དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞའོ་ལང་ཏི་ཆུ་བེད་འགག་རྩའི་ལས་གྲྭས་ཆུ་གསོག་སྙིགས་འབུད་དང་ཕན་སྤེལ་གནོད་སེལ་བྱེད་པ།

སྤེལ་དུས 2020-09-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་9པའི་ཚེས་15ཉིན། “ཀྲུང་གོའི་ཕུགས་འདུན•རྨ་ཆུའི་བརྩེ་བ་ཞེས་པ་སྟེ། རྨ་ཆུ་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པའི་དྲ་རྒྱའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཧོ་ནན་ཀྲེང་ཀྲོའུ་རུ་སྤེལ་འགོ་ཚུགས། བྱེད་སྒོའི་ནང་ཞུགས་མཁན་གྱི་སྨྱན་སྦྱོར་གསར་འགོད་པས་ཧོ་ནན་དུ་དུས་ཡུན་ཉིན་གསུམ་གྱི་རིང་ལ་བཅར་འདྲི་བྱས་པ་དང་། དེ་རྗེས་ལམ་ཁག་བཞི་རུ་བགོས་ནས་རྨ་ཆུ་འབབ་ཡུལ་གྱི་འབྲེལ་ཡོད་ཞིང་ཆེན་དུ་སོང་ནས་ཡུལ་དངོས་སུ་བཅར་འདྲི་བྱས།
        ཞའོ་ལང་ཏི་ཆུ་བེད་འགག་རྩའི་ལས་གྲྭར་སླེབས་སྐབས་ས་སྲོད་ཀྱི་དུས་སུ་སླེབས་ཡོད་པས།  དགུང་ཁའི་ཉི་མ་ནུབ་རིར་ཡོལ་ཚར་ཞིང་། བསིལ་རླུང་དལ་བུར་ལྡང་བ་དང་ལྷན་དུ་མཚན་མོའི་ལྷིང་འཇགས་ཀྱི་རྣམ་པ་མངོན།
ཆུ་རགས་ཀྱི་སྟེང་ནས་མར་ཞའོ་ལང་ཏི་ལ་བལྟ་བ།
        ཞའོ་ལང་ཏི་ཆུ་བེད་འགག་རྩའི་ལས་གྲྭ་ནི་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་བྱང་ངོས་ཀྱི་སྤྱི་ལེ་40ཡི་རྨ་ཆུའི་གཞུང་རྒྱུན་དུ་ཡོད་ཅིང་། དེའང་རྨ་ཆུའི་བར་རྒྱུད་ཀྱི་གྲོག་རོང་མཐའ་མའི་ཐོན་སྒོ་རུ་ཡོད་པས། དེ་ལ་འགག་རོང་ཞེས་བརྗོད་ན་ཧ་ཅང་འཚམས་སྟེ།  འདིས་རྨ་ཆུའི་འབབ་ཡུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་92.3%དང་། ཆུ་ཐོན་ཚད་ཀྱི་90%དང་། བྱེ་མའི་གསོག་ཚད་ཀྱི་100%ལ་ཉེ་བ་ཚོད་འཛིན་བྱས་ཡོད། ལས་གྲྭའི་ཇུས་འགོད་ཀྱི་དམིགས་ཚད་ནི་ཆུ་ལོག་སྔོན་འགོག་དང་། འཁྱགས་རོམ་གཏོར་བཤང་། འདམ་སྙིགས་ཉུང་དུ་གཏོང་བ་བཅས་གཙོ་བོར་བཟུང་སྟེ། དེའི་ཞོར་ནས་ཆུ་འདོན་སྤྲོད་དང་། ཞིང་ཆུ་འདྲེན་པ། གློག་འདོན་པ་བཅས་བྱས་ནས།  ཆུ་གསོག་སྙིགས་འབུད་དང་། ཕན་སྤེལ་གནོད་སེལ། ཕྱོགས་བསྡུས་བེད་སྤྱོད་གཏོང་བ་བཅས་ཡིན་ལ། དེས་རྨ་ཆུ་བཅོས་སྐྱོང་དང་གསར་སྤེལ་བྱེད་པའི་ཁྲོད་དུ་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད།
ཆུ་རགས་ཀྱི་སྟེང་ནས་མར་ཞའོ་ལང་ཏི་ལ་བལྟ་བ།
        ཞའོ་ལང་ཏི་ཆུ་བེད་འགག་རྩའི་ལས་གྲྭ་ནི་ཆུ་གཅོད་རགས་ཆེན་དང་། ཆུ་ལོག་བྱེ་འབུད་ཀྱི་འཛུགས་སྐྲུན་དངོས་པོ། ཆུ་འདྲེན་གློག་འདོན་མ་ལག་བཅས་ལས་གྲུབ་པ་ཞིག་རེད། དེའི་ཆེས་མཐོ་བའི་གནས་ལ་སྨི་160ཡོད། ཞའོ་ལང་ཏི་གློག་ཁང་དུ་སྟོང་ཝ་ཁྲི་30ཟིན་པའི་གློག་གཏོང་འཕྲུལ་ཆས་ཁག་6སྒྲིག་སྦྱོར་བྱས་ཡོད་པ་དང་། འཕྲུལ་ཆས་ཀྱི་སྤྱིའི་གློག་འདོན་ཚད་སྟོང་ཝ་ཁྲི་180ཟིན་ཡོད། 
སྔོན་ཆད་ཀྱི་ཨར་ལས་སྒྲིག་བཀོད་དེ་ད་ལྟ་ལྗོངས་རྒྱུ་བྱེད་ས་ཆུང་ཆུང་ཞིག་ཏུ་གྱུར་ཡོད།  
        ཞའོ་ལང་ཏི་ཆུ་བེད་ཀྱི་མ་གཞིའི་ལས་གྲྭ་ནི་1994ལོའི་ཟླ་9པར་ལས་འགོ་ཚུགས་ཤིང་། 1997ལོའི་ཟླ་10པར་ཆུ་བོའི་བར་བཅད་པ་དང་། 1999ལོའི་ཟླ་10པར་ཆུ་སྒོ་བརྒྱབ་ནས་ཆུ་གསོག་པ་རེད། 2000ལོའི་ཟླ་དང་པོར་ཆེས་ཐོག་མའི་འཕྲུལ་ཆས་ཁག་སྦྲེལ་ནས་གློག་བཏང་བ་དང་། 2001ལོའི་ཟླ་12པར་མ་གཞིའི་ལས་གྲྭ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་།
        དངོས་སུ་ལས་འགོ་བརྩམས་པ་ནས་བཟུང་། ཞའོ་ལང་ཏི་ཆུ་བེད་འགག་རྩའི་ལས་གྲྭས་སྐྱེ་ཁམས་ཀྱི་ཕན་འབྲས་ཆེན་པོ་འདོན་སྤེལ་བྱས་ཡོད་པ་སྟེ། རྨ་ཆུའི་སྨད་རྒྱུད་ཀྱི་ཆུ་ལོག་འགོག་པའི་ཚད་གཞི་དེ་སྔོན་ཆད་ཀྱི་ལོ་ངོ་60་མ་ཟིན་ཙམ་ནས་ད་ལྟ་ལོ་ངོ་སྟོང་ཕྲག་ལྷག་ལ་སླེབས་པས།  རྨ་ཆུའི་དར་ཁ་ཞུ་ནས་འབྲུབ་ཆུ་རྒྱས་པའི་ཉེན་ཁ་གཞི་རྩའི་ཆ་ནས་མེད་པར་བཟོས་ཡོད་ལ། ཆུ་ལམ་དུ་བྱེ་འདམ་གསོག་ཚད་ཉུང་དུ་བཏང་ནས། རྨ་ཆུའི་སྨད་རྒྱུད་ཀྱི་སྐྱེ་ཁམས་བརླན་ས་ཉམས་གསོ་བྱེད་པར་མཐུན་རྐྱེན་བསྐྲུན་པ་དང་། རྨ་ཆུ་དྲངས་ནས་ཆུའི་ཐོན་ཁུངས་ཁ་གསབ་བྱེད་པར་སྟབས་བདེ་བསྐྲུན་ཡོད་དེ། སྔ་རྗེས་སུ་ཐེངས་30ལྷག་ལ་ཐེན་ཅིང་དང་། ཆིང་ཏོ། པའེ་དབྱང་ཏེན་བཅས་ལ་རྨ་ཆུ་དྲངས་སྟེ། སྨད་རྒྱུད་ཀྱི་འདྲེན་ཆུ་འགན་ལེན་བྱེད་ཚད་དང་གྲོང་ཁྱེར་ཆེ་འབྲིང་གི་ཆུ་སྤྱོད་རྒྱུའི་འགན་ལེན་བྱེད་ཚད་མཐོ་རུ་བཏང་ཡོད་པ་རེད།