དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དམངས་ཡོངས་ལུས་སྦྱོང་བྱེད་པའི་ཉིན། ། ཁྱིམ་ནས་མི་འདུག་ཕྱི་ལ་འབུད། ། ཕྱི་ནས་མི་འདུག་ལུས་སྦྱོང་བྱེད། ། ལུས་སྦྱོང་བྱས་ཏེ་བདེ་ཐང་སྐྲུན། །

སྤེལ་དུས 2020-08-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་8པའི་ཚེས་8ཉིན་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2020ལོའི་བོད་རང་སྐྱོང་ལྗོངས་“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”བྱེད་སྒོའི་འགོ་ཚུགས་མཛད་སྒོ་དེ་ལྷ་སར་སྤེལ་ནས།  2020ལོའི་བོད་རང་སྐྱོང་ལྗོངས་ཀྱི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”ཡི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད། 
འགོ་ཚུགས་མཛད་སྒོའི་ཡུལ་དངོས།  
       2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”ཡི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི། “དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་བར་རམ་འདེགས་བྱེད”ཅེས་པ་དེ་རེད། 
       བོད་ལྗོངས་ཀྱི་ཕུལ་བྱུང་ལུས་སྦྱོང་ས་ཚིགས་སོ་སོ་ནས་ཡོང་བའི་སྤྱི་ཚོགས་ལུས་རྩལ་རྩ་འཛུགས་ཀྱི་འཐུས་མི་རུ་ཁག་13དང་།  ལུས་སྦྱོང་ལ་དགའ་མཁན་གྱི་མི300ལྷག་མཉམ་དུ་འདུས་ནས།  སྐོར་བྲོ་དང་ལུས་སྦྱོང་ལུས་རྩལ། བྲོ་གར། ཡོ་ག ཐའེ་ཅི་དྲག་རྩལ། མཉེན་ཤུགས་སྤོ་ལོ་སོགས་དམངས་ཡོངས་ཀྱི་ལུས་སྦྱོང་ཕུལ་བྱུང་རྣམ་གྲངས་དག་འཁྲབ་སྟོན་བྱས་པ་རེད། 
       བྱེད་སྒོའི་ཡུལ་དངོས་སུ་ལུས་སྦྱོང་ལ་དགའ་མཁན་ཚོའི་ཡར་ཐོན་བརྩོན་ལེན་དང་ཞུམ་མེད་མདུན་སྐྱོད་ཀྱི་སྙིང་སྟོབས་དང་། བདེ་ལྕག་འཁྱུག་པའི་ཉམས་འགྱུར་གྱིས་དམངས་ཡོངས་ལ་ལུས་སྦྱོང་ཐད་ཀྱི་སྟོན་མོ་ཆེན་པོ་ཞིག་བཤམས་པ་དང་། དེ་དང་དུས་མཚུངས་སུ་ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་སྒོའི་ཁྲོད་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱང་ཀུན་ལ་ངོམ་པ་རེད། 
མཉེན་ཤུགས་སྤོ་ལོ་འཁྲབ་སྟོན་བྱེད་བཞིན་པ།
       བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པས་“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”འགོ་ཚུགས་མཛད་སྒོ་གཉེར་བ་དེ་ནི་མང་ཚོགས་ལ་དྲིལ་བསྒྲགས་དང་སྐུལ་སློང་ཆེན་པོ་བྱས་ནས་མང་ཚོགས་ཀྱིས་“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”སྐོར་ཧ་གོ་བ་དང་འདིའི་ནང་དུ་ཞུགས་མཁན་ཇེ་མང་དུ་བཏང་སྟེ་སྤྱི་ཚོགས་ཡོངས་ནས་ལུས་སྦྱོང་ལ་བརྩི་མཐོང་དང་། ལུས་སྦྱོང་ལ་ཞུགས་པ། བདེ་ཐང་དང་དཔལ་ཡོན་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་དེ་བས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས། ས་མཐོའི་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་གྱི་ཚ་རླབས་ཤིག་མུ་མཐུད་དུ་འཕྱུར་དུ་འཇུག་རྒྱུ་དེ་ཡིན་ཞེས་བཤད།
       རྒྱུས་ལོན་བྱུང་བ་ལྟར་ན། དམངས་ཡོངས་ཀྱི་ལུས་སྦྱོང་ནང་ཞུགས་མཁན་མང་ཚོགས་ཀྱི་མྱོང་ཚོར་དང་ཉམས་ལེན་གྱི་ཚོར་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། བྱེད་སྒོ་སྤེལ་རིང་ད་དུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རོལ་མྱོང་ཁུལ་དང་རྒྱལ་དམངས་ཀྱི་གཟུགས་གཞིའི་ལྟ་ཞིབ་ཚད་ལེན་བྱེད་སྒོ་ཡང་བཀོད་སྒྲིག་བྱས་ཡོད། 
ཐའེ་ཆོན་དྲག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
ཐའེ་ཅི་དྲག་རྩལ་འཁྲབ་སྟོན་བྱེད་བཞིན་པ།