དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་སུ་ཁམས་གསོ་དང་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་ཚོད་ལྟ་བྱེད་སའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ།

སྤེལ་དུས 2020-08-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
འདི་ནི་སྒོ་བྱང་འགེལ་བའི་མཛད་སྒོའི་ཡུལ་དངོས་རེད།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་8པའི་ཚེས་11ཉིན། རང་སྐྱོང་ལྗོངས་རིམ་པའི་ཁམས་གསོ་དང་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞི་ཁག་དང་པོའི་ཚོད་ལྟ་བྱེད་སའི་སྒོ་བྱང་འགེལ་བའི་མཛད་སྒོ་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཁྱབ་གདལ་གཏོང་བའི་བྱེད་སྒོ་དེ་ལྷ་སར་སྤེལ།  རང་སྐྱོང་ལྗོངས་རིམ་པའི་ཁམས་གསོ་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་ཚོད་ལྟ་བྱེད་ས་ཁག་དང་པོ་ནི། སྟག་གདོང་གྲོང་ཚོ་དང་། ཡངས་པ་ཅན་ཆུ་ཚན། བདུད་རྩིའི་ཆུ་མིག་བོད་ཀྱི་སྨན་ལུམས་བཅས་རེད།
       ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཁོངས་གཏོགས་ཀྱིས་བྱེད་ཐབས་ཁག་སྤྱི་འདོམས་ཀྱིས་དོན་འཁྱོལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཧུར་ཐག་སྒོས་བཞག་ཡོད་པ་དང་། བསྡོམས་རྩིས་བྱས་པ་ལྟར་ན། ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ཞིང་འབྲོག་པ་ཁྲི་4.19ལས་ཞུགས་གཞན་སྒྱུར་བྱས་ཏེ་ཡོང་འབབ་སྒོར་དུང་ཕྱུར་1.67མངོན་འགྱུར་བྱུང་ཡོད། ལྷག་པར་དུ་ཟླ་5པ་དང་6པའི་ཚུན་ཆད་དུ། བོད་ལྗོངས་ཀྱི་ཡུལ་སྐོར་ཡོང་འབབ་རྒྱལ་ཡོངས་ཀྱི་སྔོན་ལ་དྲང་འཕར་བྱུང་སྟེ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན།
       ཟླ་5པའི་ཟླ་སྟོད་དུ། བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་ཁམས་གསོ་དང་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་ཚོད་ལྟ་བྱེད་སའི་ལས་དོན་ཁག་དང་པོ་སྔོན་ལ་སྤེལ་རྒྱུར་སྐུལ་འདེད་བཏང་ཞིང་། དཔེ་སྟོན་རང་བཞིན་གྱི་རྟེན་གཞི་ཁག་དེར་རང་སོ་སོའི་ཁྱད་ཆོས་ལྡན་ཡོད་དེ། ཐོན་ལས་འཕེལ་རྒྱས་ཀྱི་ཐད་ནས་སྐུལ་ཁྲིད་རང་བཞིན་དང་ཁྱབ་འགྱེད་ཀྱི་རང་བཞིན་ལྡན་པ་དང་། ཡུལ་སྐོར་སྤྲོ་གསེང་དང་བདེ་ཐང་ལུས་གསོ་སོགས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དེ་དུས་སྐབས་འདིའི་ལས་རྣམ་གསར་པའི་འཕེལ་ཕྱོགས་སུ་གྱུར་ཡོད། ལས་རིགས་གསར་པ་དང་ཆེད་དོན་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བ་བརྒྱུད། བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་རྫས་ཀྱི་མཁོ་སྤྲོད་དང་ངོ་བོ་གཅིག་མཚུངས་རང་བཞིན་གྱི་འཕེལ་རྒྱས་ཀྱི་གནད་དོན་ཁ་གསབ་བྱས། 
འདི་ནི་གན་རྒྱ་འཇོག་པའི་མཛད་སྒོའི་ཡུལ་དངོས་རེད།
       རིམས་ནད་ཀྱིས་ཡུལ་སྐོར་ཁྲོམ་རར་རྡུང་རྡེག་བཏང་བ་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་ཀྱིས་ཟླ་3པའི་ཟླ་མཇུག་ཏུ་གོ་རིམ་ལྡན་པའི་ངང་རང་བྱུང་རིགས་ཀྱི་མཛེས་ལྗོངས་ཁུལ་300ལྷག་ཙམ་གྱི་སྒོ་མོ་ཕྱེས་པར་མ་ཟད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་དུས་ཚིགས་གཙོ་གནད་དུ་བཟུང་སྟེ། སྔོན་ལ་ཡུལ་སྐོར་ཁྲོམ་རའི་སྐད་གྲགས་མཐོ་རུ་གཏོང་བའི་བྱེད་སྒོ་སྤེལ་བ་དང་། ལྗོངས་ནང་ཁུལ་གྱི་རྐང་འཛིན་ཡུལ་སྐོར་ལས་དོན་ཁང་སྒྲིག་འཛུགས་བྱས་ནས་ཉིང་ཁྲིར་བསྐྱོད་དེ་རྟོག་ཞིབ་བྱས་ནས། ཁྲོམ་རའི་དགོས་མཁོ་དང་མཐུན་པའི་ཐོན་རྫས་ཀྱི་ལམ་ཐིག་གསར་བཟོ་བྱས་པ་རེད། 
       ཉིན་ཤས་སྔོན། བོད་རང་སྐྱོང་ལྗོངས་ལྷ་ས་སྟག་གདོང་གྲོང་ཚོ་སོགས་གྲོང་ཚོ་21རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མིང་གཞུང་ཁག་གཉིས་པའི་གྲོང་གསེབ་ཀྱི་མིང་ཐོའི་ནང་དུ་ཚུད་ཅིང་། 2020ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་བོད་རང་སྐྱོང་ལྗོངས་བཟོ་ཚོང་དངུལ་ཁང་དང་ཞིང་ལས་དངུལ་ཁང་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། “བོད་ཀྱི་གཞིས་ཁྱིམ་དངུལ་བུན”གྱི་ལས་སྒོ་སྤེལ་བའི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་།  “བོད་ཀྱི་གཞིས་ཁྱིམ་དངུལ་བུན་”ཁྱབ་གདལ་དུ་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ཀྱི་སྐོར་གྲོས་བསྡུར་བྱས་པ་རེད། 
       བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་པས་བཤད་རྒྱུར། ནུས་ཤུགས་ཡོད་རྒུས་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་གྲོང་གསེབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བྱེད་སྟངས་གསར་པ་གསར་གཏོད་བྱས་ཏེ། སྔོ་ཞིང་དྭངས་པའི་རི་ཆུ་དངོས་གནས་གསེར་རི་དངུལ་རིར་འགྱུར་བ་བྱེད་དགོས་པ་དང་། ཐོན་ལས་གནད་དུ་འཁེལ་བ་འདེམས་པ་དང་། གནད་སྨིན་ཕྱུག་འཕྱུར།ཐུན་མོང་སྒོས་ཕྱུག་པོ་ཆགས་པ་བཅས་བྱེད་དགོས། བོད་ལྗོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་གྲོང་གསེབ་ཀྱི་དངོས་པོ་དང་བསམ་པའི་བར་སྟོང་སྦྲེལ་མཐུད་བྱེད་པའི་ལས་འགན་ལྗིད་པོ་འཁུར་དགོས་པར་མ་ཟད། རང་བྱུང་ཁམས་ཆེན་མོའི་ཁྲོད་མི་དང་རང་བྱུང་ཁམས་གཅིག་གྱུར་ཡོང་བ་དང་། དམངས་སྲོལ་གོམས་གཤིས་འཆམ་མཐུན་མཉམ་གནས་ཡོང་བ་བྱས་ཏེ། འབད་པ་ཆེན་པོས་རྣམ་པ་སྣ་ཚོགས་དང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི“གངས་ལྗོངས་ཡུལ་ཆིངས”ཀྱི་མུ་འབྲེལ་ཐོན་རྫས་སྔོག་འདོན་བྱེད་དགོས་ཞེས་བསྟན།