དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གནའ་གྲོང་སྒོ་ར་ཆེ་མོའི་ནང་གི་མཐུན་སྒྲིལ་ཟབ་པའི་ཁྱིམ་ཚང་ཞིག

སྤེལ་དུས 2020-09-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ལྷ་སའི་མི་རིགས་མཐུན་སྒྲིལ་སྒོ་ར་ཆེ་མོའི་རྒན་རྒོན་ཚོས་སྐྱེས་སྐར་གཏོང་སྐབས་ཁྱིམ་མཚེས་ཚོས་སྨོན་འདུན་བཟང་པོ་ཞུ་བཞིན་པ།
       2008ལོར། མིག་སྒྲོན་སྒོ་ར་བསྐྲུན་ཟིན་རྗེས། ཀྲེ་ཅང་ཞིང་ཆེན་དབུན་ཀྲོའུ་གྲོང་ཁྱེར་ཀང་ནན་རྫོང་ནས་ཡིན་པའི་དབྱང་ཕིན་ཆིའུ་དང་བཟའ་ཟླ་ལྷ་སར་ཚོང་རྒྱག་པར་ཡོང་། ཐོག་མར་མིག་སྒྲོན་སྒོ་རྭར་སྤོས་མ་ཐག མི་དང་ས་ཆར་རྒྱུས་མངའ་མེད་རྐྱེན་དང་ཐོག་ཅུང་མི་གོམ་པ་བྱུང་། འོན་ཀྱང་སྒོ་རའི་ནང་གི“ཁྱིམ་མི་ཚོས”སེམས་རྩ་འཁོལ་པོས་སེམས་ཁུར་བྱས་པར་ཁོང་ལ་སེམས་འགུལ་ཆེན་པོ་ཐེབས།
དབྱང་ཕིན་ཆིའུ་ཡིས་དོན་ཆུང་ཙག་ཙིག་ཀྱང་མིའི་བློ་ལ་བརྟན་པོར་ངེས་པ་དང་ཇ་སྲུབ་མ་ཕོར་གང་གིས་ཀྱང་སེམས་གཏིང་གི་སྐད་ཆ་ཤོད་སར་གྱུར་ཞེས་བརྗོད་བྱུང་།
       “ཉིན་དེའི་ཞོགས་པར་ཡར་ལངས་མ་ཐག་ཏུ་ཁྱིམ་མཚེས་ཚེ་རིང་སྒྲོལ་དཀར་གྱི་ཚ་བོས་ཚ་དམ་ཞིག་འཁྱེར་ནས་སྒོ་རྡུང་སྟེ་ང་ཚོར་ཇ་སྲུབ་མ་བསྐྱལ་བྱུང”དེའི་ཉིན་གྱི་ཞོགས་པར་ཕྱིར་དྲན་བྱེད་སྐབས། དབྱང་ཕིན་ཆིའུ་ཡི་སེམས་པ་སྔར་བཞིན་དྲོ་སོབ་སོབ་བྱེད། དེ་ཡང་ཇ་སྲུབ་མ་དེ་ལས་ཁོང་དང་ཚེ་རིང་སྒྲོལ་དཀར་ཁྱིམ་གྱི་སྒོ་ར་ཆེ་མོའི་མཐུན་སྒྲིལ་གྱི་གཏམ་བཟང་ཤོད་འགོ་ཚུགས།
       ཚེ་རིང་སྒྲོལ་དཀར་ནི་དབྱང་ཕིན་ཆིའུ་ཁྱིམ་གྱི་ཁ་སྤྲོད་དུ་སྡོད་ཀྱི་ཡོད། ཞིམ་ཟས་ལ་དགའ་བའི་མི་གཉིས་ཕན་ཚུན་རྔན་པ་སྤྲོད་རེས་བྱེད་པ་དེ་ཁོང་གཉིས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་ཐབས་གཙོ་བོ་དེ་རེད། “ཁོང་གིས་སྐབས་རེ་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་ང་ལ་སྤྲོད་ཀྱི་ཡོད། ངས་ཀྱང་རྟག་ཏུ་ཚགས་ཤ་སྐམ་པོ་དང་། ཇ་མངར་མོ། ཕྱུར་བ་སོགས་ས་གནས་ཀྱི་ཁྱད་ལྡན་བཟའ་བཅའ་སྤྲོད་ཀྱི་ཡོད”ཅེས་ཚེ་རིང་སྒྲོལ་དཀར་གྱིས་བཤད། ཁོང་གིས་ལོ་རེའི་ལོ་གསར་དང་དུས་ཆེན་འཆར་རིམ་བཞིན་ང་ཚོ་ཁྱིམ་ཚང་གཉིས་ད་དུང་ཕན་ཚུན་འགྲོ་འོང་བྱས་ཏེ་མཉམ་དུ་ཁ་ལག་བཟོ་བ་དང་མཉམ་དུ་རྩེད་མོ་རྩེ་ཡི་ཡོད་པས་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་ཅེས་བཤད།
       ལོ་མང་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པས་དབྱང་ཕིན་ཆིའུ་ཡི་ནང་མི་རྣམས་སྒོ་ར་ཆེ་མོའི་འཚོ་བར་མཉམ་འདྲེས་ཐུབ་ཡོད། “ད་ཆ་ང་ཚོ་ནང་མི་ཚང་མ་རྩམ་པ་དང་ཚགས་ཤ་སྐམ་པོ་ཟ་རྒྱུར་ཧ་ཅང་དགའ་པོ་ཡོད་ལ་ཇ་བསྲུབས་མའང་འཐུང་རྒྱུ་དགའ་བས་བོད་རིགས་རང་ཡིན་ཞེས་དབྱང་ཕིན་ཆིའུ་ཡིས་བཤད།
ད་ཆ་བོད་ནས་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་ཉིན་རེ་བཞིན་སྟབས་བདེ་རུ་ཕྱིན་པ་དང་། བོད་དང་ནང་སའི་དབར་ཕན་ཚུན་སྤེལ་རེས་དེ་བས་མང་བ་དེས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་ཆེད“མཉམ་སྡོད་དང་། མཉམ་སྦྱོང་། མཉམ་ལས། མཉམ་སྤྲོ”བཅས་ཡོང་བར་ཆ་རྐྱེན་བསྐྲུན་ཡོད།
       2014ལོར་སུའུ་ཤུས་ཏུང་མེ་འཁོར་བསྡད་དེ་ལྷ་སར་ཕྲུ་གུ་དམར་འབྱར་གྱི་གྱོན་ཆས་ཚོང་བར་ཡོང་ནས་མིག་སྒྲོན་སྒོ་ར་ཆེ་མོའི་ནང་སྡོད་ཀྱི་ཡོད། ལོ་དྲུག་རིང་ཁོང་གིས་སྒོ་ར་ཆེ་མོའི་འཆམ་མཐུན་གྱི་དཔང་པོ་བྱས། ཁོང་གིས“སྒོ་རའི་གྲོང་མི་ཚོས་བྱིས་པའི་གྱོན་ཆས་ཚང་མ་ངའི་ཚོང་ཁང་ནས་ཉོས་ཏེ་ང་ཚོའི་ཚོང་ལ་ལྟ་རྟོག་བྱེད་ཀྱི་ཡོད་པས་ང་ཚོས་ཀྱང་གོང་ཁེ་པོ་བྱས་ནས་ཁོང་ཚོར་འཚོང་གི་ཡོད”ཅེས་བཤད།
       མིག་སྒྲོན་སྒོ་ར་ཆེ་མོའི་བག་ཆགས་ཟབ་ཤོས་སྐོར་གླེང་སྐབས། སུའུ་ཤུས་ཏུང་གིས“འཕྲོད་བསྟེན་དང་གཙང་སྦྲ་དོད་པ། ཁྱིམ་ཚང་ཚང་མས་སྒོ་ར་ཆེ་མོར་ཧ་ཅང་གཅེས་སྤྲས་བྱེད་ཀྱི་ཡོད། སྒོ་ར་ཆེ་མོར་གཙང་སྦྲ་བྱེད་སྐབས་ཚང་མས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད”ཅེས་བཤད།
       མིག་སྒྲོན་སྒོ་ར་ཆེ་མོའི་ཙུའུ་ཀྲང་སྐལ་བཟང་ཚེ་རིང་གིས་མིག་སྔར་སྒོ་ར་ཆེ་མོར་དུད་ཚང་56དང་མི་152ཡོད་པའི་ནང་རྒྱ་རིགས་དུད་ཚང་8དང་མི་24ཡོད། ཚང་མ་མཉམ་དུ་འཚོ་བ་བསྐྱལ་ནས་ཧ་ཅང་འཆམ་པོ་ཡོད། དུས་རྒྱུན་དུ་གཙང་སྦྲ་བྱེད་སྐབས་ཚང་མར་རང་རང་གི་ས་ཁོངས་ཡོད་པ་དང་། ལས་ཀར་ཧུར་བརྩོན་ཆེ་ལ་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད་པས་བྱ་བ་ཆུང་ཙག་ལས་མིག་སྒྲོན་སྒོ་ར་ཆེ་མོའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་མངོན་ཐུབ་ཅེས་ངོ་སྤྲོད་བྱས་བྱུང་།
       མིག་སྒྲོན་སྒོ་ར་ཆེ་མོ་གནས་སའི་རྨེ་རུ་སྡེ་ཁུལ་ཏང་ཀྲི་པུའི་ཧུའུ་ཅི་ཚེ་བརྟན་དབྱངས་སྐྱིད་ཀྱིས་འདི་གར་འཚོ་བ་སྐྱེལ་མཁན་མི་རིགས་ཁག་གི་མང་ཚོགས་ཚོས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་ཀྱི་ཡོད། ཚང་མ་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་ཡོད་ཅེས་བཤད་བྱུང་།
       ཕ་ཡུལ་དུ་ལོག་མིན་སྐོར་འདྲི་སྐབས། དབྱང་ཕིན་ཆིའུ་ཡིས“ངའི་ཕྲུ་གུས་ང་ལ་ཕ་ཡུལ་དུ་ལོག་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ་དགོས་ལུགས་ཤོད་ཀྱི་འདུག འོན་ཀྱང་ང་འགྲོ་འདོད་མི་འདུག འདིར་འཚོ་བ་བསྐྱལ་ནས་ལོ་བཅུ་གཉིས་ཕྱིན་འདུག་པས་མིག་སྒྲོན་སྒོ་ར་ཆེ་མོའི་གཅེན་པོ་དང་གཅེན་མོ་ཚོ་དང་ཁ་འབྲལ་ཐུབ་པ་མི་འདུག”ཅེས་བཤད་བྱུང་།
རྩོམ་སྒྲིག་པ། སངས་སྐྱབས།