དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་སླེབས་བྱུང་།

སྤེལ་དུས 2020-09-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་19ཉིན། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཅིག་པའི“ཀྲུང་གོའི་བསྡོམས་རྩིས་སྒོ་དབྱེའི་ཉིན་མོ”དང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་དེ་ལྷ་སར་སྤེལ། 
འདི་ནི་ལས་དོན་མི་སྣས་དྲིལ་བསྒྲགས་ལག་དེབ་གཏོང་བའི་རྣམ་པ་རེད།
       ད་ལོ་ནི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་གནད་འགག་གི་ལོ་ཞིག་ཡིན་ཞིང་། བསྡོམས་རྩིས་སྒོ་དབྱེའི་ཉིན་མོའི་ལོ་འཁོར་གྱི་བརྗོད་དོན་གཙོ་བོ་ནི“རྒྱལ་ཁབ་ཆེན་པོས་མིང་བཏོན་ན་ཁྱོད་མེད་ན་མི་ཆོག”ཅེས་པ་དེ་རེད།
       རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་ནི།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་གྲབས་ཡོད་པའི་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་ཞིག་དང་། མི་འབོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་པའི་དུས་སུ་སྤེལ་བའི་རྒྱལ་བབ་དང་རྒྱལ་ཤུགས་དང་འབྲེལ་བའི་རྟོག་ཞིབ་གལ་ཆེན་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་རང་རྒྱལ་མི་འབོར་གྱི་ཁ་གྲངས་དང་། གྲུབ་ཚུལ། ཁྱབ་ཚུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་ལ་སོགས་པའི་ཐད་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་གཙང་བཤེར་བྱས་ཏེ། མི་འབོར་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་དང་སྲིད་ཇུས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་འབོར་ཡུན་རིང་པོར་དོ་མཉམ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། ཚན་རིག་དང་མཐུན་པའི་ངང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་གཏན་འབེབས་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་གཏོད་དེ་ལོ་བརྒྱ་གཉིས་པའི་འབད་འཐབ་ཀྱི་དམིགས་ཚད་ལ་དཔུང་སྐྱོད་བྱེད་པར་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུ་དེ་རེད།
འདི་ནི་གྲོང་མིས་འགྲེམས་པང་གི་མདུན་དུ་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་འབྲེལ་ཡོད་ཤེས་བྱར་རྒྱུས་ལོན་བྱེད་པའི་རྣམ་པ་རེད།
       རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པར་ཡོངས་ཁྱབ་ཞིབ་བཤེར་པས་དུད་ཚང་དུ་བསྐྱོད་དེ་ཐོ་འགོད་བྱེད་པའམ་ཡང་ན་དུད་ཚང་གིས་སྐད་འཕྲིན་གྱི་བྱ་རིམ་ཆུང་བ་བརྒྱུད་ནས་རང་འགུལ་ངང་ཐོ་འགོད་བྱེད་པའི་ཐབས་ལམ་སྤྱོད་རྒྱུ་ཡིན་པ་དང་། དེ་ནི་2020ལོའི་ཟླ་11པའི་ཚེས་1ཉིན་གྱི་ནམ་གུང་ཆུ་ཚོད་བཅུ་གཉིས་ཀྱི་ཐོག་འགོ་ཚུགས་རྒྱུ་ཡིན་ཞིང་། དེས་མི་འབོར་སྐྱེ་ཚུལ་དང་འགྱུར་ལྡོག་བྱུང་ཚུལ། ཁང་པའི་གནས་ཚུལ་བཅས་ལ་ཞིབ་བཤེར་མཐིལ་ཕྱིན་པ་བྱ་རྒྱུ་རེད། 
       ཐེངས་འདིའི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ནི་ཡོངས་ཁྱབ་ཞིབ་བཤེར་གྱི་དུས་ཚད་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་སྤྱི་དམངས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་རུ་ཡོད་ཅིང་ཕྱི་རོལ་དུ་གཞིས་ཆགས་མེད་པའི་ཀྲུང་གོའི་སྤྱི་དམངས་ཡིན་ལ། དེའི་ནང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་དུས་ཡུན་ཐུང་ངུར་གནས་སྡོད་བྱས་ཡོད་པའི་མངའ་ཁོངས་ཕྱིའི་མི་སྣ་ཚུད་མེད། ཡོངས་བཤེར་བྱེད་སྐབས་གཙོ་བོ་མི་འབོར་དང་ཁྱིམ་དུད་ཀྱི་གཞི་རྩའི་གནས་ཚུལ་ལ་བརྟག་དཔྱད་བྱེད་དགོས་ཤིང་། དེའི་ནང་དུ་རུས་མིང་དང་། སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། ཕོ་མོ། ན་ཚོད། མི་རིགས། སློབ་གསོ་མྱོང་ཚད། ལས་རིགས། གནས་སྤོའི་འཁོར་སྐྱོད། གཉེན་སྒྲིག་བུ་བཙའ། ཤི་བ། སྡོད་ཁང་སོགས་ཚུད་ཡོད་པ་རེད། 
འདི་ནི་ལས་དོན་མི་སྣས་དྲིལ་བསྒྲགས་ལག་དེབ་གཏོང་བའི་རྣམ་པ་རེད།
       བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྡོ་རྗེ་དགྲ་འདུལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཅིག་པའི“ཀྲུང་གོའི་བསྡོམས་རྩིས་སྒོ་དབྱེའི་ཉིན་མོ”དང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་སྤེལ་བ་དེས་སྔར་ལས་ལེགས་པའི་སྒོ་ནས་སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཀྱི་ཞིབ་བཤེར་ཐེངས་བདུན་པ་མཚམས་སྦྱོར་དང་དྲིལ་བསྒྲོགས་བྱས་ཏེ། མང་ཚོགས་ལ་སྐུལ་སློང་དང་མང་ཚོགས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཀྱི་ཞིབ་བཤེར་ཐེངས་བདུན་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཆེད་ཡིན་ཞེས་བཤད།
       བྱེད་སྒོས་རྒྱ་ཆེའི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་ཞིབ་བཤེར་དུས་ཚོད་ནང་། ཞིབ་བཤེར་བྱ་ཡུལ་ཚང་མ་ཧུར་ཐག་སྒོས་ཡོངས་ཁྱབ་ཀྱི་ཞིབ་བཤེར་ནང་ཞུགས་ཏེ་ཞིབ་བཤེར་ལས་དོན་ལ་གཞོགས་འདེགས་དང་རྒྱབ་སྐྱོར། བསམ་ཤེས་བྱས་ཏེ་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ཀྱི་ཚན་པ་སོ་སོའི་འབྲེལ་ཡོད་ཀྱི་ནང་དོན་ཇི་མ་ཇི་བཞིན་དུ་སྙན་སེང་ཞུ་བ་དང་། ཡོངས་ཁྱབ་ཞིབ་བཤེར་གྱི་རེ་ཞུ་རེའུ་མིག་བཀོད་འབུལ་བྱས་པའི་གཞི་གྲངས་བདེན་པ་དང་། ཡང་དག་པ། ཆ་ཚང་བ།  བློས་འགེལ་ཆོག་པ་བཅས་ཡོང་བར་འགན་ལེན་བྱེད་པའི་གྲོས་འགོ་བཏོན་པ་རེད།