དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“དུས་རབས་གསར་པར་མཐའ་མཚམས་སུ་བསྐྱོད་པ་ལས་བོད་ལྗོངས་ཀྱི་ལེའུ”ཞེས་པ་ལས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནོར་བུ་ལྟ་བུར་གྱུར་པའི་གྲོ་མོའི་ཉ་མོ།

སྤེལ་དུས 2020-09-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “དུས་རབས་གསར་པར་མཐའ་མཚམས་སུ་བསྐྱོད་པ་ལས་བོད་ལྗོངས་ཀྱི་ལེའུ”ཞེས་པའི་དྲ་རྒྱའི་དཔྱད་གཏམ་ཁྲིད་སྟོན་གྱི་ཡུལ་དངོས་བྱེད་སྒོའི་བཅར་འདྲི་ཚོགས་པ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུ་ཡོང་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི“ནོར་བུར”འབོད་པའི“ཉ་མོ”ཞིག་ལ་རྒྱུས་ལོན་བཅར་འདྲི་བྱས་པ་རེད། 
འདི་ནི་སྔོ་ལྗང་རི་བོས་བསྐོར་བའི་གྲོ་མོའི་སྣོད་བཅུད་ཐོན་ལས་གླིང་གྲོ་མོའི་ཉ་མོ་གསོ་སྤེལ་ས་ཁུལ་རེད། 
       ཉེ་བའི་ལོ་ཤས་རིང་། གྲོ་མོ་རྫོང་གིས་སྣོད་བཅུད་སྲུང་སྐྱོང་ལ་དམིགས་ནས་རི་ཆུ་ཀླུང་གསུམ་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ“གསོ་སྤེལ་རྟེན་གཞི+མཉམ་ལས་ཁང+ཐོན་ལས་གླིང་+བྲིན་ཚོང་ཀུང་སིའི”གཉེར་སྐྱོང་བྱེད་སྟངས་སྤྱད་པ་དང་། གྲོ་མོའི་ཉ་མོའི་སྐྱེ་ཁམས་གསོ་སྤེལ་ཐོན་ལས་ལ་བརྟེན་ནས་སྣོད་བཅུད་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་ཐོན་ལས་ཀྱི་རྨང་གཞི་བཏིང་ཡོད་པ་རེད། 
       གྲོ་མོ་རྫོང་གི་གཙང་པོའི་ནང་དུ་དམིགས་བསལ་དུ་ཡོད་པའི་གྲོ་མོའི་ཉ་མོར་ས་གནས་དེ་གར་ཉ་ཁྲ་ཁྲ་ཡང་ཟེར་ཞིང་། དེ་ནི་གཞིས་རྩེའི་གཅེས་ནོར་གསུམ་གྱི་གྲས་ཤིག་རེད། དེའི་ཤ་སོས་པ་དང་འཚོ་བཅུད་ཕུན་སུམ་ཚོགས་པས་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད། དེ་ལྟར་ནའང་གྲོ་མོའི་ཉ་མོའི་འཚོ་གནས་ཁོར་ཡུག་ལ་དམིགས་བསལ་གྱི་ཆ་རྐྱེན་ལྡན་ཕྱིར་གྲོ་མོ་རྫོང་གྲོ་མོ་སྟོད་ཤང་ནས་གྲོ་མོ་སྨད་ཤང་བར་སྤྱི་ལེ20ཙམ་ཡོད་པའི་དྭངས་གཙང་གི་སྦགས་བཙོག་མེད་པ་དང་གྲང་ངར་ཆེ་བའི་རི་ཁྲོད་ཀྱི་གཙང་ཆུའི་ནང་འཚོ་སྡོད་བྱེད་ཀྱི་ཡོད། 
འདི་ནི་གྲོ་མོའི་སྣོད་བཅུད་གླིང་གསོ་སྤེལ་ཁང་ནང་གི་གྲོ་མོའི་ཉ་མོ་རེད། 
       ངོ་སྤྲོད་བྱས་པར་གཞིགས་ན། 1992ལོར་གྲོ་མོའི་ཉ་མོ་དེ་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་གཉིས་པའི་གཙོ་གནད་ཆུ་ནང་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་ཀྱི་གྲས་སུ་བཅུག་པ་དང་། དུས་མཚུངས་སུ་སྲིད་གཞུང་གི་ཁྲིད་སྟོན་འོག ས་གནས་དེ་གའི་ཞིང་འབྲོག་པས་གྲོ་མོའི་ཉ་མོ་གསོ་སྤེལ་ཚོད་ལྟ་བྱེད་འགོ་ཚུགས་ནས་རྩ་ཆེའི་ཐོན་ཁུངས་དེར་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག དེ་དག་ལ་ལུགས་མཐུན་དང་འོས་འཚམ་ཀྱི་གསར་སྤེལ་བྱས་པ་རེད། 
འདི་ནི་གསོ་སྤེལ་རྫིང་བུའི་ནང་གི་གྲོ་མོའི་ཉ་མོ་རེད། 
       གྲོ་མོ་སྟོད་ཤང་རིན་སྤུངས་སྒང་གྲོང་ཚོའི་གྲོ་མོའི་སྣོད་བཅུད་ཐོན་ལས་གླིང་དུ་གནས་ཡོད་ཅིང་། 2017ལོ་ནས་བཟུང་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་ད་ལོའི་ཟླ་དང་པོར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད། ལས་ཡུལ་གྱི་ཆུ་གློག་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་མཁོ་བའི་ཆུ་དང་གློག མི་ཤུགས་ཐོན་ཁུངས་བཅས་ཀྱི་དགོས་མཁོ་གང་ལེགས་སྐོང་ཐུབ་ཀྱི་ཡོད། ད་ཆ་གྲོ་མོ་རྫོང་གི་སྣོད་བཅུད་གླིང་གི་གསོ་སྤེལ་ར་བའི་ནང་གི་གྲོ་མོའི་ཉ་མོས་གྲོ་མོ་རྫོང་གི་དབུལ་སྐྱོར་ཐོན་ལས་སྐུལ་སློང་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནོར་བུར་གྱུར་ཡོད། 
འདི་ནི་མགོན་པོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ་རེད། 
       གསོ་སྤེལ་ར་བའི་འགན་འཁུར་མི་སྣས། བོད་ལྗོངས་ཀའོ་ཧྥུང་སྣོད་བཅུད་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་མགོན་པོས་སྣོད་བཅུད་གླིང་བསྐྲུན་པ་དེས་ཁྱད་ལྡན་ཐོན་ལས་ཅན་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་བཏང་སྟེ། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་སྒོ་འགྲམ་དུ་ལས་ཞུགས་ཐུབ་རྒྱུར་དཔེ་སྟོན་སྣེ་ཁྲིད་བྱས་ནས་ཡོང་འབབ་མང་དུ་བཏང་ཡོད་ལ། མིག་སྔར་གླིང་ཁུལ་དུ་ས་གནས་དེ་གའི་གྲོང་མི29ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་ནས་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི6ཙམ་ཟིན་ཡོད་ཅེས་ངོ་སྤྲོད་གནང་བྱུང་། 
འདི་ནི་གསོ་སྤེལ་ཁུལ་གྱི་ཟུར་ཞིག་རེད། 
       དུས་མཚུངས་སུ། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་དེ་སེམས་གཏིང་ལ་འཇགས་པ་དང་སྣོད་བཅུད་སྲུང་སྐྱོང་ཐོན་ལས་གླིང་གི་ལས་རིམ་ཚང་མར་མངོན་ཡོད། གླིང་ཁུལ་ནང་གི་མཐོངས་ཡངས་གསོ་སྤེལ་རྫིང་བུའི་ནང་གི་ཟུར་ཞིག་ཏུ་ཆུ་རྫིང་ནང་དུ་ཆུ་གཏོར་བཞིན་ཡོད་ལ། དུས་དང་རྣམ་པ་ཀུན་ཏུ་ཉ་མོ་ཆུ་ངོས་སུ་མཆོངས་པ་མཐོང་ཐུབ། མགོན་པོས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ནི་ཆུ་བོ་གཙང་བཟོའི་མ་ལག་ཡིན་ལ། གསོ་སྤེལ་ར་བའི་ཆུ་ནི་སྦགས་བཙོག་མེད་པའི་རྨ་ཆུ་ནས་ནང་འདྲེན་བྱས་རྗེས། སྙིགས་བཙག་བྱེ་འབུད་བྱས་རྗེས་སྐྱེ་དངོས་རྫིང་བུར་དྲངས་ནས་གཙང་འགྱུར་བྱེད་པ་དང་། གསོ་རླུང་བསྣན་ནས་གསོ་རླུང་འདུས་ཚད་མང་དུ་བཏང་སྟེ་དུག་སེལ་བྱས་རྗེས་གཞི་ནས་གསོ་སྤེལ་བྱེད་རྒྱུ་དང་། “ཉ་ཕྲུག”གསོ་སྤེལ་ཁང་དུ་སྒོང་སྙོལ་ཁུལ་གྱི་འགྱིག་མདོང་སྔོན་པོར་སྤྱོད་པ་ནི་གངས་རི་ལས་དྲངས་པའི་ཆུ་མིག་ཡིན་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། གསོ་སྤེལ་ར་བའི་ཆུ་རྙོག་ཀྱང་གཙང་སེལ་ནན་པོ་བྱས་རྗེས་གཞི་ནས་ཕྱིར་གཏོང་གི་ཡོད་པ་རེད།
འདི་ནི་གྲོ་མོའི་ཐོན་ལས་གླིང་གི་ལས་བཟོ་བ་བསྟན་འཛིན་ལྷ་རྒྱལ་རེད། 
       ཐོན་ལས་གླིང་གི་ལས་བཟོ་པ་བསྟན་འཛིན་ལྷ་རྒྱལ་ནི་གྲོ་མོ་སྟོད་ཤང་གི་གྲོང་མི་ཡིན་ཏེ། ངོ་སྤྲོད་བྱས་པར་གཞིགས་ན། སྣོད་བཅུད་གླིང་དུ་ལས་ཀ་བྱེད་པར་མ་ཡོང་གོང་ཁོ་ལ་གཏན་འཇགས་ཀྱི་ལས་ཀ་མེད་ལ། ཡོང་འབབ་ནི་ལོ་ལྟར་ཉེ་འགྲམ་གྱི་ཤང་གྲོང་དུ་གླ་པ་བྱས་ནས་བྱུང་བ་རེད། 2015ལོར་ཆུ་ཐོན་གསོ་སྤེལ་གསོ་སྦྱོང་ནང་ཞུགས་པར་བརྟེན། ཁོ་རང་སྣོད་བཅུད་གླིང་དུ་ཉ་གསོ་སྤེལ་བྱེད་པའི་ལག་རྩལ་མི་སྣར་གྱུར་ནས་ཟླ་རེར་གླ་ཕོགས་སྒོར4000ལྷག་ཙམ་སྤྲོད་ཀྱི་ཡོད། ཁོས“ད་ལྟའི་འཚོ་བ་དེ་སྔ་དང་བསྡུར་ན་ཇེ་ལེགས་སུ་ཕྱིན་ཡོད་ལ། སྒོ་འགྲམ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཕུགས་འདུན་མངོན་འགྱུར་ཐུབ་རྒྱུའི་རེ་བ་ཡོད”ཅེས་ཟེར།