དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་དུ་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2020-08-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་8ཚེས་10ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་གྱི་རི་ལྡེབས་ནགས་བཟོ་དང་། རི་ལྡེབས་ཉམས་བཟོ། གནམ་གྲུས་སོན་འདེབས་ནགས་བཟོ་སོགས་རྣམ་གྲངས་ཀྱི་ས་གནས་ས་ཐོག་ཏུ་ཕེབས་ནས་རང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་ལ་བརྟག་ཞིབ་གནང་བ་རེད། འདི་ནི་ཝུའུ་དབྱིང་ཅེས་སྣེའུ་ཁུལ་གསར་ཚ་གུར་འདེབས་ཁུལ་དུ་གནམ་གྲུས་སོན་འདེབས་ནགས་བཟོའི་གནས་ཚུལ་མཁྱེན་རྟོགས་གནང་བ།
        ཚེས་10ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་གྱི་རི་ལྡེབས་ནགས་བཟོ་དང་། རི་ལྡེབས་ཉམས་བཟོ། གནམ་གྲུས་སོན་འདེབས་ནགས་བཟོ་སོགས་རྣམ་གྲངས་ཀྱི་ས་གནས་ས་ཐོག་ཏུ་ཕེབས་ནས་རང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་དང་ཐོག་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྣོད་བཅུད་སྔོན་སྒྲུབ་ཀྱི་འདུ་ཤེས་འཛུགས་པ་དང་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཐོག་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྣོད་བཅུད་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 
        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་བརྟག་ཞིབ་ནང་ཕེབས་རོགས་ཞུས་པ་རེད། ལྷ་ས་གྲོང་ཁྱེར་གྱིས་འདི་ལོ་ནགས་བཟོ་བྱེད་པར“སྔོན་ལ་ནགས་བཟོ་དང་རྗེས་སུ་ཁ་གསབ་སྤྲོད་པའི”ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱས་ཏེ་ནགས་བཟོ་མུའུ་1704བྱ་རྩིས་ཡོད་པ་རེད། ཝུའུ་དབྱིང་ཅེ་དང་ཐོག་བུམ་པ་རིའི་ནགས་བཟོ་སྔོ་འགྱུར་ལས་གྲྭར་ཕེབས་ནས་རྣམ་གྲངས་ཀྱི་འཕེལ་རིམ་མཁྱེན་རྟོགས་གནང་བ་རེད། རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་དེ་སྔའི་གད་སྙིགས་སྦས་ས་དེར་ད་ཆ་ཤུག་པས་ཁེངས་པ་དང་སྤང་སྔོ་ཐིང་ཐིང་སྐྱེས་ནས་སྣོད་བཅུད་སླར་གསོ་ཡག་པོ་བྱུང་ཡོད་པ་རེད། “ཤིང་རིགས་ག་རེ་བཏབ་ཡོད་དམ”“སྡོང་ཕྲུག་གི་རིན་གོང་ཇི་ཙམ་ཡིན་ནམ”“རི་ལྡེབས་ཀྱི་ས་རྒྱུ་མཐུག་པོ་འདུག་གམ”ཝུའུ་དབྱིང་ཅེས་བཀའ་འདྲི་ཞིབ་ཚགས་གནང་བ་དང་འབྲེལ་ནགས་བཟོའི་མི་སྣ་དང་བྱམས་བརྩེའི་གླེང་མོལ་གནང་ནས་ཁོང་ཚོའི་ལས་ཀ་དང་ཡོང་འབབ་སྐོར་བཀའ་འདྲི་གནང་བ་རེད། ཝུའུ་དབྱིང་ཅེས་བསྟན་གནང་དོན། ཉམས་མྱོང་སྔར་བས་ཕྱོགས་སྡོམ་ཡག་པོ་བྱས་ཏེ་ཆ་རྐྱེན་ཡོད་པའི་སར་གདོད་མའི་སྔོ་ཁེབས་སྲུང་སྐྱོང་དང་སྣོད་བཅུད་ཁོར་ཡུག་སླར་གསོ་བྱེད་པའི་སྔོན་འགྲོའི་འོག་ས་སྟོང་ཡོད་ཚད་དུ་ལྗོན་ཤིང་བཙུགས་ཏེ་གྲོང་ཁྱེར་མཐའ་འཁོར་གྱི་རི་ལྡེབས་སུ་སྔོ་འགྱུར་ལས་དོན་སྤེལ་བར་སྐུལ་འདེད་གཏོང་དགོས། ཕུགས་ལ་དམིགས་པ་དང་ཡུལ་བབ་དང་བསྟུན་ནས་བོད་ཀྱི་དམིགས་བསལ་ས་ཁམས་དང་། གནམ་གཤིས་ཁོར་ཡུག་དང་གྲོང་ཁྱེར། ཞིང་འབྲོག་ཁུལ་གྱི་དགོས་མཁོ་མི་འདྲ་བ་བཅས་ལ་དམིགས་ནས་སྡོང་ཕྲུག་གི་སྣ་ཁ་གནད་སྨིན་འདེམས་གསོ་བྱེད་པ་དང་། ཚན་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། དུས་མཇུག་གི་བདག་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྗོན་ཤིང་གསོན་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ནགས་དབང་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་ནགས་བཟོའི་ལམ་སྲོལ་གསར་གཏོད་བྱས་ཏེ་ཞིང་འབྲོག་པས་འགན་གཙང་ལེན་པ་དང་སྲིད་གཞུང་དང་ཁེ་ལས་མཉམ་ལས་སོགས་ཀྱི་དཔེ་དབྱིབས་ཁྱབ་གདལ་གཏོང་བ་བརྒྱུད་སྤྱི་ཚོགས་ཀྱི་ནགས་བཟོའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ཐོག“སྲིད་གཞུང་གིས་སྔོ་འགྱུར་དང་། མང་ཚོགས་ལ་ཁེ་ཕན་ཐོབ་པ། ཁེ་ལས་ལ་ཕན་འབྲས་ཐོན་པ”བཅས་ཀྱི་ཕྱོགས་མང་གི་ཁེ་ཕན་ཐོབ་པ་བྱེད་དགོས།
        ལྷ་སའི“ལྗང་མདོག་གིས་གྲོང་ཁྱེར་སྐོར་བའི”ལྷོ་བྱང་རི་བོའི་སྣོད་བཅུད་སླར་གསོའི་ནགས་བཟོའི་ལས་གྲྭའི་བྱང་རིའི་ནགས་བཟོའི་ས་ཚིགས་དེ་ལྷ་ཀླུ་འདམ་རའི་འགྲམ་དུ་གནས་ཡོད་པ་དང་། 2018ལོ་ནས་ལག་བསྟར་བྱས་ཚུན་སྡོང་ཕྲུག་650ལྷག་ཙམ་བཙུགས་པ་དང་རི་རྒྱ་ནགས་གསོ་མུའུ་2000བྱས་པ་རེད། ཝུའུ་དབྱིང་ཅེ་རི་ལྡེབས་བརྒྱུད་ནགས་བཟོ་བྱ་ཡུལ་དུ་ཕེབས་སྐབས་དེ་གར་རྒྱ་ཤུག་དང་། ཚོས་སེར་སྡོང་པོ། གངས་གསོམ་སོགས་ལྗོན་ཤིང་སྣ་ཚོགས་ཀྱི་སྐྱེ་འཚར་ལེགས་ཤིང་གདོད་མའི་སྔོ་ཁེབས་དང་ཞི་མཐུན་མཉམ་སྐྱེས་ཀྱིས་ནགས་བཟོ་སྔོ་འགྱུར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད། ཝུའུ་དབྱིང་ཅེས་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བྱས་འབྲས་འཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད་པའི་བསམ་བློ་བརྟན་པོར་བཙུགས་ཏེ་རྒྱུན་འཁྱོངས་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་བརྟན་པོ་བཏང་ནས་སྔོ་ལྗང་རི་ཆུ་དང་ཁྱད་ཆོས་མངོན་གསལ་དོད་པའི་ས་མཐོའི་མཛེས་ལྗོངས་ཤིག་གཏོད་པ་དང་། མང་ཚོགས་སྣོད་བཅུད་འཛུགས་སྐྲུན་ལ་ཞུགས་པར་སྐུལ་ཁྲིད་དང་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་མང་ཚོགས་ཀྱིས་སྣོད་བཅུད་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་ཡོང་བར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ་རི་བོ་སྔོ་འགྱུར་དང་སྣོད་བཅུད་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག“སྔོ་ལྗང་སྐོར་ལམ”དང“སྤྲོ་གསེང་རྐང་ལམ”སོགས་ལེ་ལག་ཚང་བའི་ལས་གྲྭའི་འཛུགས་སྐྲུན་ཚན་རིག་དང་མཐུན་པར་འཆར་འགོད་བྱེད་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང་ནགས་བཟོའི་ལས་གྲྭའི་ཕན་འབྲས་ཆེ་རུ་དང་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་བཏང་སྟེ་གྲོང་མི་དང་ཡུལ་སྐོར་བར་སྤྲོ་གསེང་ལྟ་སྐོར་དང་། རང་བྱུང་མཛེས་ལྗོངས་མྱོང་རོལ། སྣོད་བཅུད་སློབ་གསོ་དང་ལེན་བཅས་བྱ་ཡུལ་ཡག་པོ་ཞིག་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ལྷ་ཀླུ་རི་ལྡེབས་ཀྱི་སྣོད་བཅུད་སླར་གསོའི་རྣམ་གྲངས་དེ་ལྷ་ཀླུ་འདམ་རའི་ནུབ་བྱང་ངོས་སུ་གནས་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་3ཡོད། དེ་སྔོན་གཏོར་སྐྱོན་ཐེབས་པའི་རི་ལྡེབས་ཀྱི་སྔོ་འགྱུར་སླར་གསོ་བརྒྱུད་མིག་སྔར་སྔོ་ཁེབས་ཁྱབ་ཚད་90%ལྷག་ཙམ་ཟིན་ཡོད་པ་རེད།
ཝུའུ་དབྱིང་ཅེས་སྣོད་བཅུད་སྲུང་སྐྱོང་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པས་མི་ཚང་མས་མཐོང་ཆེན་དང་དེར་ཞུགས་ནས“སྲིད་གཞུང་གིས་ཁྲིད་སྟོན་དང་། སྤྱི་དམངས་ཞུགས་པ། སྤྱི་ཚོགས་ཀྱིས་མ་རྩ་འཇོག་པ”བཅས་ཀྱི་སྣོད་བཅུད་འཛུགས་སྐྲུན་རྣམ་པ་ཧུར་ཐག་གཏོད་དགོས། རང་སྐྱོང་ལྗོངས་ཀྱིས་འབྲེལ་ཡོད་ཀྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་བཟོས་ཏེ་ཁེ་ལས་ཁག་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་ཞུགས་རྒྱུར་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་དགོས་པ་དང་། འབྲེལ་ཡོད་དམངས་གཉེར་ཁེ་ལས་ཀྱིས་མིག་རྒྱང་རིང་བ་དང་བོད་དུ་གཞིས་ཆགས་པའི་འདུན་པ་བཅངས་ཏེ་ཡོང་འབབ་བརྟན་པོ་ཡོང་བ་དང་ཆབས་ཅིག་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཧུར་ཐག་ཞུགས་དགོས་ཞེས་ནན་བཤད་གནང་བ་རེད།
འདི་ལོའི་ཟླ་6ཚེས་9ཉིན། རང་ལྗོངས་ཀྱི་གནམ་གྲུས་སོན་འདེབས་ནགས་བཟོའི་ཚོད་ལྟའི་རི་ཐང་དུ་འདེབས་འཛུགས་ལས་དོན་ཐོག་མར་བྱེད་འགོ་ཚུགས་ཤིང་། ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱིས་ཁྱོན་མུའུ་ཁྲི་21.8ལ་གནམ་གྲུས་གསོན་འདེབས་ནགས་བཟོ་ཚོད་ལྟ་བྱས་པ་རེད། གནམ་གྲུས་སོན་འདེབས་ནགས་བཟོའི་ཚོད་ལྟའི་ཕན་འབྲས་གང་འདྲ་བྱུང་མིན་ཐད་ཝུའུ་དབྱིང་ཅེས་དོ་ཁུར་ཆེན་པོ་གནང་ནས་ཆེད་མངགས་སྣེའུ་ཁུལ་གསར་ཚ་གུར་འདེབས་ཁུལ་དུ་ཕེབས་ནས་ཞབས་ཐང་མར་ཆུ་བརྒལ་ཏེ་གནམ་གྲུས་སོན་འདེབས་ནགས་བཟོའི་སྡོང་ཕྲུག་སྐྱེ་འཚར་གནས་ཚུལ་ལ་གཟིགས་པ་རེད། ནགས་ལས་རིགས་གཅིག་མཁས་ཅན་གྱིས་རི་ཐང་དུ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་འདེབས་ཁུལ་9ཡི་ས་བོན་སྐྱེ་འགོ་ཚུགས་ནས་གནམ་གྲུས་སོན་འདེབས་ནགས་བཟོའི་ཕན་འབྲས་རགས་ཙམ་ཐོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ཝུའུ་དབྱིང་ཅེས་བསྟན་དོན། གནམ་གྲུས་སོན་འདེབས་ནགས་བཟོ་བྱས་པར་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པར་དོན་སྙིང་གལ་ཆེན་ལྡན་ཡོད་པས་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་ངོས་འཛིན་མཐོ་རུ་གཏོང་བ་དང་། འགོ་ཁྲིད་དང་། གཞོགས་འདེགས། དོ་དམ་བཅས་ལ་ཤུགས་སྣོན་བརྒྱབ་ནས་གནམ་གྲུས་སོན་འདེབས་ནགས་བཟོའི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། སྣོད་བཅུད་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཕན་འབྲས་གཅིག་གྱུར་མཐའ་འཁྱོངས་དང་། རང་བྱུང་ཁོར་ཡུག་ཡག་པོ་དང་གདོད་མའི་སྣོད་བཅུད་ཀྱི་རི་ཆུའི་མཛེས་ལྗོངས་ལ་བརྟེན་ནས་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ། བོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་དམངས་སྲོལ་རིག་གནས་ཡུལ་སྐོར་རྣམ་གྲངས་ཁག་གཅིག་འཆར་འགོད་དང་གཏོད་པ། ཡུལ་སྐོར་བས་བོད་ཀྱི་རིག་གནས་མྱོང་རོལ་དང་ས་མཐོའི་སྣོད་བཅུད་མྱོང་རོལ་ཕུན་སུམ་ཚོགས་པོ་དང་རིམ་པ་སྤར་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་སྟབས་བདེ་ས་དང་ཐག་ཉེ་སར་ཐོན་ལས་འཕེལ་རྒྱས་ལ་ཞུགས་རྒྱུར་སྐུལ་ཁྲིད་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཀྱིས་སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རིར་དངོས་སུ་འགྱུར་བར་བྱེད་དགོས།