ཁྲིད་ནས་ཆུ་ཚན་བརྒལ་བར་ཡོང་གི་ཡོད། དེ་གའི་ལེ་ལག་སྒྲིག་བཀོད་ད་དུང་འཐུས་སྒོ་ཚང་དུ་བཏང་ཐུབ་ཚེ་དངོས་གནས་ཚོང་ཡག་པོ་ཡོང་བ་འདུག”ཅེས་གསར་འགོད་པར་བཤད་བྱུང་།
        “ད་ཆ་ཉིན་ལྟར་ལྷ་ས་དང་། ནག་ཆུ། ཉེ་འཁོར་གྱི་རྫོང་གྲོང་། ཤང་དང་གྲོང་རྡལ་བཅས་ནས་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད། མང་བའི་སྐབས་སུ་ཉིན་གཅིག་ལ་མི་80ལྷག་ཙམ་ཟིན་པ་དང་མི་རེས་འགྲོ་སོང་སྒོར་300བཏང་བར་བརྩིས་ན་ང་ཚོར་ཡོང་འབབ་མི་དམན་པ་ཞིག་ཡོད། དེས་ན་དོ་དམ་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་སྒྲིག་ཆས་ཁག་གི་མཐུན་རྐྱེན་ལེགས་སུ་གཏོང་ཐབས་བྱ་རྒྱུ་ནི་ང་ཚོས་ཡུལ་སྐོར་བ་བཀུག་ནས་ཡོང་འབབ་གསོག་པའི་ནོར་གཞོང་སྲུང་སྐྱོང་བྱེད་པའི་ཐབས་ཤེས་གཅིག་པུ་དེ་ཡིན”ཞེས་བསྟན་འཛིན་དབང་རྒྱལ་གྱིས་བཤད།
        ཚ་ཆུ་ཤང་གི་ཤང་ཀྲང་ཝང་ཧྲའོ་ཧྥན་གྱིས“ད་ཆ་ཤང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་16གི་ཁྲོད་མར་ཁུག་གྲོང་ཚོ་ཉིད་ཐོན་ལས་ཀྱི་ཚུགས་གནས་དང་། དོན་དངོས་འཕེལ་རྒྱས་གང་གི་ཐོག་ནས་མདུན་གྲལ་དུ་བསྐྱོད་ཡོད་པས་ཁོང་ཚོས་སྔར་བས་འབབ་འཕར་ཕྱུག་འགྱུར་ཡོང་བར་ཡིད་ཆེས་ཆེན་པོ་ཡོད”ཅེས་གསར་འགོད་པར་བཤད་བྱུང་།
        འདི་ལོ་འབྱུང་འགྱུར་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་མར་ཁུག་གྲོང་ཚོའི་འབྲུག་མོ་ཆུ་ཚན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་མ་དངུལ་སྒོར་ཁྲི་230བཏང་ནས་ལུས་གསོའི་ལྟེ་གནས་ཀྱི་ལེ་ལག་སྒྲིག་ཆས་དང་། ཆུ་ཚན་མགྲོན་ཁང་རྒྱག་པ། རྩྭ་ཐང་གི་ཁྱད་ལྡན་འབྲོག་པའི་སྤྲོ་སྐྱིད་ཁང་རྒྱག་པ་བཅས་ཀྱི་འཆར་གཞི་ཡོད་ལ། ཚ་ཆུ་ཤང་སྲིད་གཞུང་གིས་བྱ་ཐབས་འོས་འཚམ་གྱི་ཐོག་ནས་མཉམ་ལས་ཁང་ལ་སྒོར་ཁྲི་150གཏོང་བ་དང་མ་རྐང་40%བཟུང་བའི་ཐོག་ནས་འབྲུག་མོ་ཆུ་ཚན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་རྒྱ་སྟོབས་ཆེ་རུ་གཏོང་བའི་གྲ་སྒྲིག་ཀྱང་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།