དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཉིང་ཁྲིའི་སྤོ་བོ་རྫོང་རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་མཚོན་དཔེ་གཞིའི་མིང་ཐོའི་ནང་བདམས་ཐོན་བྱུང་བ།

སྤེལ་དུས 2020-10-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཡག་པོ་གཏོང་བ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཁྲོད་གསར་བརྗེའི་ཡུལ་སྐོར་གྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། 2020ལོའི་ཟླ5པར་རིག་གནས་དང་ཡུལ་སྐོར་པུའུ་ཐོན་ཁུངས་གསར་སྤེལ་སིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་སྤྱི་ཚོགས་འཕེལ་རྒྱས་སི་དང་མཉམ་དུ་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་མཚོན་དཔེ་གཞི་བསྡུ་རུབ་བྱེད་པའི་འགྲེམས་སྟོན་བྱེད་སྒོ་དངོས་སུ་སྤེལ་འགོ་བཙུགས་ཏེ། རྒྱལ་ཡོངས་ལ་ཕྱོགས་ནས་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་མཚོན་དཔེ་གཞི177བསྡུ་རུབ་བྱས་པ་རེད། 
འདི་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་གསར་བརྗེའི་ཐོན་ཁུངས་ཀྱི་ས་བཀྲ་རེད།
      ཉེ་ཆར། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ་དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས་འོས་སྦྱོར་དང་། རིགས་གཅིག་མཁས་ཅན་གྱི་དཔྱད་འདེམས། ས་གནས་ཀྱི་བསྐྱར་ཞིབ་སོགས་ཀྱི་རིམ་པ་བརྒྱུད་མཐར། “གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་མཚོན་དཔེ་གཞི”60ལྷག་བདམས་ཐོན་བྱུང་ཞིང་། དེའི་ནང“གསར་བརྗེའི་ལོ་རྒྱུས་སྔོག་འདོན་གཏིང་ཟབ་བྱས་ནས་གསར་བརྗེའི་ཐོན་ཁུངས་གསོན་པོས་ལས་བྱེད་པ་དང་མང་ཚོགས་ལ་སེམས་ནུས་ཡོད་རྒུས་བླ་སྲོག་གཏོད་པ་སྟེ། བོད་རང་སྐྱོང་ལྗོངས་སྤོ་བོ་རྫོང་གི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་མཚོན་དཔེ་གཞི”ནི་དཔེ་གཞི་དེའི་ནང་ཚུད་ཡོད་པ་རེད། འདི་ཡང་བོད་རང་སྐྱོང་ལྗོངས་ཀྱི་མིང་ཐོ་འདིའི་ནང་ཚུད་པའི་ལས་ཁུངས་གཅིག་པུ་ཡིན། 
      ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས“གསར་བརྗེའི་སྤོ་བོ་རྫོང་དང་། ཐོག་ཁང་དམར་པོའི་སྙིང་སྟོབས། གསར་བརྗེའི་ཏང་འཛུགས་སྐྱོང་བཅས”ལ་དམིགས་ནས་ལོ་རྒྱུས་ཀྱི་དཔང་པོར་བཅར་འདྲི་དང་། གསར་བརྗེའི་གནའ་ཤུལ་བསྔོག་འདོན། གར་སྟེགས་ཀྱི་ཟློས་གར་རྩོམ་སྒྲིག་བྱེད་པ་དང་། བརྙན་ཐུང་འགྲེམས་སྟོན། ཐད་གཏོང་སོགས་ཀྱི་རྣམ་པས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་སྤེལ་ཏེ། སྤྱི་ཚོགས་ལས་རིགས་ཁག་གིས་དོ་སྣང་རྒྱ་ཁྱབ་བྱས་ཡོད་པ་རེད། 
འདི་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་ཐོག་ཁང་དམར་པོ་རེད།
      2018ལོ་ནས་བཟུང་། སྤོ་བོ་རྫོང་གིས་བོད་རང་སྐྱོང་ལྗོངས་ཕྱི་ནང་དུ་དེ་སྔ་སྤོ་བོའི་གསར་བརྗེའི་ལས་དོན་ནང་ཞུགས་མྱོང་བའི་ལོ་རྒྱུས་ཀྱི་དཔང་པོ་དང་གནས་ཚུལ་ཤེས་མཁན་མི200ལྷག་ཙམ་ལ་བཅར་འདྲི་བྱས་ཏེ། དཔེ་དེབ་དང་དེ་བཞིན་བློ་མཐུན་རྒན་གྲས་ཀྱི་ཕྱག་བྲིས་ལག་དེབ40ལྷག་ཙམ་དང་། དངོས་པོའི་རིགས130ལྷག་དང་འདྲ་པར་རྙིང་པ1800ལྷག  འོད་སྡེར3བཅས་འཚོལ་བསྡུ་བྱས་ཤིང་། རིམ་རྩིས་བྱས་ན་བསྡོམས་པས་བཅར་འདྲི་བྱས་པའི་བརྙན་རིས་སྐར་མ7000ལྷག་ཙམ་ཕབ་སྐྲུན་བྱས་ཏེ། ཀུན་གྱིས་ཤེས་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་མང་པོ་ཞིག་འཚོལ་བསྡུ་བྱས་ཡོད་པ་རེད།
འདི་ནི་ཁྲོན་བོད་གཞུང་ལམ་གྱི་དཔའ་བོ་བཅུའི་དྲན་གསོའི་རྡོ་རིང་རེད།
      སྤོ་བོ་རྫོང་གིས་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོར་འགྲེམས་སྟོན་བྱས་པའི་དཔྱད་གཞིའི་རྒྱུ་ཆ་སྔོག་འདོན་གྱི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས། “སྙིང་དམར་ཏང་འཛུགས+གསར་བརྗེའི་རིག་གནས+གསར་བརྗེའི་ཡུལ་སྐོར+རིག་དངོས+མངོན་མིན་རིག་གནས་ཤུལ་བཞག”བཅས་ཀྱི་རྣམ་པ་གསར་གཏོད་བྱས་ཏེ། “སྤོ་བོའི་གསར་བརྗེའི་ཤུལ་བཞག་སྔོག་འདོན་བྱས་ནས་སྤོ་བོའི་གསར་བརྗེའི་དྲན་ཤེས་འཚོལ་བ”ཅེས་པའི་གཞི་རིམ་གྱི་བྱ་འགུལ་སྤེལ་བ་དང་།  པར་རྙིང་གཤིབ་བསྡུར་དང་། ནང་སའི“སྤོ་བོ་རྒན་པར”རྒྱང་སྦྲེལ་བྱེད་པ་དང་། ས་གནས་དེ་གའི་རྒན་རྒོན་འཚོལ་བ། ས་བབ་ལ་རྩད་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གསར་བརྗེའི་གནའ་ཤུལ་ཁག་ལ་བདེན་དཔང་དང་ཞིབ་དཔྱད་བྱས་ཤིང་། སྔ་རྗེས་སུ་བོད་ལྗོངས་དམག་ཁུལ་རྐང་དམག་སློབ་གྲྭའི་གནའ་ཤུལ་རྙིང་པ་དང་། བོད་ལྗོངས་སྤོ་བོའི་ཡན་ལག་ལས་དོན་ཨུ་ལྷན་གྱི་གཞུང་སྒྲུབ་ཁང་གི་གནའ་ཤུལ་རྙིང་པ། སུམ་འཛོམས་རླངས་འཁོར་ཤར་གཏོང་ཐུབ་པའི་དར་ཚོན་འབྲེག་ས། (སྤོ་བོའི་རླངས་འཁོར་དང་པོ་དེ་ནི1953ལོར་གནས་འདི་ནས་སུམ་འཛོམས་སུ་བསྐྱོད་པ)སྤོ་བོའི་སློབ་ཆུང་དང་པོ་རྦབ་རྡོ་ཁ་སློབ་ཆུང་གི་གནའ་ཤུལ།   རྣམ་ཕྱུག་ཞིང་རའི་གནའ་ཤུལ། ཀྲུང་གུང་སྤོ་བོའི་ཡན་ལག་ལས་དོན་ཨུ་ལྷན་ཆུ་མདོ་རྫོང་ལས་དོན་ཨུ་ཡོན་ལྷན་ཁང་གི་གནའ་ཤུལ་སོགས་བསྡོམས་པས་གསར་བརྗེའི་གནའ་ཤུལ20ལྷག་ཙམ་རྙེད་པ་རེད།