དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལོ་ངོ་སྟོང་ལ་བརྒྱུད་པའི་དྲི་ཞིམ་བོད་སྤོས་ཀྱི་རྒྱུན་འཛིན་པ།

སྤེལ་དུས 2020-09-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
      སྒྲིག་པ་པོའི་གཏམ།
      “སྙེ་མོའི་རོང་ཆེན་ལས་ཐོན་པའི་བོད་སྤོས་འབྱུང་ཁུངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན”ཞེས་པ་དེ་ཟླ་9པའི་ཚེས་21ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་འགོ་ཚུགས། གསར་འགོད་པས་གོ་སྐབས་དེ་དང་བསྟུན་ནས་སྙེ་མོར་བསྐྱོད་དེ་“བོད་སྤོས་རིག་གནས་ཀྱི་ཕ་ཡུལ”གྱི་དུས་རབས་གསར་པའི་འཕེལ་རྒྱས་དང་འཕོ་འགྱུར་ལ་རྒྱུས་ལོན་བྱས། 
      “བོད་སྤོས་ཀྱི་འབྱུང་ཁུངས”ཞེས་འབོད་པའི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་བོད་སྤོས་རྒྱུན་འཛིན་བྱས་ནས་ད་བར་དུ་ལོ་ངོ་1300ལྷག་ཙམ་འགོར་ཡོད་པ་དང་། དུས་རབས་རིམ་བྱུང་གི་བོད་སྤོས་ལག་རྩལ་རྒྱུན་འཛིན་པས་མི་རབས་ནས་མི་རབས་བར་བོད་སྤོས་བཟོརྩལ་ལ་སྲུང་སྐྱོང་དང་ཞིབ་འཇུག རྒྱུན་འཛིན་བཅས་བྱས་པས། སྙེ་མོའི་བོད་སྤོས་ཀྱི་དྲི་བསུང་ཡུལ་གྲུ་ཀུན་ལ་འཐུལ། 
      ཚེ་རིང་།  ཉམས་མྱོང་དམར་ཁྲིད་བྱས་ཏེ་ལག་རྩལ་རྒྱུན་འཛིན་བྱས།
      ད་ལྟ་དགུང་ལོ་65ལ་སོན་པའི་རྒྱལ་ཁབ་རིམ་པའི་མངོན་མིན་་རིག་གནས་ཤུལ་བཞག་ལས་བོད་སྤོས་བཟོ་རྩལ་གྱི་ཚབ་མཚོན་རྒྱུན་འཛིན་པ་ཚེ་རིང་གིས་རང་ལོ་བཅུ་གཉིས་ནས་བཟུང་“ཆུ་འཐག་བོད་སྤོས”བཟོ་སྟངས་སློབ་སྦྱོང་བྱས་མྱོང་ལ། 1978ལོར་ཐོན་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་སྐབས་ཡུལ་མི་ཚོའི་སྣེ་ཁྲིད་དེ་བོད་སྤོས་བཟོ་གཉེར་བྱས་མྱོང་། 
      ཚེ་རིང་ལོ་ལྔ་བཅུ་ང་བཞི་ཡིན་དུས་ནད་ཀྱིས་མནར་ནས་ཁྱིམ་དུ་མི་སྡོད་ཀ་མེད་བྱུང་ཡང་།  ཁོང་གིས་རྟག་ཏུ་གནའ་བོའི་ལག་རྩལ་འདི་རྒྱུན་འཛིན་བྱེད་པའི་འགན་འཁྲི་མི་བརྗེད་པར་བུ་རྡོ་རྗེ་ཚེ་རིང་ལ་སྤོས་བཟོའི་ཉམས་མྱོང་དམར་ཁྲིད་བྱས། 
 
ཚེ་རིང་དང་ཁོང་གི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པའི་བྱ་དགའི་བུམ་པ། 
      རྡོ་རྗེ་ཚེ་རིང་གིས་གཟབ་ནན་དང་སེམས་ཆུང་སྒོས་ཨ་ཕའི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པའི་བྱ་དགའི་བུམ་པ་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་ལས་བོད་སྤོས་བཟོ་རྩལ་གྱི་ཚབ་མཚོན་རྒྱུན་འཛིན་པའི་ལག་ཁྱེར་ཚང་མར་འགྲེམ་སྟོན་བྱས་པ་མ་ཟད། དེ་ནི་ཨ་ཕའི་གཟི་བརྗིད་ཡིན་པས་རང་ཉིད་ཀྱིས་ཀྱང་ཨ་ཕའི་རེ་བ་སྟོང་ཟད་དུ་མི་གཏོང་བར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ཨ་ཕས་རང་གི་མིག་ལྟར་གཅེས་སུ་འཛིན་པའི་སྤོས་བཟོ་ལག་རྩལ་མུ་མཐུད་ནས་རྒྱུན་འཛིན་བྱ་རྒྱུ་ཡིན་ཞེས་བཤད།
      དོན་གྲུབ། རྒྱལ་ཁབ་ཀྱི་རོགས་སྐྱོར་ལ་དྲིན་གཟོ་ཞུ་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་རིག་གནས་རྒྱུན་འཛིན་བྱས།    
      དོན་གྲུབ་ཀྱི་ཁྱིམ་ནི་སྤོས་བཟོ་མཁན་གྱི་ཁྱིམ་རྒྱུད་ཅིག་ཡིན་པ་དང་ཁོང་ནི་མི་རབས་བཞི་པའི་རྒྱུན་འཛིན་པ་ཡིན་ལ། ཁོང་2008ལོར་བོད་རང་སྐྱོང་ལྗོངས་རིམ་པའི་སྤོས་བཟོ་བའི་“གཟུགས་འདས་རིག་གནས་ཤུལ་བཞག”གི་རྒྱུན་འཛིན་པར་བདམས་པ་རེད། དོན་གྲུབ་ཀྱི་ངོས་ནས་བརྗོད་ན་སྤོས་བཟོ་བ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་འགན་འཁྲི་ཞིག་རེད། 
དོན་གྲུབ།
       ཉེ་བའི་ལོ་ཤས་རིང་། བོད་སྤོས་རིག་གནས་དུས་ཆེན་ལ་སླེབས་སྐབས་བགྲེས་པོ་དོན་གྲུབ་ཀྱིས་སྤོས་བཟོ་འདོད་ཡོད་པའི་ན་གཞོན་ཚོ་དང་སྤོས་བཟོ་བའི་ལག་རྩལ་ཐད་ནས་བསམ་བློ་བརྗེ་རེས་བྱེད་ཅིང་། ཁོང་གིས་ང་ནས་ངག་ལ་བརྒྱུད་པའི་བོད་སྤོས་བཟོ་སྟངས་ནི་མེས་པོའི་ཤུལ་བཞག་ཡིན་མོད། སྲིད་གཞུང་གི་མཐོང་ཆེན་དང་རོགས་སྐྱོར་ལ་བརྟེན་ནས་མི་མང་པོ་ཞིག་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱེད་དུ་བཅུག་ཚེ། གཞི་ནས་འཕེལ་རྒྱས་ཀྱི་མདུན་ལམ་སྔར་ལས་ལེགས་པོ་ཡོང་ཐུབ་པའི་ངོས་འཛིན་བྱེད་ཀྱིན་ཡོད་པ་དང་། སེམས་རྣལ་ལ་ཕབ་ནས་བོད་སྤོས་ཞིབ་བཟོ་དང་ལག་རྩལ་རྒྱུན་འཛིན་ལ་འགན་འཁུར་ཚེ། གཞི་ནས་སྔོན་བྱོན་དམ་པ་རྣམས་ཀྱི་ཕྱག་ནས་རྒྱུན་འཛིན་བྱས་པའི་རྒྱུ་ནོར་ཆུད་ཟོས་སུ་མི་གཏོང་བར་འདོད་ཡོད།
      དྲང་བདེན་གསར་གཏོད་དང་འཕེལ་རྒྱས་ཁྲོད་ནས་འགྱུར་ལྡོག་འགྲོ་བཞིན་པའི་དེང་གི་དུས་སུ། བགྲེས་པོ་དོན་གྲུབ་ཀྱིས་ཀྱང་རྙིང་ཞེན་མཁྲེགས་འཛིན་མི་བྱེད་པར། ཁོང་གིས་“ཡར་སྔོན་བོད་སྤོས་ཀྱི་རིང་ཚད་ནི་མདའ་ཡི་རིང་ཚད་དང་གཅིག་མཚུངས་ཡིན། འོན་ཀྱང་སྔོན་མར་འཇར་པན་གྱི་མི་ཞིག་སྙེ་མོར་སླེབས་སྐབས་ཁོང་གིས་འཇར་པན་གྱི་གནམ་གཤིས་བརླན་གཤེར་ཆེ་བས་མེ་སྦར་མ་ཐག་པའི་སྤོས་ལ་བཞའ་ཚན་ཕོག་ནས་གུག་འགྲོ་ཞེས་བཤད། དེ་ནས་སྤོས་བཟོ་མཁན་གྱིས་ཁྲོམ་རའི་དགོས་མཁོར་གཞིགས་ནས་བོད་སྤོས་ཀྱི་རིང་ཚད་རན་པར་བཅོས་པ་དང་འབྲེལ་མཆོད་རྟེན་དབྱིབས་ཀྱི་བོད་སྤོས་སོགས་རྣམ་པ་སྣ་ཚོགས་བཟོས་པ་རེད”ཅེས་བཤད། 
      རྒྱ་མཚོ།  དུས་བསྟུན་མདུན་སྐྱོད་དང་ལག་རྩལ་རྒྱུན་འཛིན་གྱིས་དབུལ་སྒྲོལ་ཕྱུག་འགྱུར་གཏོང་བ་བརྗེད་དུ་མེད།
      ལོ་བཅུ་བཞི་ནས་བཟུང་སྤོ་བོ་ལགས་དང་མཉམ་དུ་“ཆུ་འཐག་བོད་སྤོས”བཟོ་རྩལ་སྦྱངས་པ་དང་། ལོ་བཞི་བཅུ་ལྷག་གི་སྤོས་བཟོའི་ཉམས་མྱོང་ཡོད་པའི་རྒྱ་མཚོ་ཡིས་རྒྱུན་འཛིན་དང་དར་སྤེལ་ཁྲོད་དུས་བསྟུན་མདུན་སྐྱོད་བྱ་རྒྱུ་ནམ་ཡང་བརྗེད་མ་མྱོང་།
      རྒྱ་མཚོ་ཡི་ཁྱིམ་དུ་སྤོས་བཟོ་བའི་འཕྲུལ་ཆས་ཤིག་བཞག་ཡོད་པ་དང་དེས་སྔོན་ཆད་ཁོང་དང་མཉམ་དུ་དཀའ་སྡུག་གི་ལོ་ཟླ་སྐྱེལ་རོགས་བྱས་ཡོད། ཁོང་གིས་“སྐབས་དེ་དུས་སྒོར་ལྔ་སྟོང་ལྷག་མ་གཏོགས་མེད་པས་ངས་ཁྱིམ་མིས་ངོ་རྒོལ་ལ་མ་འཛེམས་པར་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་གཉིས་གཡར་ཏེ་འཕྲུལ་ཆས་འདི་ཉོས་རྗེས་ད་དུང་དངུལ་བུན་སྒོར་ཁྲི་ཉི་ཤུ་གཡར་ནས་བཟོ་ཁང་འཛུགས་སྐྲུན་བྱས་པ་ཡིན།” ཞེས་བཤད།
རྒྱ་མཚོ།
      རྒྱ་མཚོ་ཡིས་འདུ་ཤེས་གསར་སྒྱུར་བྱས་པ་མ་ཟད་ཕམ་ཉེས་ཐེངས་བརྒྱ་ལྷག་ཙམ་བྱུང་རྗེས་སྤོས་སྣ་ཁ་8གསར་གཏོད་བྱས་པས་རང་ཁྱིམ་གྱི་སྤོས་ཚོང་རིམ་བཞིན་ཇེ་ཡག་ཏུ་ཕྱིན་ཡོད། 2008ལོར་བཟོ་ཁང་དེ་“ནོར་བུ་རིན་ཆེན་བོད་སྤོས་ཚད་ཡོད་ཀུང་སི”རུ་རིམ་སྤོར་བྱས་པ་དང་འབྲེལ་ཚོང་རྟགས་ཡང་རེ་ཞུ་བྱས། 
      བརྩོན་འགྲུས་ཅན་གྱིས་ནོར་རྫས་ལོན་ཟེར་བའི་དཔེ་ལྟར་“ནོར་བུ་རིན་ཆེན་བོད་སྤོསལ་་2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་ཀྱི་སྤུས་ལེགས་ཟོང་རྟགས་དུས་ཆེན་ཐོག་བྱ་དགའ་ཐོབ་པ་རེད། སྐད་གྲགས་རྒྱས་པ་དང་ཆབས་ཅིག་རྒྱ་མཚོའི་བོད་སྤོས་དེ་བས་བྲིན་པོ་བྱུང་ནས་ཁོང་གི་ཀུང་སིའི་ཚོང་གཉེར་ཡོང་འབབ་2019ལོར་སྒོར་ཁྲི་95ཟིན་པ་དང་ཁེ་སྤོགས་སྒོར་ཁྲི་30ལས་བརྒལ་ཡོད། 
      རྒྱ་མཚོས་མཚམས་སྦྱོར་གནང་བ་ལྟར་ན། མིག་སྔར་ཀུང་སིའི་མཉམ་ལས་ལས་བཟོ་བ་25ཡོད་པ་དང་མང་ཆེ་བ་ཐོན་མདའ་གྲོང་ཚོའི་ས་གནས་དེ་གའི་བུད་མེད་ཡིན་ལ། དེའི་ཁྲོད་ནས་ཁག་གཅིག་ནི་དེ་སྔ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན། ཁོང་གིས་“ང་ཚོས་ལས་བཟོ་བར་མ་བཅོས་རྒྱུ་ཆ་དང་། ལས་ཡུལ། གསོ་སྦྱོང་བཅས་མཁོ་འདོན་བྱས་ནས་ཐོན་ཚད་ལྟར་རྩིས་སྤྲོད་བྱེད་ཀྱིན་ཡོད་པས་ད་ཆ་ཚང་མའི་ཡོང་འབབ་འཕར་སྣོན་བྱུང་ཡོད” ཅེས་བཤད།
      བོད་སྤོས་བཟོ་རྩལ་གྱི་རྒྱུན་འཛིན་པ་ནི་སྙེ་མོའི་བོད་སྤོས་གཟུགས་འདས་རིག་གནས་ཤུལ་བཞག་གི་“བང་མཛོད་གསོན་པོ”ཞིག་ཡིན་ལ་མི་རབས་ནས་མི་རབས་བར་རྒྱུད་འཛིན་ཡོང་བའི་འགག་རྩ་ཞིག་ཏུའང་ཆགས་རྒྱུ་རེད། སྙེ་མོའི་བོད་སྤོས་ཀྱི་དྲི་བསུང་དེ་ཕུལ་བྱུང་རྒྱུན་འཛིན་པའི་ལུས་ཐོག་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ངེས་རེད།