དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྐར་ཆ་220ཅན་གྱི་འགུལ་རིས་འདིས་མི་མང་པོའི་མིག་མཐའ་བརླན།

སྤེལ་དུས 2020-10-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
ཏོག་གསར་གློ་ཚད་རིམས་ནད་ནི།
ཉེ་བའི་ལོ་བརྒྱའི་རིང་མིའི་རིགས་ལ་འཕྲད་པའི།
ཤུགས་རྐྱེན་ཐེབས་ཁོངས་ཆེས་རྒྱ་ཆེ་བའི།
གོ་ལ་ཧྲིལ་པོའི་རང་བཞིན་གྱི་ནད་ཡམས་ཆེན་པོ་ཞིག་ཡིན།
འཛམ་གླིང་ཡོངས་ལ་མཚོན་ན་ཉེན་ཁ་ཚབས་ཆེན་ཞིག་ཡིན་པ་དང་།
ཉམས་སད་ཆེན་པོ་ཞིག་དེ་བས་ཀྱང་ཡིན།
གཤམ་ལ་ང་ཚོས་མཉམ་དུ་བལྟ།
བསྡུ་སྒྲིག་བྱས་ནས་བཟོས་པའི་རྒྱལ་ཁབ་ཁག་གི་ཏོག་གསར་གློ་ཚད་དྲག་སྐྱེད་བྱུང་བའི་འགུལ་རིས་གཞི་གྲངས།
ཀྲུང་གོས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་།
ལུས་ཕུང་བདེ་ཐང་ཨང་དང་པོར་བཟུང་ཞིང་།
བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་བརྟེན་ནས།
ཆེས་ཕྱོགས་ཡོངས་དང་ཆེས་གཟབ་ནན་ཆེས་མཐར་ཕྱིན་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་ནས།
ནད་དུག་མཆེད་པའི་བརྒྱུད་ཐག་ནུས་ལྡན་ངང་འགོག་ཐུབ་ཡོད།
       2019ལོའི་ཟླ་12ཚེས་27ཉིན་ནས་2020ལོའི་ཟླ་1ཚེས་19ཉིན་བར། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱིས་ལྟ་ཞིབ་ཚད་ལེན་བྱེད་སྐབས་རྒྱུ་རྐྱེན་གསལ་པོ་མི་ཤེས་པའི་གློ་ཚད་ཀྱི་ནད་དཔེ་ཤེས་རྟོགས་བྱུང་བས། ཀྲུང་གོས་འཕྲལ་མ་ཉིད་དུ་རིམས་ནད་བྱུང་ཚུལ་སྙན་སེང་ཞུས་པ་དང་། མྱུར་དུ་ལག་ལེན་བསྟར་དེ་ནད་རྐྱེན་རིག་པ་དང་ནད་ཡམས་རིག་པའི་བརྟག་དཔྱད་བྱས།

       ཟླ་1ཚེས་20ཉིན་ནས་ཟླ་2ཚེས་20ཉིན་བར། རྒྱལ་ཡོངས་སུ་ནད་རྟགས་གཏན་འཁེལ་གྱི་ནད་དཔེ་མགྱོགས་མྱུར་ངང་འཕར་བ་དང་། ཀྲུང་གོས་ནད་དུག་མཆེད་པར་བཀག་འགོག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་བཀོལ་སྤྱོད་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཝུའུ་ཧན་དང་ཧུའུ་པེ་ནས་ཁ་བྲལ་བའི་བགྲོད་ལམ་བཀག་པ་དང་། ཝུའུ་ཧན་སྲུང་སྐྱོབ་དང་ཧུའུ་པེ་སྲུང་སྐྱོབ་ལས་ཀ་ཕྱོགས་ཡོངས་ནས་འགོ་བརྩམས་པ་རེད།
       ཟླ་1ཚེས་31ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་དེ་རྒྱལ་སྤྱིའི་ཐོག་དོ་ཁུར་བྱེད་པའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཞིག་ཏུ་བརྩིས། ཀྲུང་གོ་ཕུད་པའི་ལྗར་པན་དང་། སིང་ཀ་ཕོར། ཁོ་རེ་ཡ་ལྷོ་མ། ཨ་རི། དབྱི་ཐ་ལི་སོགས་རྒྱལ་ཁབ་ལའང་ནད་རྟགས་ཆོད་པའི་ནད་པ་ཐོན་པ་རེད།

       ཟླ་3ཚེས་18ཉིན་ནས་ཟླ་4ཚེས་28ཉིན་བར། ཝུའུ་ཧན་གྲོང་ཁྱེར་གཙོ་བྱས་པའི་རྒྱལ་ཡོངས་ཀྱི་རང་སའི་རིམས་ནད་མཆེད་རྒྱུ་གཞི་རྩའི་ཆ་ནས་འགོག་ཐུབ་པ་བྱུང་ཡོད། ཟླ་4ཚེས་8ཉིན། ཝུའུ་ཧན་དང་ཧུའུ་པེ་ནས་ཁ་བྲལ་བའི་བགྲོད་ལམ་དོ་དམ་ཚོད་འཛིན་བྱེད་མཚམས་བཞག་པ་དང་། ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་ཡོད་པའི་ཏོག་གསར་གློ་ཚད་རིམས་ནད་ཅན་གྱི་ནད་པ་གཅིག་ཀྱང་མ་ལུས།
       ཟླ་3ཚེས་27ཉིན།ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་ཆོད་པའི་ནད་པའི་གྲངས་ཀ་ཀྲུང་གོ་ལས་བརྒལ།

       ཟླ་4ཚེས་29ཉིན་ནས་བཟུང་། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་གཏན་ཅན་དུ་གྱུར་ཡོད་པ་དང་། རྒྱལ་ནང་གི་རིམས་ནད་སྤྱིའི་ཆ་ནས་ཐོར་འགྲེམ་གྱི་རྣམ་པ་མངོན་ཡོད། ས་ཁུལ་ཁ་ཤས་སུ་ནད་དཔེ་འགའ་རེ་ལས་བྱུང་བའི་འདུས་འདྲེས་རང་བཞིན་གྱི་རིམས་ནད་བྱུང་བ་དང་། ཕྱི་ཁོངས་ནས་ཐོན་པའི་ནད་དཔེ་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་ཆོད་པའི་ནད་པའི་མི་གྲངས་འཛམ་གླིང་གི་ཨང་བཅུ་བའི་མན་དུ་ཡོད།
       དུས་མཚུངས་སུ། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་ཆོད་པའི་ནད་པའི་མི་གྲངས་དེ་འཛམ་གླིང་གི་ཨང་དང་པོར་སླེབས།

       ཨ་རིའི་ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་2ཉིན་གྱི་ཆུ་ཚོད་0དང་སྐར་མ་54ལ། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་རང་ཉིད་ཀྱི་ཐིའུ་ཐི་ཐོག་ཁོང་དང་ལྕམ་མོ་གཉིས་ཀར་ཏོག་གསར་གློ་ཚད་རིམས་ནད་འགོས་སོང་ཞེས་ཁྱབ་བསྒྲགས་བྱས།

       ཟླ་10ཚེས་4ཉིན་བར། ཨ་རི་དང་། རྒྱ་གར། པར་ཙིར་བཅས་ཀྱི་ནད་རྟགས་ཆོད་པའི་མི་གྲངས་མདུན་གྲལ་དུ་སླེབས་ཡོད། ཟླ་10པའི་ཚེས་6ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས། མིག་སྔར་ཨ་རི་དང་། པར་ཙེར། རྒྱ་གར་བཅས་ཀྱི་ནད་རྟགས་ཆོད་པའི་ནད་པའི་གྲངས་འབོར་གྱིས་གོ་ལ་ཧྲིལ་པོའི་ནད་རྟགས་ཆོད་པའི་ནད་པའི་གྲངས་ཀའི་ཕྱེད་ཀ་ཙམ་བཟུང་ཡོད་པ་བསྟན་པ་དང་། རྒྱལ་ཁབ་དེ་གསུམ་ལ་བསྡོམས་པས་ནད་པ་ཁྲི་949ལས་བརྒལ་ཡོད་པ་རེད།
ཀྲུང་གོས་ཟླ་གཅིག་ལྷག་གི་དུས་ཚོད་སྤྱད་ནས།
རིམས་ནད་མཆེད་ཚུལ་བཀག་འགོག་ངེས་ཅན་ཐུབ་ཡོད།
ཟླ་བ་གཉིས་ཡས་མས་ཀྱི་དུས་ཚོད་སྤྱད་ནས།
རང་སའི་ཉིན་ལྟར་གསར་དུ་འཕར་བའི་ནད་པའི་གྲངས་ཀ
གྲངས་གནས་གཅིག་གི་ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད།
ཟླ་བ་གསུམ་ཡས་མས་ཀྱི་དུས་ཚོད་སྤྱད་ནས།
ཝུའུ་ཧན་སྲུང་སྐྱོབ་ལས་དོན་དང་།
ཧུའུ་པེ་སྲུང་སྐྱོབ་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ།
ལྡོག་སྐྱོད་པ་རེ་རེ་ལ་བཀའ་དྲིན་ཆེ་ཞུ།
རྩོམ་སྒྲིག་པ། སངས་སྐྱབས།