དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ནོར་གནག་ནི་མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་འདིའི་ཕྱུག་འགྱུར་གྱི་ཐབས་མཆོག་ཅིག་ཏུ་གྱུར་ཡོད།

སྤེལ་དུས 2020-09-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དེང་དུས་ཕྱུགས་མ་འཚོས་ན་ཡང་འབབ་འཕར་ཕྱུག་འགྱུར་ཡོང་ཐུབ།  འོན་ཀྱང་མི་རབས་ནས་མི་རབས་བར་ཕྱུགས་འཚོ་བའི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཀ་ལ་ཤང་གད་གྲོང་ཚོའི་གྲོང་མི་ཚོའི་ངོས་ནས་བརྗོད་ན། འདི་ནི་སྔོན་ཆད་སེམས་ལའང་དྲན་མི་སྲིད།
འདི་ནི་བར་སྣང་ནས་བླངས་པའི་ཀ་ལ་ཤང་གད་གྲོང་ཚོ་རེད།
        ཁང་དམར་རྫོང་ནི་འབྲུག་ཡུལ་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་གྱི་ས་མ་འབྲོག་གི་རྫོང་ཞིག་ཡིན་ཞིང་།  གད་གྲོང་ཚོ་ནི་ཁང་དམར་རྫོང་གི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། ཆ་སྙོམས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་4500 ཟིན་པའི་ས་ཁུལ་དུ་གནས་ཤིང་། རང་བྱུང་ཆ་རྐྱེན་དང་ཐོན་ཁུངས་ཀྱང་བལྟོས་བཅས་ཡག་པོ་མེད་ཕྱིར། མང་ཚོགས་ཀྱིས་ཡོང་སྒོ་འཚོལ་བའི་ཐབས་ལམ་ཉུང་བས་གྲོང་ཚོ་དབུལ་པོ་ཞིག་ཡིན། 
        “དུས་རབས་གསར་པར་མཐའ་མཚམས་སུ་བསྐྱོད་པ་ལས་བོད་ལྗོངས་ཀྱི་ལེའུ”ཞེས་པའི་དྲ་ཐོག་དཔྱད་བརྗོད་ཁྲིད་སྟོན་གྱི་ཡུལ་དངོས་བྱེད་སྒོའི་སྨྱན་སྦྱོར་གསར་འགོད་པ་དང་།  དྲ་རྒྱའི་དྲང་ནུས་མི་སྣ་30ལྷག་ཙམ་གྱིས་ཟླ་9པའི་ཚེས་16ཉིན་དུད་ཚང་159ལས་མེད་མོད་རྩྭ་ས་མུའུ་ཁྲི་43.15ཡོད་པའི་མཐའ་མཚམས་ས་ཁུལ་གྱི་གྲོང་ཚོ་འདིར་བསྐྱོད་དེ་བཅར་འདྲི་བྱས་པ་རེད། 
འདི་ནི་ཁང་དམར་རྫོང་ཀ་ལ་ཁེ་སྟོད་ནོར་གནག་གསོ་སྤེལ་ལས་རིགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ནོར་གནག་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཁང་དམར་རྫོང་གིས་ནུས་ཤུགས་ཡོད་རྒུས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཤིང་། གད་གྲོང་ཚོ་ནི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱ་བའི་གྲས་ཤིག་རེད། ས་གནས་དེ་གའི་ཏང་ཨུད་སྲིད་གཞུང་དང་མང་ཚོགས་ཀྱི་སྟོབས་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག   འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ལས་དོན་ནང་ཧུར་ཐག་ཞུགས་ཡོད་པ་དང་།  ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ནོར་གནག་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་བཏང་སྟེ།  ཁང་དམར་རྫོང་ཀ་ལ་ཁེ་སྟོད་ནོར་གནག་གསོ་སྤེལ་ལས་རིགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། མང་ཚོགས་ཀྱིས་རང་ཁྱིམ་གྱི་ཕྱུགས་ཟོག་མཉམ་ལས་ཁང་གི་མ་རྐང་ནང་བཞག་ནས་གཅིག་སྡུད་ཐོག་གསོ་སྤེལ་བྱས་ཡོད།
        “སྔོན་ཆད་གྲོང་ཚོའི་དུད་ཚང་སོ་སོས་རང་རང་ས་ནས་ཕྱུགས་ཟོག་གསོ་བཞིན་ཡོད་དུས། ཧ་ལམ་མི་150ལྷག་ཙམ་གྱིས་ཕྱུགས་འཚོ་དགོས། འོན་ཀྱང་ད་ལྟ་མཉམ་ལས་ཁང་བཙུགས་རྗེས་ཕྱུགས་འཚོ་མཁན་17ལས་མི་མཁོ་བས།  གྲོང་མི་གཞན་རྣམས་ཡུལ་གཞན་དུ་སོང་ནས་གླ་བརྒྱབ་སྟེ་ཡོང་འབབ་ཇེ་མང་དུ་སོང་ལ། ཕྱུགས་འཚོ་བར་འགན་འཁུར་མཁན་གྱི་གྲོང་མིས་ཀྱང་གསོ་སྤེལ་ལ་བརྟེན་ནས་ཡོང་འབབ་མང་དུ་བཏང་ཆོག་པ་དང་།  དཔེར་ན་བེའུ་ཕྱིར་ཚོང་གི་ཐོབ་ཆ་བགོ་བཤའ་བརྒྱབ་ཆོག་པ་ལྟ་བུ”ཞེས་ཀ་ལ་ཤང་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་ཞི་མགོན་པོས་གསར་འགོད་པར་མིག་སྔར་གྲོང་མི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་17000ཟིན་པ་དང་། དེའི་ནང་འབྲོག་ལས་ཡོང་འབབ་དང་གླ་རྒྱག་ཡོང་འབབ། དེ་བཞིན་སྲིད་ཇུས་རང་བཞིན་གྱི་ཁ་གསབ་སོགས་ཚུད་ཡོད”ཅེས་བཤད།
        མགོན་པོས་“ད་ཆ་མཉམ་ལས་ཁང་གིས་ནོར་གནག་གམ་དངུལ་སྒོར་གྱིས་མ་རྐང་འཇོག་པའི་ཐབས་སྤྱད་དེ་གྲོང་ཚོ་ཡོངས་ཀྱི་དུད་ཚང་159ཚང་མས་མ་རྐང་བཞག་ཡོད། ནོར་གནག་མེད་མཁན་གྱིས་དངུལ་སྒོར་མ་རྐང་དུ་བཞག་ཆོག་པ་དང་། མ་རྐང་རེར་ལོ་གཅིག་ལ་ཁེ་སྤོགས་སྒོར་600བགོ་བཤའ་རྒྱག་རྒྱུ་ཡོད”ཅེས་བཤད་ཅིང་། གཞན་ཡང་“ང་ཚོས་མ་རྐང་ནང་ཞུགས་རྒྱུ་ཧ་ཅང་འདྲ་མཉམ་བཟོས་ཡོད་དེ།  ཕྱུགས་ཟོག་གི་གྲངས་འབོར་ཁོ་ནར་གཞིགས་ནས་མ་རྐང་དུ་འཇོག་མི་རུང་པར། དེ་མཚུངས་ཀྱི་དངུལ་སྒོར་ལ་གཅོག་གི་ཡོད་པ་སྟེ། དཔེར་ན་བེའུ་གཅིག་ལ་སྒོར1000དང་། ཡ་རུ་གཅིག་ལ་སྒོར་2800དང་།  ཤད་གཅིག་ལ་སྒོར་3200དང་། འབྲི་གཡག་ལ་སྒོར་7000ལྟར་རྩིས་རྒྱག་གི་ཡོད་ལ། མིག་སྔར་མ་རྐང་རེར་ལ་སྒོར་7000ཡིན་པས། ང་ཚོའི་གྲོང་མི་ཡོངས་ཀྱིས་ཁེ་ཕན་མཉམ་སྤྱོད་དང་ཉེན་ཁ་མཉམ་འཁུར་བྱས་ཡོད”ཅེས་ངོ་སྤྲོད་གནང་བྱུང་།
འདི་ནི་ལག་རྩལ་མི་སྣ་ཨན་སན་ཀྲུའུ་རེད།
        མཉམ་ལས་ཁང་གིས་ཧུར་ཐག་སྒོས་གསོ་སྤེལ་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ནས། གཅིག་སྡུད་ཐོག་གསོ་སྤེལ་བྱེད་པ་དང་སྲོལ་རྒྱུན་གྱི་ཁ་ཐོར་ངང་གསོ་སྤེལ་བྱེད་སྟངས་གཉིས་ཟུང་འབྲེལ་བྱས་ཡོད་ཅིང་། ཉེ་ཆར་མཚོ་སྔོན་ནས་ལག་རྩལ་པ་ཨན་སན་ཀྲུའུ་ཆེད་དུ་གདན་དྲངས་ཏེ་གསོ་སྤེལ་ལག་རྩལ་མཐོ་རུ་བཏང་། བབ་ཆགས་པའི་ཕོ་རྒོད་འདིས་མཉམ་ལས་ཁང་གི་མི་འདང་ས་གླེང་ན་ཅུང་དོགས་མི་བདེ་བར་གྱུར་ཡོད་དེ། “མཉམ་ལས་ཁང་གི་ལྷས་ར་ཅུང་ཆུང་པ་དང་། གཟན་ཆས་ཀྱི་གཞོང་པའང་ཅུང་ཆུང་འདུག་ལ། གཟན་ཆས་ཀྱི་སྣ་ཁ་ཆིག་རྐྱང་ཡིན་པས་ནོར་གནག་ལ་འཚོ་བཅུད་འདང་གིན་མི་འདུག”ཟེར།  འོན་ཀྱང་གཟན་ཆས་སྤུས་ལེགས་ཀྱིས་ཇི་ལྟར་གསོ་བའི་ཐད་དུ་ཁོ་ལ་ཡིད་ཆེས་བརྟན་པོ་ཡོད་དེ།  གཟན་ཆས་སྤུས་ལེགས་དང་རྩྭ་རིགས་བསྲེས་ནས་གསོས་ན། ནོར་གནག་གི་འཚོ་བཅུད་ལ་ཁྱོན་ཡོངས་ནས་འགན་ལེན་ཐུབ་པ་མ་ཟད།  ད་དུང་གསོ་སྤེལ་གྱི་མ་རྩའང་ཇེ་དམའ་རུ་གཏོང་ཐུབ་ཟེར།
འདི་ནི་ཁང་དམར་རྫོང་ཀ་ལ་ཁེ་སྟོད་ནོར་གནག་གསོ་སྤེལ་ལས་རིགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཟུར་ཞིག་རེད།
        མགོན་པོས་འབྱུང་འགྱུར་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུའི་ཐད་འཆར་གཞི་ཡོད་དེ། “སང་ལོར་ནོར་གནག་གི་གྲངས་འབོར་ལ་གཞིགས་ནས། བསྐྱར་དུ་རྩྭ་ར་བགོ་བཤའ་བརྒྱབ་རྗེས། ནོར་གནག་གི་གྲངས་འབོར་1000ནས་2000བར་མང་དུ་འགྲོ་རྒྱུའི་འཆར་གཞི་ཡོད་པ་དང་། སྐབས་དེ་དུས་མང་ཚོགས་ཀྱི་ཁེ་སྤོགས་ཉུང་མཐར་ཡང་མི་རེར་སྒོར་1500ཡན་བགོ་ཐུབ་ངེས་རེད”ཅེས་ཟེར།
        ནོར་གནག་སྔར་ལས་ཇེ་རྒྱས་སུ་གཏོང་རྒྱུ་དང་། ནོར་གནག་གསོ་སྤེལ་ལས་རིགས་གོང་འཕེལ་དུ་གཏོང་རྒྱུ་དེ་གད་གྲོང་ཚོའི་གྲོང་མིའི་“ཕྱུག་འགྱུར་གྱི་ཐབས་མཆོག”ཅིག་ཏུ་གྱུར་ཡོད། དེང་གི་ཆར་གད་གྲོང་ཚོའི་གྲོང་མི་རྣམ་བོད་བཟོའི་སྤྲོ་ཁང་དུ་སྤོས་ཡོད་ཅིང་། གློག་ཆས་སྣ་ཚོགས་སྤྱོད་བཞིན་ཡོད་ལ།  རླངས་འཁོར་ཡང་གཏོང་བཞིན་ཡོད་པས།  འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུའི་ཐོག་མུ་ནས་མུ་རུ་བསྐྱོད་བཞིན་ཡོད་ལ། དེ་དང་ཆབས་ཅིག་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཞོར་དུ་མཐའ་མཚམས་བརྟན་སྲུང་བྱེད་པའི་འགན་འཁྲིའང་མི་བརྗེད་པར། ཁྱིམ་གཞིས་སྔར་བས་བདེ་སྐྱིད་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་བཞིན་འདུག ད་ཆ་གངས་ལྗོངས་མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་དེའི་ག་ས་གང་དུ་རེ་བས་ཁེངས་ནས། མཐུན་སྒྲིལ་འབྱོར་ཕྱུག་དང་ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྩམས་ཡོད་པ་རེད།