དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཇོ་མོ་གླང་མའི་འདབས་ཀྱི་བདེ་སྐྱིད་རྣམ་པ།

སྤེལ་དུས 2020-11-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
----“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་གྱི་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
       གཞིས་རྩེ་གྲོང་ཁྱེར་ལ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ཚོན་མདངས་རྣམ་པར་བཀྲ་བའི་དུས་རབས་ཀྱི་མཚོན་རིས་ཤིག་དང་འདྲ་བར་བློ་བརྟན་འགྱུར་མེད་དང་བརྗིད་ཆགས་ཉམས་བཟང་ཡོད་ལ་དྲིན་ཚོར་ཡར་ཐོན་དང་གཞན་གྱི་སྔོན་དུ་བྱེད་ཕོད་པའི་ཟིལ་རླབས་དགུང་འཕྱུར་གྱི་བྱ་བ་ཞིག་ཀྱང་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། གཞིས་རྩེ་གྲོང་ཨུད་ཀྱི“6677”གྱི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམིགས་པ་བཅས་བྱས་ཏེ་གདེང་ཚོད་བརྟན་པོ་དང་། རང་འགན་ཐེག་པ་ཁུར་ལེན། དཀའ་སྤྱད་དངོས་སྒྲུབ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ཁར། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་བཅས་བྱས་པས་དུས་ཡུན་རིང་པོར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གི་དཀའ་གནད་མང་པོ་བསལ་བ་དང་། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་དོན་ཆེན་ཁག་ཅིག་བསྒྲུབས་པ། བདེ་འཇགས་དང་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་བཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་གཅིག་སྒྲིལ་བཅས་བྱུང་ཡོད།
       གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ།
       ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་གཅིག་ཀྱང་ལུས་མི་རུང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བས་སྔར་བས་དྲང་གཞག་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱས་ནས་རྒྱུན་ཆགས་ཀྱི་རི་རྒྱུད་དེ་གྲོང་ཁྱེར་དང་གྲོང་གསེབ་ཞི་མཐུན་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་འོབས་དོང་ལྟ་བུར་མི་འགྱུར་བ་བྱས་ཡོད།
       —— དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ནས་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་བསལ་ཞིང་། 2019ལོའི་ལོ་མཇུག་བར་གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)18ཚང་མ་དབུལ་ཞྭ་ཕུད་པ་དང་། གྲོང་ཚོ་དབུལ་པོ་1669ཚང་མ་དང་མི་འབོར་དབུལ་པོ་ཁྲི་17.3ཚང་མ་དབུལ་སྒྲོལ་བྱུང་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་དང་། སྤྱི་པའི་ཞབས་ཞུའི་ནུས་པ་ཆེར་གཏོང་། ཡུལ་གཞན་དུ་གནས་སྤོ་ཤུགས་ཆེན་བཅས་བྱས་པ་བརྒྱུད། མི་འབོར་དབུལ་པོའི་བདེ་འཇགས་འཐུང་ཆུ་དང་། འཚོ་བའི་གློག་སྤྱོད། སྨན་བཅོས་ཞབས་ཞུ་བཅས་འགན་ལེན་ཏན་ཏིག་བྱུང་ནས་དབུལ་སྒྲོལ་རྨང་གཞི་སྔར་ལས་བརྟན་དུ་སོང་ཡོད།
       —— གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་སྔར་བས་མཐུན་སྦྱོར་ཡོང་བར་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་27338དང་སྒོར་8135ནས་སྒོར་36455དང་སྒོར་11580སོ་སོར་འཕར་ནས“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་གི་ལྡབ་1.09དང་ལྡབ་1.64སོ་སོར་ཟིན་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ལངས་གཟུགས་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་གཞི་རྩའི་ཆ་ནས་ཆགས་ཏེ་2019ལོར་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་1.89ཟིན་པ་དང་། རྫོང(ཆུས)18ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ། ཤང་དང་གྲོང་རྡལ་100%དང་སྒྲིག་ཁོངས་གྲོང་ཚོ་99.9%ལ་གཞུང་ལམ་ཤར་གཏོང་ཐུབ་ཡོད། གློག་དྲ་གཙོ་བོ་ཁྱབ་ཚད་97%ཟིན་ནས་ནུས་རྒྱུའི་ཚོད་འཛིན་སྔར་བས་ཞི་ལྷོད་དུ་ཕྱིན་ཡོད། ཞིང་ནང་ཆུ་འདྲེན་འགན་ལེན་བྱེད་ཚད་71%ཟིན་པ་དང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་མི་འབོར་ལ་ཁྱབ་ཚད་100%ཟིན་ཡོད། ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་ལས་དོན་དང་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
       གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་བརྟན་པོའི་ངང་འཕར་ནས་2015ལོའི་22.25%ནས་2019ལོའི་28.70%བར་མཐོ་རུ་ཕྱིན་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཐོག་མའི་དུས་མཚམས་ནས་དུས་དཀྱིལ་གྱི་དུས་མཚམས་སུ་མགྱོགས་མྱུར་སྐྱོད་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་བྱང་འདབས་གྲོང་ཁྱེར་གྱི་གེགས་འགོག་ཉེན་གཡོལ་འདུ་འགོད་དང་། གྲོང་ཁུལ་གྱི་ཕྱོགས་བསྡུས་མདོང་ལམ་ལས་གྲྭ “གསང་སྤྱོད་གསར་བརྗེ”གྲོང་ཁྱེར་སྔོ་ལྗང་ཅན་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱས་པ་བརྒྱུད། གྲོང་ཁྱེར་གྱི་གེགས་འགོག་གེགས་སེལ་བྱེད་ནུས་དང་། ཕྱོགས་བསྡུས་བཅོས་སྐྱོང་བྱེད་ནུས། སྣོད་བཅུད་ཁོར་ཡུག་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་བྱེད་ཚད་92.59%ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་གཅིག་སྡུད་གཙང་སེལ་བྱེད་ཚད་95.07%ཟིན་ནས་བསམ་གྲུབ་རྩེ་ཆུས་དང་ལྷ་རྩེ་རྫོང་སྔ་རྗེས་སུ་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་དང་པོ་དང་གསུམ་པའི་ནང་བདམས་ཡོད།
       དཔལ་འབྱོར་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ།
       “འདི་ལོར་ཀུང་སིའི་ཕན་འབྲས་ཡག་པོ་འདུག་ལ་ང་ཚོའི་ཐོབ་ཆ་ཡང་ཧ་ཅང་ཡག་པོ་འདུག ངའི་ལས་ཀ་ནི་ལས་སྣོན་ཞིབ་ཚགས་བྱས་པའི་ནས་ཀྱི་ཐོན་རྫས་ལ་ཐུམ་སྒྲིལ་དང་སྒམ་ནང་བླུགས་རྒྱུ་དེ་ཡིན”ཞེས་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་བདེ་ཆེན་3900གཞིས་ཀ་ཚད་ཡོད་ཀུང་སིར་ས་གནས་དེ་གའི་གྲོང་མི་ཕུར་བུ་བུ་ཁྲིད་ཀྱིས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།
       ད་ལོར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ནའང་། ཕུར་བུ་བུ་ཁྲིད་དང་འདྲ་བར་གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་མང་ཚོགས་སྔར་བཞིན་ལས་ཞུགས་བརྟན་པོ་ཐུབ་པ་དང་འབབ་འཕར་བརྟན་པོ་བྱུང་ཡོད།
       “བརྟན་ཐོག་ཡར་འཕེལ”ནི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་བའི་དགོངས་གཞི་ཞིག་རེད། གཞིས་རྩེ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2016ལོའི་སྒོར་དུང་ཕྱུར་187.75ནས་2019ལོའི་སྒོར་དུང་ཕྱུར་279.49བར་འཕར་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་གི་ལྡབ་1.67ཡིན། ཚན་རྩལ་གྱིས་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད་བརྟན་པོའི་ངང་ཆེ་རུ་ཕྱིན་ནས་41%ནས་45%བར་འཕར་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་5ཡིས་མཐོ་བ་ཡོད།
       2016ལོ་ནས་2019ལོ་བར་གཞིས་རྩེ་གྲོང་ཁྱེར་གྱི་ཐོན་ལས་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ཐོན་ལས་དང་པོའི་ཐོན་ཚད་བརྟན་པོ་དང་སྤུས་ཚད་མཐོ་རུ་བཏང་བ་དང་དུས་མཚུངས་སུ་གཞིས་རྩེ་གྲོང་ཁྱེར་རིམ་བཞིན་ཐོན་ལས་ཅན་དང་། ཞིབ་ལས་ཅན། གཞི་ཁྱོན་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་28ཟིན་པ་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གྲོང་ཚོ་ཚང་མར་ཁྱབ་ཡོད། ཇོ་མོ་གླང་མའི་སྐྱེ་ལྡན་འདེབས་གསོ་ལས་རིགས་ལ་སྐུལ་འདེད་མྱུར་པོ་བཏང་བས་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་དང་། ཐོན་ལས་གཉིས་པར་འགག་སྒྲོལ་གསར་པ་བྱུང་ནས་2019ལོར་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་24ཟིན་པ་དང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་20.98ཟིན་ཁར། ལྗང་མདོག་བཟོ་ལས་འཕེལ་རྒྱས་ཀྱི་རྣམ་པ་རིམ་བཞིན་མངོན་ནས་མི་རིགས་ལག་ཤེས་སྲུང་སྐྱོང་དང་འཕེལ་རྒྱས་མཉམ་འཕེལ་བྱུང་ཡོད། ཐོན་ལས་གསུམ་པའི་འདེགས་སྐྱོར་དང་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་སྟེ་ཡུལ་སྐོར་ལས་རིགས་དང་། ཚོང་ལས་དང་ཉོ་ཚོང་ལས་རིགས། ཟོག་འགྲེམས་ལས་རིགས་བཅས་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་གཞིས་རྩེ་གྲོང་ཁྱེར་རྒྱལ་ཡོངས་ཀྱི་ཁུལ་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་གཉིས་པའི་གཏོད་འཛུགས་ཚན་པར་བདམས་པ་དང་། ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དེ་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་སྤུས་དག་ཅན་གྱི་ཚོད་ལྟའི་ཁོངས་སུ་བཅུག་པ། བཀྲས་ལྷུན་དགོན་གྱི་མཛེས་ལྗོངས་ཁུལ་A5མཛེས་ལྗོངས་ཁུལ་དུ་དཔྱད་འདེམས་བྱས་པ། “ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན”རྒྱུན་མཐུད་དང་གྲུབ་འབྲས་ཐོབ་པའི་ངང་གཉེར་བ། གྲོང་ཁྱེར་ཡོངས་ཀྱིས་ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་གྲངས་དང་ལོའི་ཡུལ་སྐོར་གྱི་ཡོང་འབབ་2016ལོའི་མི་ཐེངས་ཁྲི་425.20དང་སྒོར་དུང་ཕྱུར་35.24ནས་2019ལོའི་མི་ཐེངས་ཁྲི་871.39དང་སྒོར་དུང་ཕྱུར་67.17བར་སོ་སོར་འཕར་བ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་གི་ལྡབ་2.72དང་ལྡབ་2.42ཡིན།
       སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་བ།
       ས་ཁོངས་རིམ་པའི་འཁོར་རྒྱུག་མཚམས་ཀྱི་གྲོང་ཁྱེར་དང་། ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་མདུན་ས་ཁུལ་ཡིན་པའི་ཆ་ནས། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ཞིང་། ཀྲུང་དབྱང་གི་སྒྱུར་བཅོས་ཟབ་གཏོང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”ལ་རང་འགུལ་གྱིས་ཞབས་འདེགས་ཞུ་བ་དང་དེའི་ནང་འདྲེས་པར་བྱས་ནས་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ་དང་གསོན་ཤུགས་བསྣན་ཡོད།
       —— སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་སྒྲིག་གཞི་སྒྱུར་བཅོས་དང་ཚོང་དོན་སྒྱུར་བཅོས་ཀྱི་འཕེལ་རིམ་མངོན་གསལ་དོད་ཅིང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། 2019ལོར་གྲོང་ཁྱེར་ཡོངས་ཀྱི་རིགས་ཁག་གི་ཁྲོམ་རའི་བྱེད་པོ་ཁྲི་6.91ཟིན་པ་དང་། ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་2བྱས་ནས་དམངས་ཁྲོད་མ་འཇོག་འཕར་ཚད་10%ལས་བརྒལ་ཡོད། ཞིབ་མཆན་འགོད་པའི་བརྒྱུད་རིམ་ཁུ་བསྡུ་བྱས་པ་བརྒྱུད“དྲ་སྦྲེལ་+སྲིད་དོན་ཞབས་ཞུ”འཚོལ་ཞིབ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རྣམ་གྲངས་ཞིབ་མཆན་དང་། ཞིབ་མཆན་འགོད་པ། ཐོ་འགོད་སྙན་སེང་བཅས་ཀྱི་དུས་བཀག་22%དང་། 38% 54%བཅས་སོ་སོར་ཉུང་དུ་བཏང་བ་དང་། གྲོང་ཁྱེར་དང་རྫོང(ཆུས)རིམ་པ་གཉིས་ཀྱི་སྲིད་དོན་ཞབས་ཞུའི་དྲ་ཐོག་ནས་གཉེར་ཐུབ་ཚད་100%ཟིན་ཡོད།
       —— ལས་སྟེགས་འཛུགས་སྐྲུན་གྱི་ཐད་རིགས་ཁག་གི་ཁྱད་ལྡན་གླིང་ཁུལ་མགྱོགས་མྱུར་འཕེལ་རྒྱས་སོང་ཞིང་། རང་སྐྱོང་ལྗོངས་རིམ་པའི་གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་དངོས་སུ་ཆོག་མཆན་ཐོབ་ནས་བཙུགས་པ་དང་། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་གླིང་གི་གཞི་ཁྱོན་རགས་ཙམ་ཆགས་པ། གཞིས་རྩེའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། 2019ལོའི་ལོ་མཇུག་བར་གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་རིམ་རྩིས་བྱས་ན་རྣམ་གྲངས་18ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་བཏང་ཡོད་པ་རེད།
       —— ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཐད་དཀའ་ངལ་ཁྱད་བསད་བྱས་ནས་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་གོམ་སྟབས་སྔར་བས་སྲ་བརྟན་དུ་བཏང་ཞིང་། གཞིས་རྩེ་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཉོ་ཚོང་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་ནས་གྲོང་ཁྱེར་དེ་ཡོངས་ཀྱི་དངོས་ཟོག་ཕྱིར་གཏོང་དང་ནང་འདྲེན་གྱི་བསྡོམས་འབོར་2016ལོའི་སྒོར་དུང་ཕྱུར་34.7ནས་2019ལོའི་སྒོར་དུང་ཕྱུར་46.79བར་འཕར་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་གི་ལྡབ་1.86ཡིན་པ་རེད།
       ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་པའི་དུང་བརྡ་བསྒྲགས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ཏེ་དུས་རབས་གསར་པའི་བོད་ཀྱི་་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད། འགོ་འཛུགས་ས་གསར་པར་ལངས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཕྱིར་མིག་བལྟས་ཚེ་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད། “ལོ་ལྔ་ཚན་བཅུ་བཞི་པར”སྔོན་དཔག་དང་། 2035ལོར་རྒྱང་ལྟ་བྱས་ན་བརྗིད་ཉམས་ལྡན་པའི་འཆར་བཀོད་དེ་འབད་འབུངས་མདུན་སྐྱོད་ཀྱི་སྐུལ་ལྕག་ཏུ་འགྱུར་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ཚོད་ཀྱིས་མི་མི་སྒུག་པའི་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་དང་། འགན་འཁྲི་གཞན་ལ་དཀྲི་ཐབས་མེད་པའི་ལས་འགན་སྒྲུབ་སེམས། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་བརྩོན་སྐྱེས་འབུལ་ཧུར་ཐག་བྱས་ཏེ་སྔར་བས་ངོ་མཚར་ཆེ་བའི་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད་ལེགས་པ། མཐའ་བརྟན་བཅས་ཀྱི་ཉམས་དགའ་བའི་རྣམ་པ་གསར་པ་ཞིག་གཏོད་ཐུབ་ངེས་རེད།