དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཏུན་ཧོང་གི་“དོང་རྙིའི་གསང་སྤྱོད”ཚོང་མཚམས་བཞག་ནས་བཅོས་སྒྲིག་བྱས།

སྤེལ་དུས 2020-09-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
      ཉེ་ཆར་ཀན་སུའུ་ཞིང་ཆེན་ཏུན་ཧོང་དུ་“ཡུལ་སྐོར་བར་ཆེད་དུ་གྱོང་རྒྱག་ཏུ་འཇུག་པའི་གསང་སྤྱོད”ཀྱི་སྣང་ཚུལ་བྱུང་བ་དེར་ཀུན་གྱིས་དོ་སྣང་ཆེན་པོ་བྱུང་། དེ་ཡང་གསང་སྤྱོད་ཉེ་འགྲམ་གྱི་བྱེ་མ་རྡིབ་སླ་བས། ལམ་དུ་བགྲོད་པའི་རླངས་འཁོར་བྱེ་མའི་ནང་དུ་ཟུག་རྗེས། “ལས་དོན་མི་སྣ”ཡིན་ཟེར་མཁན་འགའ་ཞིག་གིས་ཁྱེད་ལ་རླངས་འཁོར་འདྲུད་གླ་འབོར་ཆེན་ལེན་པ་མ་ཟད། ད་དུང་ཡུལ་སྐོར་བ་གཞན་དག་ལ་རོགས་རམ་བྱེད་དུ་མི་འཇུག དྲ་ལམ་དུ་སྤེལ་བཞིན་པའི་བརྙན་ཐུང་ལ་བལྟས་ན། “ལས་དོན་མི་སྣ”ཡིན་ཟེར་མཁན་དེ་དག་གི་བྱེད་སྟངས་ལ་དོགས་གཞི་ཆེ་བ་མ་ཟད། ཁོ་ཚོས་འཛེམ་བག་མེད་པའི་སྒོ་ནས་བརྙན་ལེན་པར་བཀག་འགོག་བྱེད་པ་དང་། ཐ་ན་བཙན་ཤེད་ཀྱིས་འཇིགས་སྐུལ་ཡང་བྱེད་བཞིན་འདུག

      དྲ་གྲོགས་ཚོས་དོགས་ཡོད་ཉེས་སྤྱོད་ཐེར་འདོན་བྱས་རྗེས། དྲ་གྲོགས་མང་པོས་མཚང་འབྲུའི་དཔྱད་གཏམ་མང་པོ་སྤེལ་བཞིན་ཡོད་དེ། དེར་མི་ཞིག་གིས་ཁོའི་མྱོང་བ་བཤད་པ་འདི་ལྟ་སྟེ། “བརྙན་ཐུང་དུ་སྤེལ་བཞིན་པའི་ས་གནས་དེར་རླངས་འཁོར་གཡོ་འོག་ཏུ་ཚུད་ནས་བྱེ་ཕུང་ནང་དུ་ལྷུང་རྗེས། དེ་གའི་མི་ཞིག་ལ་སྒོར་150སྤྲད་ནས་“བྱེ་ཐང་རླངས་འཁོར”གྱི་རྣམ་གྲངས་ཆ་ཚང་ཐེངས་གཅིག་རྩེད་རྒྱུ་ཁས་བླངས་པས། ད་གཟོད་རླངས་འཁོར་ཕྱིར་འཐེན་པ་ཡིན”ཞེས་བཤད་བྱུང་། དེའང་རྣམ་པ་གོང་གི་དེ་དང་མི་འདྲ་རུང་། དེ་གཉིས་ཀྱི་ངོ་བོ་གཅིག་མཚུངས་རེད།

      དོན་རྐྱེན་འདིར་དྲ་རྒྱའི་ཐོག་ཀུན་གྱིས་དོ་སྣང་བྱུང་རྗེས། ས་གནས་དེ་གས་དེ་ལ་ཐག་གཅོད་བྱས་པ་རེད། ཟླ་9པའི་ཚེས་14ཉིན་གྱི་དགོང་མོར་ཏུན་ཧོང་གི་འབྲེལ་ཡོད་འགན་ཁུར་ལས་ཁུངས་ཀྱིས་ཀུན་ལ་བཤད་རྒྱུར། ཏུན་ཧོང་གྲོང་ཁྱེར་གྱིས་མཉམ་འབྲེལ་བརྟག་དཔྱད་ཚོ་ཆུང་བཙུགས་ནས། ཁྲིམས་ལྟར་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཚོང་གཉེར་མཁན་ལ་དེ་མཚུངས་ཀྱི་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། མིག་སྔར། དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཚོང་གཉེར་མཁན་ལ་ཚོང་མཚམས་འཇོག་ཏུ་བཅུག་ནས་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་ཡོད་པ་དང་། ཏུན་ཧོང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འབྲེལ་ཡོད་བདེན་དཔང་བསྡུ་རུབ་བྱས་ནས། ཁྲིམས་ལྟར་དོན་རྐྱེན་དང་འབྲེལ་བ་ཡོད་པའི་མི་སྣ་འབོད་འགུག་བྱས་པ་དང་གནད་དོན་གཞན་དག་ལ་སྔར་བས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

      དོན་རྐྱེན་འདིར་སྔར་བཞིན་བརྟག་དཔྱད་བྱེད་བཞིན་ཡོད་པས་དོན་དངོས་མི་འགྱངས་པར་གསལ་འབྱེད་ཐུབ་པར་ཡིད་ཆེས་ཡོད། གལ་ཏེ་“དོང་རྙིའི་གསང་སྤྱོད”དེ་རིགས་དངོས་གནས་ཡོད་ན་དེའི་ངོ་བོ་ནི་ལམ་བཀག་ནས་འཕྲོག་བཅོམ་བྱེད་པ་དང་གཅིག་མཚུངས་ཡིན། མི་མེད་ལུང་སྟོང་ཞིག་ཏུ་རླངས་འཁོར་གྱི་བདག་པོ་གནས་ཚུལ་འདི་འདྲའི་དང་། ཡང་ན་རྣམ་འགྱུར་རྩུབ་པོའི་“ལས་དོན་མི་སྣར”འཕྲད་སྐབས། ཁ་རོག་གེར་སྒོར་མོ་གཏོང་བ་ལས་ཐབས་གཞན་ཅི་ཡོད་དམ། བརྙན་ལམ་ནས་ཉེས་སྤྱོད་ཐེར་འདོན་བྱས་པའི་དྲ་གྲོགས་འདི་ནང་བཞིན་གཟབ་ནན་གྱིས་“བཙན་ལ་འགོག་རྒོལ་”བྱེད་པའི་སྙིང་སྟོབས་ཅན་གྱི་མི་ག་ཚོད་ཡོད་དམ། “ལས་དོན་མི་སྣ”ཡིས་རོགས་རམ་བྱེད་མཁན་གྱི་ལམ་འགྲོ་བ་ཚོར་“ང་ཚོའི་ས་ཆ་འདིར་ཁྱོས་རོགས་བྱེད་འདོད་ན་བྱས་ཆོག་པ་ཞིག་མིན། ཁྱོད་ལ་རོགས་སྐྱོབ་དཔང་ཡིག་ཨེ་ཡོད”ཅེས་དང་། “ཁྱོད་ཀྱིས་འཐེན་ནས་ཚོད་ལྟ་ཞིག་བྱོས་དང”ཞེས་པ་སོགས་ལས་བརྙན་ཐུང་ལས་ཀྱང་ཁོ་ཚོའི་རྩུབ་གཤིས་དང་“འཇིགས་སྐུལ་བའི་ཉམས”དག་ཚོར་ཐུབ།
      དོན་རྐྱེན་འདིར་དྲ་རྒྱ་ཡོངས་ཀྱིས་དོ་སྣང་བྱེད་པའི་རྒྱུ་མཚན་ནི་མི་རྣམས་ཀྱིས་བློ་ཡིད་ལས་འདས་པ་ཞིག་ཡིན་པའི་རྐྱེན་གྱིས་རེད། ད་ལྟ་2020ལོར་སླེབས་ཀྱང་ཉི་མ་ཁ་དཀར་ངོ་དཀར་གྱི་སྐབས་སུ་མི་ཚང་མར་ལག་ཁྱེར་ཁ་པར་ཡོད་པའི་དུས་རབས་ནང་ཐེར་འདོན་ཞུ་གཏུག་གི་ཐབས་ལམ་རྙེད་སླ་བའི་ས་ཆ་འདི་ལྟ་བུར་“བྱེད་ཐབས་རྩུབ་པོའི”ལམ་ནས་འཕྲོག་བཅོམ་ལྟ་བུ་འདི་འདྲ་བྱེད་ཨེ་ཐུབ། གལ་སྲིད་དོན་འདི་དངོས་ནས་བདེན་པ་ཡིན་ཚེ་ཚོང་གཉེར་ཚོགས་པ་འདི་རང་སྣང་ཆེ་དྲགས་སོང་ཞེས་བཤད་ཆོག
      དུས་མཚུངས་སུ་དྲི་བ་འདི་དག་ཀྱང་ཡོད་དེ། དྲ་རྒྱའི་ཐོག་གི་དཔྱད་གླེང་རྣམས་ལ་བལྟས་ན་མི་གཅིག་མ་ཡིན་པར་མི་མང་པོར་འདི་འདྲའི་དོན་རྐྱེན་འཕྲད་མྱོང་འདུག འོ་ན་ས་གནས་འདི་གས་འདི་དང་འདྲ་བའི་ཞུ་གཏུག་འབྱོར་མྱོང་ངམ། ད་དུང་དྲི་བ་ཞིག་ཀྱང་ཡོད་དེ། གལ་སྲིད་ཐེངས་འདིའི་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་ནས་དོགས་གཞི་ཆེ་བའི་ཉེས་སྤྱོད་འདི་ཐེར་འདོན་བྱས་མེད་ཚེ། “ལམ་ཇག”གི་བྱ་སྤྱོད་དེ་རིགས་དུས་ནམ་ཞིག་ལ་དམར་རྗེན་དུ་འདོན་ཐུབ་བམ། མིག་སྔར་དོན་འདིར་འབྲེལ་བའི་ཚོང་གཉེར་མཁན་ལ་ཚོང་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་བཅུག་ཡོད་ལ། དོན་རྐྱེན་དང་འབྲེལ་བ་ཡོད་པའི་མི་སྣ་ཡང་ཁྲིམས་ལྟར་འབོད་འགུག་བྱས་ཡོད། དོ་བདག་དེ་དག་དང་དེ་རྣམས་ཀྱི་ཚོང་གཉེར་བྱ་སྤྱོད་དེ་བཀབ་ཅིང་གསང་ནས་བསྒྲུབས་པ་ཞིག་མིན་པས། སྤྱིར་ན་ད་ལྟའི་བར་དུ་ཤེས་མེད་ཚོར་མེད་ཡིན་པའི་ཚད་དུ་ལྷུང་ལ་ག་ལ་འགྲིགས།
      གལ་ཏེ་“དོང་རྙིའི་གསང་སྤྱོད”ཀྱི་ཉེས་པ་དངོས་ནས་བདེན་པ་ཡིན་ཚེ། ས་གནས་དེ་གའི་ཡུལ་སྐོར་སྣང་བརྙན་ལ་ཤུགས་རྐྱེན་ངན་པ་བཟོ་ངེས་ཡིན། ཏུན་ཧོང་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཡིན་ལ་དེའི་སྙན་གྲགས་འཛམ་གླིང་དུ་ཁྱབ་ཡོད་པས། གལ་སྲིད་“མགྲོན་པོར་མགོ་སྐོར་གཏོང་བ”དང་། “གྱོང་སྟེར་བ།” “གཡོ་འཕྲུལ་བྱེད་པ”སོགས་ཀྱི་སྣང་བརྙན་དང་འབྲེལ་བ་བྱུང་ཚེ་མི་རྣམས་ཡི་ཆད་འགྲོ་བ་གདོན་མི་ཟ། ས་གནས་དེ་གའི་བརྟག་དཔྱད་ཀྱི་ངོས་ནས་བརྗོད་ན་བརྒྱུད་རིམ་དང་མཇུག་འབྲས་ཆ་ཚང་ཡོངས་བསྒྲགས་གང་ལེགས་བྱས་ནས་མི་རྣམས་ཡིད་ཚིམ་པའི་ལན་ཞིག་སྤྲོད་དགོས་པ་ཡིན། 
      རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བས་རིམས་ནད་རྗེས་ཀྱི་ཡུལ་སྐོར་མང་ཤོས་ཀྱི་དུས་ཚིགས་ཀྱང་སླེབས་ལ་ཉེ། སྔ་ལོ་དང་མི་འདྲ་བར་ད་ལོར་རྒྱལ་ནང་གི་ཡུལ་སྐོར་དེ་འཕེལ་ཕྱོགས་གཙོ་བོར་འགྱུར་རྒྱུ་རེད། ཡུལ་སྐོར་བའི་གདམ་ག་ཇེ་ཉུང་དུ་ཕྱིན་པ་དེས་ས་གནས་ཁག་ཏུ“རང་སྣང་གང་དྲན”བྱས་ཆོག་པ་གཏན་ནས་མཚོན་གྱིན་མེད། འདི་ལྟ་བུའི་དུས་སྐབས་སུ་ཡུལ་སྐོར་ཁྲོམ་ར་སྔར་བས་ལེགས་སྒྲིག་ཡག་པོ་བྱས་ནས་ཁྲིམས་འགལ་ཚོང་གཉེར་པར་གཡོ་ཚོང་ཆེན་པོ་བྱེད་པའི་སྟོང་བསམ་འཆང་དུ་འཇུག་མི་རུང་། དེ་ལྟར་མིན་ཚེ་དོན་རྐྱེན་ངན་པ་གཅིག་གིས་ས་གནས་འདི་གའི་ཡུལ་སྐོར་སྣང་བརྙན་རྫོད་སྲིད་ཅིང་། འདི་ནི་“སླར་གསོ”བྱེད་བཞིན་པའི་ཡུལ་སྐོར་ལས་རིགས་ལ་མཚོན་ན་དོན་བཟང་པོ་ཞིག་གཏན་ནས་མིན།