དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རྟོག་ཞིབ་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2020-09-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཟླ་9ཚེས་15ནས་18ཉིན་བར། ཧོ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རྟོག་ཞིབ་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་རེད། འདི་ནི་ཝང་ཏུང་ཧྥུང(གཡོན་གྱི་བཞི་པ)དང་ཝུའུ་དབྱིང་ཅེས་རྩྭ་མདའ་རྫོང་གི་ཆུ་ཀ་ལ་བཟོ་གྲྭར་བོད་སྐྱོར་རྣམ་གྲངས་ཇུས་འགོད་ཀྱི་ཨར་སྐྲུན་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ། 
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟླ་9ཚེས་15ནས་18ཉིན་བར། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏུང་ཧྥུང་གིས་ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་ཁ་གཏད་རོགས་སྐྱོར་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པ། དུས་རབས་གསར་པའི་ཧོ་པེའི་ཁ་གཏད་བོད་སྐྱོར་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ་བཅས་རེད།
        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བརྟག་ཞིབ་ལ་ཕེབས་རོགས་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་བ་རེད། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཞུས་ཆིན་དང་། ཧོ་པེ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡེ་ཏུང་སུང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་བཅས་བརྟག་ཞིབ་ལ་ཕེབས་རོགས་སམ་ཡང་ན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
        ཚེས་17ཉིན་གྱི་ཕྱི་དྲོ། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་ལྷ་སར་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཝང་ཏུང་ཧྥུང་དང་ཝུའུ་དབྱིང་ཅེས་ཁག་སོ་སོར་གསུང་བཤད་གནང་བ་དང་། ཞུས་ཆིན་དང་ཆེ་དགྲ་ལྷས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།
        ཝང་ཏུང་ཧྥུང་གིས་གསུངས་དོན། ཧོ་པེ་དང་བོད་ལྗོངས་དབར་རི་ཆུ་སྟོང་ཕྲག་གིས་ཆོད་ཀྱང་། ས་གནས་གཉིས་ཀྱི་མི་དམངས་ཐོག་མཐའ་བར་གསུམ་དུ་གཅིག་སེམས་གཅིག་ཏུ་འབྲེལ་ནས་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་དུང་ཟབ་མོ་ཆགས་ཡོད། ང་ཚོས་ད་ཐེངས་བོད་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་རྒྱུ་གོ་སྐབས་གསར་པར་བརྩིས་ནས། ཁ་གཏད་བོད་སྐྱོར་དང་ཧོ་པེ་དང་བོད་ལྗོངས་མཉམ་ལས་རྒྱུན་མཐུད་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ། ཕྱོགས་ཡོངས་ནས་བོད་སྐྱོར་མཐའ་འཁྱོངས་ཀྱིས་རྣམ་གྲངས་འཛུགས་སྐྲུན་དང་། དམངས་འཚོ་ལེགས་གཏོང་། ཤེས་ལྡན་མི་སྣའི་རྒྱབ་སྐྱོར། མི་རིགས་མཐུན་སྒྲིལ། མཐའ་སྐྱོང་བོད་བརྟན་སོགས་ལ་དམིགས་ནས་ཆོད་སེམས་དེ་བས་ཆེ་བ་དང་། ཤུགས་ཚད་དེ་བས་ཆེ་བ། བྱ་ཐབས་དེ་བས་ཏན་ཏིག་བཅས་ལ་བརྟེན་ནས་གནད་སྨིན་ནུས་ཆེའི་ངང་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་རྒྱུར་དམིགས་པ་དང་། འཐབ་ཇུས་མཉམ་ལས་དང་། ཐོན་ལས་མཉམ་ལས། རིག་གནས་དང་ཡུལ་སྐོར་མཉམ་ལས། སྣོད་བཅུད་མཉམ་ལས་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། ཕྱར་བ་གྲུ་འདེགས་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་ཆེད་ཧོ་པེའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་བཅས་རེད།
        ཝུའུ་དབྱིང་ཅེས་གསུངས་དོན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་འགག་རྩའི་དུས་སྐབས་སུ་ཧྲུའུ་ཅི་ཝང་ཏུང་ཧྥུང་གིས་ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ལས་དོན་མཛུབ་ཁྲིད་གནང་བར་ཕེབས་པ་དང་བོད་སྐྱོར་ལས་དོན་གྱི་ཇུས་ཆེན་ཐུན་མོང་ཐོག་གྲོས་བསྡུར་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་མཚོན་གནང་བ་དེ་ཐོག་ནས་ཧོ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་ལུགས་གང་ལེགས་མཚོན་པ་དང་། ཧོ་པེ་མི་དམངས་ཀྱིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ལུགས་གང་ལེགས་མཚོན་ཡོད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་རྟོག་ཞིབ་ཚོགས་པ་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཧོ་པེ་ཞིང་ཆེན་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།
        ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། བོད་ཀྱི་ལས་དོན་ལ་དཀའ་ངལ་མང་པོ་ཡོད་ཀྱང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་གཅེས་སྐྱོང་དེ་བས་མང་བ་དང་། བོད་ཀྱི་ལས་དོན་ལ་དཀའ་ངལ་ཆེ་ཡང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བྱེད་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད། དུས་ཡུན་རིང་པོའི་ནང་ཧོ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་རང་ངོས་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་བའི་གནས་ཚུལ་འོག་ལྷག་བསམ་ཟོལ་མེད་ཀྱི་བོད་སྐྱོར་དང་། ཚན་རིག་དང་མཐུན་པའི་བོད་སྐྱོར། རྒྱུན་མཐུད་བོད་སྐྱོར་བཅས་བྱས་ནས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་ཧོ་པེའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་གིས་བོད་དུ་གཞི་ཚུགས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ། སྙིང་སྟོབས་དང་གཤིས་རྒྱུད་ཞུན་བརྡར་བཅས་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཧོ་པེ་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས་མངའ་རིས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཀྱིས་འབྲེལ་མཐུད་ལས་དོན་ཡག་པོ་བསྒྲུབས་ནས་བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བཏང་སྟེ། བོད་སྐྱོར་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཧོ་པེའི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན།
        བཞུགས་མོལ་ཚོགས་འདུ་གྲོལ་རྗེས། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་གྱི་གན་རྒྱ་འཇོག་པ་དང་རོགས་སྐྱོར་མ་དངུལ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་ཤིང་། གྲོས་མཐུན་གཞིར་བཟུང་། ཕྱོགས་གཉིས་པོས“ལོ་ལྔ་ཚན་བཅུ་གསུམ་པའི”བོད་སྐྱོར་འཆར་འགོད་མཇུག་བསྡུ་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་འཆར་འགོད་ཇུས་འགོད། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་མངགས་གཏོང་། དམངས་འཚོ་འགན་ལེན། ཐོན་ལས་བོད་སྐྱོར། འགྲོ་འོང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་ཀྱི་ལས་དོན་ཐུན་མོང་ཐོག་ཡག་པོ་བསྒྲུབ་རྒྱུ་རེད།
        བོད་དུ་བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱི་ཕེབས་རོགས་འོག་ཝང་ཏུང་ཧྥུང་དང་བཅས་པས་མངའ་རིས་ས་ཁུལ་གྱི་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་བོད་སྐྱོར་རྣམ་གྲངས་ལ་གཟིགས་ཞིབ་གནང་བ་དང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་དང་ཞིང་འབྲོག་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་སྤྱིའི་གནས་ཚུལ་དང་ལས་བྱེད་པ་དང་ཤེས་ལྡན་པའི་འཐུས་མིའི་ལས་དོན་སྙན་ཞུ་གསན་པ་མ་ཟད། མངའ་རིས་ཀྱི་ཧོ་པེ་ཆ་ཚང་སློབ་འབྲིང་གི་རོགས་སྐྲུན་ལས་དོན་དང“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལས་དོན་གྱི་གནས་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ་རེད། ཝང་ཏུང་ཧྥུང་གིས་ཧོ་པེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ་དང་ཁ་གཏད་བོད་སྐྱོར་ལས་དོན་རིམ་སྤོར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། ཁེངས་སྐྱུང་ངང་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་སློབ་སྦྱོང་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་བྱེད་དགོས་པ། དོ་དམ་ནན་པོ་དང་གཅེས་སྐྱོང་ནན་པོ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཡོད་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་བོད་སྐྱོར་དཔུང་ཁག་ཧྲག་པོ་ཅིག་ཧུར་ཐག་གཏོད་དགོས་པའི་ཐུགས་རེ་གནང་བ་རེད། ཝུའུ་དབྱིང་ཅེས་ཧོ་པེ་བོད་སྐྱོར་དང་བོད་སྐྱོར་ལས་བྱེད་པས་མངའ་རིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་ཞིང་། བོད་སྐྱོར་ལས་བྱེད་པས་ཡང་འབད་བསྐྱར་འབད་དང་ལེགས་ཆ་འདོན་སྤེལ། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་བཅས་བྱས་ཏེ། འགྲིམ་འགྲུལ་བདེ་འཇགས་དང་གཟུགས་པོར་བདག་གཅེས་བྱས་ནས། མངའ་རིས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།