དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྤྱི་ལེ་3500བརྒལ་བའི་བརྩེ་སེམས་ཀྱི་ཕོ་ཉ།

སྤེལ་དུས 2020-09-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྤྱི་ལེ་3500བརྒལ་ཏེ། བྱིས་པའི་གཅིན་ཤོག་དོར་མ་དང་སློབ་སྦྱོང་ཡོ་ཆས་དྲུད་པའི་ཟོག་འདྲེན་རླངས་འཁོར་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དུ་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཞིང་། ཟླ་9པའི་ཚེས་21ཉིན། “གངས་ལྗོངས་བརྩེ་བས་ཁེངས། རྒྱལ་ཁམས་གཏན་དུ་བདེ།”ཞེས་པའི་གཅེས་སེམས་སྤྱི་ཕན་ཞལ་འདེབས་ཕུལ་བའི་མཛད་སྒོ་ལྷོ་རོང་རྫོང་དུ་འཚོགས་པ་རེད།
ཞལ་འདེབས་དངོས་པོ་དྲུད་པའི་ཟོག་འདྲེན་རླངས་འཁོར་ལྷོ་རོང་རྫོང་དུ་འབྱོར་བ།
       ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ཟླ་7པ་ནས་བཟུང་། ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་གྱིས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས་ཤིང་། ཆོན་ཀྲོའུ་དང་ལྷོ་རོང་ཞེས་པའི་མཚོ་ཐོག་དར་གོས་ལམ་བུ་དང་ཇ་རྟའི་ཚོང་ལམ་གྱི་ཚོང་དོན་བགྲོད་ལམ་ཐོག་ཏུ་གནས་པའི་འོད་སྟོང་འཕྲོ་བའི་གྲོང་ཁྱེར་དེ་གཉིས་ཕན་ཚུན་ལག་གདང་སྦྲེལ་ཞིང་། གཅིག་སེམས་གཅིག་ལ་གཏད།   
       རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་སྤྱི་ཕན་བྱེད་སྒོ་ནི་ཧེང་ཨན་རྒྱལ་སྤྱིའི་ཚོགས་པ་ཚད་ཡོད་ཀུང་སིས་སྤེལ་ཞིང་། རིམ་རྩིས་བྱས་ན་ཞལ་འདེབས་སུ་ཕུལ་བའི་དངོས་ཟོག་གི་རིན་ཐང་ལ་སྒོར་ཁྲི་170ཟིན་ཡོད་པ་རེད། 
       ཆོན་ཀྲོའུ་བོད་སྐྱོར་ལས་བྱེད་པས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྟར་ལྷོ་རོང་རྫོང་གི་རྫོང་སྨན་ཁང་དུ་གསར་སྐྱེས་ཕྲུ་གུ་1000ཙམ་ཡོད་པ་དང་། ས་གནས་དེ་གའི་འཛད་སྤྱོད་ནུས་པ་དང་འཛད་སྤྱོད་འདུ་ཤེས་ཀྱི་དབང་གིས། ཕ་མ་མི་ཉུང་བ་ཞིག་གིས་བཀོལ་ཐེངས་གཅིག་ཅན་གྱི་གཅིན་ཤོག་དོར་མ་ཡང་བསྐྱར་བཀྲུས་ནས་ཐེངས་མང་པོར་བཀོལ་བའི་སྣང་ཚུལ་ཡོད་པས། ལྷོ་རོང་རྫོང་གི་གྲོང་མིའི་གསར་སྐྱེས་ཕྲུ་གུའི་འཕྲོད་བསྟེན་འདུ་ཤེས་ཀྱི་སློབ་གསོར་སྐུལ་འདེད་གཏོང་བ་དང་། ས་གནས་དེ་གའི་གསར་སྐྱེས་ཕྲུ་གུའི་འཕྲོད་བསྟེན་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད། ད་ཐེངས་ཧེང་ཨན་ཚོགས་པས་ལྷོ་རོང་རྫོང་ལ་གཅིན་ཤོག་དོར་མ་བསྡོམས་པས་ཁྲི་66ཞལ་འདེབས་སུ་ཕུལ་བ་དང་།  2020ལོའི་ཟླ་9ཚེས་1ཉིན་ནས་2021ལོའི་ཟླ་9ཚེས་1ཉིན་བར་རྫོང་སྨན་ཁང་དུ་གསར་དུ་སྐྱེས་པའི་ཕྲུ་གུས་ཟླ་6གི་རིང་བཀོལ་ཆོག་པའི་ཁ་གྲངས་འདང་ཚད་ཡོད་པ་རེད།  
       ཧེང་ཨན་ཚོགས་པའི་གཅེས་སེམས་འཐུས་མིས་ལྷོ་རོང་རྫོང་སྨན་ཁང་དུ་རྟོག་ཞིབ་བྱས་ཤིང་། ཁོང་གིས་བོད་ལྗོངས་ཀྱི་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་བར་ད་དུང་མུ་མཐུད་འབད་པ་བྱ་རྒྱུ་ཡིན་ཞེས་བཤད་པ་དང་། ཞལ་འདེབས་ཕུལ་བའི་གཅིན་ཤོག་དོར་མས་ས་གནས་དེ་གའི་དབུལ་པོའི་ཁྱིམ་ཚང་གི་ཕྲུ་གུ་ལ་བདག་སྐྱོང་བྱེད་པའི་ཁུར་པོ་ཇེ་ཡང་དུ་གཏོང་ཐུབ་པ་དང་། ཕྲུ་གུའི་གཟུགས་པོའི་བདེ་ཐང་ལ་སྲུང་སྐྱོང་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་རེད། 
       ལྷོ་རོང་རྫོང་གི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། ལྷོ་རོང་རྫོང་གིས་ཐེངས་འདིའི་ཞལ་འདེབས་ཕུལ་བའི་བྱེད་སྒོ་ནས་འགོ་བཙུགས་ཏེ། མུ་མཐུད་དུ་དམངས་འཚོའི་བྱ་གཞག་ལ་དོ་ཁུར་བྱེད་པ་དང་། ཧུར་བརྩོན་སྒོས་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣར་སྐུལ་སློང་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བ། ལྷོ་རོང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཞེས་བསྟན།