དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་དང་དབུལ་པོའི་སྣེ་ཁྲིད་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2020-10-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཟླ་10ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྙེ་མོ་རྫོང་སོགས་སུ་ཕེབས་ཏེ་རང་ལྗོངས་ཀྱི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་དང་དབུལ་པོའི་སྣེ་ཁྲིད་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། ལས་བྱེད་པ་དང་མང་ཚོགས་དང་། ཞིང་འབྲོག་ཚན་རྩལ་ལས་དོན་པ། ཁེ་ལས་གཉེར་སྐྱོང་བ་བཅས་དང་སྤེལ་རེས་གཏིང་ཟབ་གནང་བ་དང་། ཐོན་ལས་འཕེལ་རྒྱས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་དོན་ཆེན་ལ་མཉམ་དུ་གྲོས་བསྡུར་ཡང་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་སྙེ་མོ་རྫོང་གི་པེ་ཅིང་བོད་སྐྱོར་ལས་བྱེད་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།
         ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྙེ་མོ་རྫོང་སོགས་སུ་ཕེབས་ཏེ་རང་ལྗོངས་ཀྱི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་དང་དབུལ་པོའི་སྣེ་ཁྲིད་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། ལས་བྱེད་པ་དང་མང་ཚོགས་དང་། ཞིང་འབྲོག་ཚན་རྩལ་ལས་དོན་པ། ཁེ་ལས་གཉེར་སྐྱོང་བ་བཅས་དང་སྤེལ་རེས་གཏིང་ཟབ་གནང་བ་མ་ཟད། ཐོན་ལས་འཕེལ་རྒྱས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་དོན་ཆེན་ལ་མཉམ་དུ་གྲོས་བསྡུར་ཡང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
         ཉི་ཧུང་ཡོན་ཚང་མཁོ་སྤྲོད་འཁོར་འབྲེལ་དཔལ་འབྱོར་གྲུ་ཁ་ནི་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་དུ་གནས་པ་དང་། དེ་ནི་སྙེ་མོ་རྫོང་གིས་ས་ཁོངས་ཀྱི་ལེགས་ཆར་གཞི་ཚུགས་ནས་བཏོད་པའི་དེང་རབས་ཅན་གྱི་ཟོག་འགྲེམས་གླིང་ཞིག་ཡིན་པ་རེད། ད་ལྟ་ལྗོངས་ནང་ཁུལ་གྱི་གཤེར་གཟུགས་སྣུམ་ནག་མཛོད་ཉར་རྟེན་གཞི་ཐོག་མ་དེ་བསྐྲུན་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ཏེ་རྣམ་གྲངས་འཛུགས་སྐྲུན་དང་ལས་སྒོ་འཕེལ་རྒྱས་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། མཛོད་ཉར་ནུས་པ་དང་། ཁྱབ་འགྱེད་ནུས་པ། ཐོན་རྫས་བེད་སྤྱོད་ཀྱི་མདུན་ལམ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཝུའུ་དབྱིང་ཅེས་དེང་རབས་ཟོག་འགྲེམས་ལས་རིགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཐོན་ལས་ཡིན་ལ། སྤུས་ཚད་མཐོ་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ལྡན་དགོས་པའི་ཆ་རྐྱེན་ཡང་ཡིན་པས། ཁེ་ལས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཞབས་ཞུ་བྱེད་ཁོངས་ཇུས་འགོད་བྱེད་པ་དང་། རྣམ་གྲངས་ཚོད་སྐོར་ལས་དོན་ཡག་པོ་སྒྲུབ་པ། ཁེ་ལས་དང་གླིང་ཁུལ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་འགྲོ་བའི་འགན་ལེན་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྤུས་ལེགས་ཀྱི་ཞབས་འདེགས་ཞུ་དགོས་ཞེས་གསུངས་པ་རེད།
སྙེ་མོ་རྫོང་མཁར་རུ་ཤང་གི་ཁམ་བུ་འདེབས་འཛུགས་རྟེན་གཞིར་བརྟག་ཞིབ་གནང་སྐབས། ཝུའུ་དབྱིང་ཅེས་ཐོན་ལས་རྣམ་གྲངས་དང་ཁྲོམ་ར་གནད་སྨིན་སྦྲེལ་མཐུད་ལ་སྔར་བས་སྐུལ་འདེད་བཏང་སྟེ་ཟུར་སྣོན་རིན་ཐང་མཐོ་པོས་འདེབས་གསོ་བྱས་ནས་འགྱིག་ཤོག་དྲོད་ཁང་ཆེ་མོ་སོགས་ཀྱི་སྒྲིག་ཆས་བེད་སྤྱོད་བྱེད་ཚད་དང་ཐོན་སྐྱེད་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་། ཡུལ་གཞན་གྱི་ཤིང་འབྲས་སྡོང་པོ་ས་མཐོར་མཐུན་འཕྲོད་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་བྱེད་ཐབས་ལ་བརྟེན་ནས་འབྲས་ཤིང་གི་སྡོང་ཕྲུག་ཞན་འགྱུར་དང་སྤུས་ཚད་ཉམས་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། འབྲས་བུ་སྨིན་པའི་དུས་ཡུན་རིང་དུ་གཏོང་བ་བཅས་བརྒྱུད་མང་ཚོགས་འབབ་འཕར་ལ་སྔར་བས་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཏེ་ཆིང་ཡོན་བོད་བྱ་གསོ་ཚགས་རྟེན་གཞི་དེ་པེ་ཅིང་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པ་དང་རྣམ་གྲངས་དེས“ཏང་རྩ་འཛུགས་དང་། སྣེ་འདྲེན་ཁེ་ལས། མཉམ་ལས་ཁང་། དུད་ཚང་དབུལ་པོ”བཅས་ཟུང་འབྲེལ་རྣམ་པའི་གཉེར་སྐྱོང་བྱས་ཏེ་ཞིང་འབྲོག་མང་ཚོགས་ཐོན་ལས་ཅན་གྱི་གསོ་ཚགས་ནང་ཞུགས་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། ཝུའུ་དབྱིང་ཅེས་སྙན་སེང་ནན་ཏན་གསན་པ་དང་བོད་བྱའི་ལག་ཡོད་གྲངས་འབོར་དང་། བྱ་ཤ་དང་སྒོ་ང་ཐོན་སྐྱེད་ཕྱིར་ཚོང་། མང་ཚོགས་དེའི་ནང་ཞུགས་པ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁེ་ལས་ཀྱི་འགན་འཁུར་བས། མིག་སྔར་རྟེན་གཞིས་བོད་བྱ་ཁྲི་12གསོས་ཡོད་པ་དང་ཐོན་རྫས་གཙོ་བོ་ལྷ་ས་དང་། པེ་ཅིང་། ཧང་ཀྲོའུ་སོགས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད་པས། ད་ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་100ལྷག་ཙམ་ལ་ཆ་སྙོམས་འབབ་འཕར་སྒོར་8000ལྷག་ཙམ་བཏོད་ཡོད་ཅེས་བརྗོད་པ་རེད། ཝུའུ་དབྱིང་ཅེས། བོད་སྐྱོར་ཐོན་ལས་རྣམ་གྲངས་ཀྱིས་ཆབ་སྲིད་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་ཁེ་ལས་ལ་ཁེ་ཕན་རག་པའི་འགན་ལེན་བྱེད་པ་དང་ཆབས་ཅིག མང་ཚོགས་དེ་བས་མང་བར་ཁེ་ཕན་རག་པའང་བྱེད་པ་དང་། མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་བྱམས་བརྩེ་གནང་ལུགས་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་བཅས་ཏན་ཏིག་ཚོར་ཐུབ་པ། མང་ཚོགས་ཀྱི་ཏང་དང་རྒྱལ་ཁབ་ལ་བློ་ཁ་ཕྱོགས་སེམས་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་བཏང་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱེད་དགོས། སྤུས་འབོར་གཉིས་ཀར་རྒྱལ་ཁ་ཐོབ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱུད་སྲུང་རྒྱུད་སྤེལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ཚན་རྩལ་བྱེད་ཐབས་ལ་བརྟེན་ནས་བོད་བྱ་གསོ་ཚགས་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་བ་དང་། ཐོན་འབབ་མང་དུ་དང་ཕན་འབྲས་ཆེ་རུ་གཏོང་བ། ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ས་གནས་དེ་གའི་མང་ཚོགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
སྙེ་མོ་རྫོང་ས་མཐོའི་འདེབས་འཛུགས་ལས་རིགས་འཇིག་རྟེན་འཕུར་སྐྱོད་ཀྱི་ས་བོན་གསོ་བ་དང་ཐོན་ལས་ཅན་གྱི་ཁྱབ་གདལ་བཀོལ་སྤྱོད་རྣམ་གྲངས་དེ་པེ་ཅིང་གྲོང་ཁྱེར་གྱིས་བོད་སྐྱོར་མ་དངུལ་སྒོར་ཁྲི་5500ལྷག་ཙམ་བཏང་ནས་བསྐྲུན་པ་ཞིག་རེད། ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་གཅིག་གཏད་གཅིག་གིས་ལག་རྩལ་མཛུབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་དུད་ཚང་150ལྷག་ཙམ་གྱི་མང་ཚོགས་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད། མིག་སྔར་གླིང་དེའི་ནང་འདེབས་འཛུགས་བྱས་པའི་ཀྲོ་མ་ཀྲུ་དང་། ཧ་སྨི་ཀྭ པན་ལི་ནན་ཀྭ་སོགས་ཤིང་ཏོག་དང་སྔོ་ཚལ་སྣ་ཁ་10ལྷག་ཙམ་ལྷ་སའི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ནང་འཚོང་གི་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་འགྱིག་ཤོག་དྲོད་ཁང་ཞིག་ནང་འཛུལ་ཏེ་དྲོད་ཁང་འགན་གཙང་ལེན་མཁན་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཐོན་སྐྱེད་ཕྱིར་ཚོང་དང་འབབ་འཕར་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།
         “ཁྱེད་ཀྱིས་བཏབ་པའི་ཀྲོ་མ་ཀྲུ་རྒྱ་མ་གང་ལ་སྒོར་ག་ཚོད་རེད་དམ། ལོ་གཅིག་ལ་ཐོན་འབབ་ག་ཚོད་འདུག་གམ། འབབ་འཕར་ཡོང་ཐབས་དེར་ཁྱེད་རང་བློ་ཡིད་ཚིམ་པོ་འདུག་གམ”ཞེས་ཝུའུ་དབྱིང་ཅེས་སྐད་ཆ་དྲིས།
         “ཀྲོ་མ་ཀྲུ་རྒྱ་མ་གང་ལ་སྒོར་15བྱས་ནས་མཉམ་ལས་ཁང་གིས་གཅིག་གྱུར་བསྡུ་ཉོ་བྱེད་ཀྱི་ཡོད། དྲོད་ཁང་རེ་ནས་ལོ་གཅིག་ལ་ཐོན་འབབ་རྒྱ་མ་8000ལྷག་ཙམ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10ཙམ་འདུག་པས་བློ་ཡིད་ཚིམ་པོ་འདུག”ཅེས་དྲོད་ཁང་འགན་གཙང་ལེན་མཁན་རྣམ་རྒྱལ་སྒྲོལ་མས་ལན་བཏབ།
         ཝུའུ་དབྱིང་ཅེས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ནས་རྣམ་རྒྱལ་སྒྲོལ་མས་ལག་གཉིས་ལ་བརྟེན་ཏེ་ཕྱུག་འགྱུར་བྱེད་པའི་སེམས་ཤུགས་ལ་བསྔགས་བརྗོད་གནང་བ་དང་ཁོང་ལ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཚོར་བ་དང་། སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ཉེ་འཁོར་གྱི་མི་ཚོར་ཤུགས་རྐྱེན་ཐེབས་པ་བཅས་བྱས་ཏེ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་སེམས་ནུས་དེ་བས་མང་བ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བའི་ཐད་བཞག་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སྐུལ་ལྕག་གནང་བ་རེད།
         པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་མ་དངུལ་དང་ལག་རྩལ་གྱི་ལེགས་ཆར་བརྟེན་ནས་སྙེ་མོ་རྫོང་གིས་གཞུ་སྨད་ཤང་ཨང་སྒང་གྲོང་ཚོར་ཕག་པ་གསོ་ཚགས་རྟེན་གཞི་བསྐྲུན་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཝུའུ་དབྱིང་ཅེས་ལས་དོན་མི་སྣའི་ངོ་སྤྲོད་ནན་ཏན་གསན་པ་དང་རྟེན་གཞིའི་རྒྱུན་གཏན་གྱི་དོ་དམ་དང་། ལག་རྩལ་འདེགས་སྐྱོར། ཐོན་སྐྱེད་གཉེར་སྐྱོང་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ལས་དོན་མི་སྣས། རྟེན་གཞི་ནས་ལོར་ཕག་པ་མགོ་གྲངས་4000བཤས་གཏོང་ཐུབ་པ་དང་ཕག་ཕྲུག་མགོ་གྲངས་5400རང་བརྟེན་གསོ་སྤེལ་ཐུབ་ནས་ལོར་ཡོང་འབབ་ཁེ་གཙང་སྒོར་ཁྲི་500ལྷག་ཙམ་རག་ཐུབ་རེ་ཡོད། དེའི་ནང་ནས་90%ངལ་ནུས་བཏོན་པའི་དུད་ཚང་དབུལ་པོར་ཁེ་སྤོགས་བགོ་བཤའ་རྒྱག་རྩིས་ཡོད་ཅེས་བརྗོད་པ་རེད། ཝུའུ་དབྱིང་ཅེས་ཚན་རྩལ་བེད་སྤྱོད་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་གསོ་ཚགས་དང་རིམས་འགོག་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ། ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་སྤུས་རྟགས་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱེད་པ་དང་། ལག་རྩལ་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། བོད་སྐྱོར་ཤེས་ལྡན་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ས་གནས་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཧུར་ཐག་བྱེད་པ། སློབ་གྲྭ་ཆེ་མོ་བ་གནད་སྨིན་ངང་བསྡུ་བ་བཅས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས། བོད་སྐྱོར་མ་དངུལ་ཡག་པོ་སྤྱོད་པ་དང་མ་དངུལ་རྣམ་གྲངས་དོ་དམ་ཚད་ལྡན་དུ་བཏང་ནས་མ་དངུལ་དང་རྣམ་གྲངས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་གཅིག་མཚུངས་ཅན་གྱི་སྣང་ཚུལ་མི་ཐོན་པ་བྱས་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         འདམ་གཞུང་རྫོང་ཡངས་པ་ཅན་ས་འོག་ཚ་ནུས་ཡུལ་སྐོར་ཁུལ་གྱི་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས། ཝུའུ་དབྱིང་ཅེས་དེ་གར་ལས་ཀ་བྱེད་མཁན་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་ཡོང་འབབ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་ཚོའི་ཁྲོད་ནས་མི་མང་པོ་ཞིག་ཤན་རྩ་དང་དཔལ་མགོན་སོགས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་གནས་སྤོས་དུད་ཚང་ཡིན་པ་མཁྱེན་རྗེས། ཝུའུ་དབྱིང་ཅེས་ཁོང་ཚོར་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱེད་པ་དང་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དགོས་པའི་སྐུལ་ལྕག་གནང་བ་རེད།
         བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེས་ད་དུང་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་ཀྱི“ཚོགས་སྒྲིག་ཆུང་ངུའི”རྣམ་པའི་བོད་སྐྱོར་དགེ་རྒན་དང་སྨན་པར་གཟིགས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།