དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བརྟན་ལྷིང་ཁྲོད་གོང་འཕེལ་འགྲོ་བའི་བོད་ལྗོངས།

སྤེལ་དུས 2020-10-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་གོང་འཕེལ་མགྱོགས་པོ་འགྲོ་རྒྱུ་མངོན་འགྱུར་བྱུང་ཞིང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཆེས་ཆེར་ཡག་ཏུ་ཕྱིན་པས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གནང་བ་དང་།  གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ།  ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གནས་བབ་ཧྲིལ་པོའི་ཁྲོད་བོད་ལྗོངས་ཀྱི་ལས་དོན་ལ་བཀོད་སྒྲིག་དང་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ལ་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པ་རེད།
        བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་དང་།   རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག  བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་གོང་འཕེལ་མགྱོགས་པོ་འགྲོ་རྒྱུ་མངོན་འགྱུར་བྱུང་ཞིང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཆེས་ཆེར་ཡག་ཏུ་ཕྱིན་པས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
        ས་རུབ་ལ་ཁད་ཀྱི་སྐབས་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་ནང་གི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་སྐྱིད་པ་གྲོང་ཚོའི་གྲོང་མི་དངོས་གྲུབ་ཀྱི་ཁྱིམ་ཚང་མགྲོན་ཁང་ནང་གླུ་སྒྲ་དང་དགོད་སྒྲས་ཁེངས་ཡོད།  ཉེ་བའི་ལོ་ཤས་རིང་།  དངོས་གྲུབ་ཀྱི་ཚོང་ཡག་པོ་ཡོད་པ་དང་།  སྐུ་མགྲོན་རྣམ་པས་དགོང་ཟས་ལ་རོལ་བའི་སྐབས་སུ་ཁོང་གིས་ཀོང་པོའི་དམངས་གཞས་བཏང་ནས་སྐུ་མགྲོན་སྤྲོ་པོ་ཡོང་བ་བྱེད་ཀྱི་ཡོད།
        ཉིང་ཁྲིར་བོད་ལྗོངས་ཀྱི་གཡུ་གཞོང་ཞེས་སུ་འབོད་སྲོལ་ཡོད་པ་དང་།  ནགས་ཚལ་ཁྱབ་ཚད་ཆེ་བས་གནས་དེ་གའི་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་ཤིང་གཅོད་དེ་ཁྱིམ་ཚང་གི་འཚོ་བའི་ཁ་གསབ་བྱེད་ཀྱི་ཡོད།  དངོས་གྲུབ་གནས་སའི་སྐྱིད་པ་གྲོང་ཚོ་ནི་དེ་སྔ་ཤིང་གཅོད་མཁན་གྲོང་ཚོ་ཞིག་ཡིན་པ་རེད། སྐྱིད་པ་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཝང་ཧྲེ་ཡིས།  ས་གནས་དེ་གར་ཤིང་གཅོད་རྒྱུ་གཏན་འགོག་བྱས་རྗེས་སྐྱིད་པ་གྲོང་ཚོས་འབྱུང་ཁམས་ཡུལ་སྐོར་གོང་འཕེལ་ཤུགས་ཆེན་བཏང་བ་དང་།  ཤིང་གཅོད་མཁན་གྲོང་ཚོ་དེ་ཡུལ་སྐོར་གྲོང་ཚོར་འགྱུར་ཞིང་།  གྲོང་མི་ཚོས་ཡུལ་སྐོར་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་ཅེས་གསུངས་ཡོད།  
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  བོད་ལྗོངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བ་དང་།  འབྱུང་ཁམས་དམར་ཐིག་བརྟན་སྲུང་བྱས་ཤིང་། ལྗོངས་ཡོངས་ཀྱི་ས་ཆ་43%དོ་ནན་པོས་སྲུང་སྐྱོབ་བྱེད་པའི་ཁོངས་སུ་བཅུག་པས།  འབྱུང་ཁམས་སྲུང་ར་གལ་ཆེན་བརྟན་དུ་སོང་བ་དང་།  ཞིང་འབྲོག་མང་ཚོགས་དེ་བས་མང་བ་འབྱུང་ཁམས་དང་ཡུལ་སྐོར་ལ་བརྟེན་ནས་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།
        ད་ལོའི་སྤྱི་ཟླ་བདུན་པའི་ཟླ་མཇུག་ཏུ།  འཛམ་གླིང་ཐོག་མཐོ་ཚད་རྒྱ་མཚོའི་ངོས་ནས་མཐོ་ཤོས་ཀྱི་མཐོ་གནོན་གློག་སྒྱུར་ལས་གཞིའི་མངའ་རིས་གློག་ཤུགས་དྲ་སྦྲེལ་ལས་གཞི་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་ཡོད།  ལོ་མཇུག་ཏུ་འཁོར་རྒྱུག་བེད་སྤྱོད་བྱས་རྗེས་བོད་ལྗོངས་ཀྱི་འབྲོང་པ་དང་ས་དགའ་སོགས་རྫོང་བདུན་ལ་དྲ་སྦྲེལ་ཆེན་པོའི་གློག་བེད་སྤྱོད་གཏོང་རྒྱུ་ཡིན་པ་དང་། ཞིང་འབྲོག་མང་ཚོགས་སུམ་འབུམ་བརྒྱད་ཁྲི་ཙམ་གྱི་བདེ་འཇགས་དང་བློས་འགེལ་ཆོག་པའི་གློག་བེད་སྤྱོད་ཀྱི་གནད་དོན་ཐག་གཅོད་དང་ལེགས་བཅོས་ཡོང་རྒྱུ་ཡིན་པ་རེད།
        ཉེ་བའི་ལོ་ཤས་རིང་།  འགྲིམ་འགྲུལ་དང་།  ཆུ་བེད།  ནུས་ཁུངས་སོགས་གཙོ་གནད་རྣམ་གྲངས་འབོར་ཆེན་ཁག་གཅིག་གངས་ལྗོངས་ས་མཐོར་ལག་བསྟར་བྱེད་འགོ་ཚུགས་པས།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་གསབ་པ་དང་ཆབས་ཅིག་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།  སྤྱི་ཟླ་བདུན་པའི་ཟླ་མཇུག་ཏུ།  བོད་ལྗོངས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ཀྲུང་དབྱང་སྲིད་གཞུང་གིས་མ་འཇོག་གནང་བའི་སྒོར་དུང་ཕྱུར་2990དོན་འཁྱོལ་བྱས་པས་དེ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་མ་འཇོག་གི་ལྡབ་གཅིག་དང་གྲངས་ཆུང་གཅིག་ཡིན་པ་རེད།  བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་ཁྲུའི་ཁྲུའུ་ཀྲང་ཞའོ་ཧུའེ་པིང་གིས།  ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་མདུན་གྱི་ལོ་བཞིའི་ནང་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར་ལོ་རེར་ཆ་སྙོམས་9.3%འཕར་བ་དང་།  འཕར་ཚད་རྒྱལ་ཡོངས་ཀྱི་དུས་མཚུངས་ལས་བརྒྱ་ཆའི་གནས་2.8ཀྱིས་མཐོ་བ་ཡོད་ཅེས་ངོ་སྤྲོད་གནང་ཡོད།
        དམངས་ཀྱི་འཚོ་བ་ལེགས་བཅོས་དང་མི་སེམས་གཅིག་ཏུ་འདུས་པ་བྱ་རྒྱུ་ནི་སྔ་བར་ཕྱི་གསུམ་དུ་བོད་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་ཐོག་མའི་སྐུལ་སློང་དང་མཐར་ཐུག་གི་དམིགས་ཡུལ་ཡིན།  འདས་ཟིན་པའི་ལོ་ཁ་ཤས་ནང་།  བོད་ལྗོངས་ཀྱིས་རང་རིམ་པའི་ནོར་སྲིད་ཡོང་འབབ་ཀྱི་80%དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་ནང་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཡོད།  དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གནད་འཕིགས་དབུལ་སྒྲོལ་འགག་གཏོར་ལ་སྐུལ་འདེད་བཏང་ཡོད།  བོད་ལྗོངས་ཀྱི་རང་བྱུང་ཁོར་ཡུག་ཞན་པ་དང་འཚོ་གནས་ཆ་རྐྱེན་ཞན་པའི་ཆེས་དབུལ་ཕོངས་ས་ཁུལ་ས་ངན་དུ་སྤྱི་ཡོངས་ནས་ཡུལ་གཞན་དུ་གནས་སྤོ་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་བརྒྱུད་ཉེ་བའི་ལོ་ཤས་རིང་གྲོང་མི་ཆིག་ཁྲི་དྲུག་སྟོང་ལྷག་རི་ཁུག་ནས་ཕྱིར་སྐྱོད་རྒྱུར་རོགས་རམ་བྱས་ཡོད་པ་རེད།  
        ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་གྲོང་རྡལ་བཅའ་གནས་གྲོང་ཚོར།  བསོད་ནམས་ལྷ་སྒྲོན་གྱི་ཨ་མས་ཇ་བསྲུབས་མ་བཟོ་བཞིན་དུ་ནང་མི་ཚང་མར་ཞོགས་ཟས་གྲ་སྒྲིག་བྱེད་ཀྱི་ཡོད། ན་ནིང་སྤྱི་ཟླ་5པར། བསོད་ནམས་ལྷ་སྒྲོན་དང་ནང་མི་རྣམས་ས་ངན་ནས་དེ་གར་སྤོས་ཏེ། ཉང་ཆུའི་ནུབ་ངོགས་ཀྱི་ཁྱིམ་ཚང་གསར་པར་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད།
        དབུལ་སྒྲོལ་འགག་གཏོར་གྱི་ལས་དོན་འགོ་ཚུགས་པ་ནས་བཟུང་། བོད་ལྗོངས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་198བཏང་བ་དང་།  གནས་སྤོས་གྲོང་གསར་དང་། གནས་སྤོ་བྱ་ཡུལ་གྱི་སྡོད་ཁང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་ཆ་སྒྲིག་སོགས་ཀྱི་རྣམ་གྲངས་965འཛུགས་སྐྲུན་ལག་བསྟར་བྱས་པ་དང་། ཡིག་ཚགས་བཙུགས་ནས་གཱ་ཤོག་བཟོས་པའི་དབུལ་ཕོངས་མི་འབོར་ཉིས་འབུམ་དྲུག་ཁྲི་དྲུག་སྟོང་གནས་སྤོ་དང་གནས་སྡོད་བྱས་ཡོད།   བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།  བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷས།  བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཕྱིན་པ་དེས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། སླད་ཕྱིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་།  མཐུན་སྒྲིལ་དང་།  འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན། མཛེས་སྡུག་བཅས་ཀྱིས་ཕྱུག་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།