དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞིང་འབྲོག་པ་དཀྱུས་མས་ཕྱུག་འགྱུར་ཁྲོད་ཁྱིམ་མཚེས་ལ་རོགས་རམ་བྱེད་རྒྱུ་མི་བརྗེད་པ།

སྤེལ་དུས 2020-11-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ལྕང་ར་གྲོང་ཚོའི་ཁྱམས་རིང་གཤེར་འགྱུར་རླངས་སྣོན་ས་ཚིགས།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དུ་དབྱར་རྩྭ་དགུན་འབུ་མང་པོ་ཡོད་ལ། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་དབྱར་རྩྭ་དགུན་འབུའི་ཡོང་འབབ་ལ་བརྟེན་ནས་ཡོང་འབབ་ཀྱི་གྲུབ་ཆ་ཇི་ལྟར་ཇེ་ལེགས་སུ་གཏོང་རྒྱུ་དང་། ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཐུབ་རྗེས་སླར་ཡང་དབུལ་པོར་མི་འགྱུར་བར་བྱ་རྒྱུ་དེ་ས་གནས་དེ་གའི་འབད་བརྩོན་ཐག་གཅོད་བྱེད་དགོས་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད། 
       “ཁྱམས་རིང་གཤེར་འགྱུར་རླངས་སྣོན་ས་ཚིགས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་ནས་བཟུང་། ལོ་རེའི་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི190ཡན་ཟིན་ཡོད། ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་དེ་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་བཏང་བ་དང་། རིམ་རྩིས་བྱས་ན་གྲོང་ཚོ་ཡོངས་ཀྱི་དབུལ་ཕོངས་དུད་ཚང6གི་མི17དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།”ཅེས་འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་ལྕང་ར་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དཀོན་མཆོག་ཚེ་འཕེལ་གྱིས་དེ་ལྟར་བཤད། 
       ལྕང་ར་གྲོང་ཚོ་ནི་རྫོང་མཁར་དང་བར་ཐག་སྤྱི་ལེ4ཙམ་ལས་མེད་ཅིང་། འགྲིམ་འགྲུལ་ཆ་རྐྱེན་ལེགས་པས། དཀོན་མཆོག་ཚེ་འཕེལ་གྱིས་འབྲི་རུ་རྫོང་འཕེལ་རྒྱས་ཆེན་པོ་བྱུང་བའི་གོ་སྐབས་ལ་བརྟེན་ནས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་མ་དངུལ་སྒོར་ཁྲི188བསྡུས་པའི་ཁར་དངུལ་བུན་སྒོར་ཁྲི30བཏང་ནས་ལྕང་ར་གྲོང་ཚོའི་ཁྱམས་རིང་གཤེར་འགྱུར་རླངས་སྣོན་ས་ཚིགས་བསྐྲུན་པ་རེད།
དཀོན་མཆོག་ཚེ་འཕེལ།
       དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་བྱེད་དགོས། དཀོན་མཆོག་ཚེ་འཕེལ་གྱིས་བརྗོད་དོན།“ཐོན་ལས་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྩ་བའི་ཐབས་ཇུས་ཤིག་ཡིན་ལ། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་འགྱུར་ལྡོག་བཏང་ནས་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ཚེ། གཞི་ནས་གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་ལས་རྣམ་གྲངས་ནང་ཧུར་ཐག་སྒོས་ཞུགས་ཐུབ།”ཅེས་བཤད། 
ཐོག་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་ཕྱུགས་སྐྱོང་ནས་འཚོ་བ་རོལ་བའི་རྐྱེན་གྱིས། ཆེས་ཐོག་མ་ནས་དེང་རབས་ཀྱི་དོ་དམ་ཉམས་མྱོང་གང་ཡང་མེད་སྟབས། ཁོ་ཚོ་སེམས་ཁུར་ཧ་ཅང་ཆེ་ལ་གནོན་ཤུགས་ཀྱང་ཆེན་པོ་ཡོད། རྣམ་གྲངས་ལེགས་པར་སྒྲུབ་ཐུབ་མིན་ཐད་ཁོ་ཚོ་གདེང་ཚོད་མེད་ཅིང་། ལས་ཞོར་དང་སློབ་ཞོར་བྱ་རྒྱུ་ལས་མ་འདས།
       ཁོང་ཚོས་ཁེངས་སྐྱུང་ངང་ནང་ལོགས་ས་ཆ་ནས་ཡོང་བའི་ཆེད་ལས་ཤེས་ལྡན་མི་སྣར་བློ་འདྲི་བྱེད་པ་དང་། ཁོ་ཚོ་སྔོན་ཐོན་གྱི་དོ་དམ་ཉམས་མྱོང་དང་ཞབས་ཞུའི་ནུས་རྩལ་སློབ་སྦྱོང་བྱེད་པའི་ཐད་ལ་རང་འགུལ་གྱི་ནུས་པ་ཧ་ཅང་ཆེ་ལ། ལས་ཀར་ཧ་ཅང་ནན་ཏན་བྱེད་པ་རེད། རྒྱུ་མཚན་ནི་ལས་གཉེར་བཟང་ངན་དེ་མི་སྒེར་གྱི་ཡོང་འབབ་དང་འབྲེལ་བ་དམ་པོ་ཡོད་པས་སོ། ། 
       ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་སོ་སོའི་འདུ་ཤེས་ཀྱི་ཐོག་ནས་རང་ཉིད་སྤྱིར་བཏང་གི་ཞབས་ཞུའི་མི་སྣ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད། འགྲུལ་པར་དབུགས་སྣོན་དགོས་པའི་ཁ་པར་འབྱོར་སྐབས། ཁོང་ཚོས་རྟག་ཏུ་དེ་མ་ཐག་གཤེར་འགྱུར་རླངས་གཟུགས་འགྲུལ་པའི་ཁྱིམ་དུ་བསྐྱལ་བ་དང་། ཐོག་མཐའ་བར་གསུམ་དུ་ཞབས་ཞུའི་རྣམ་འགྱུར་ལེགས་པོ་བཟུང་ཡོད་ལ། ལྷག་བསམ་རྣམ་དག་གིས་མགྲོན་པོར་སྣེ་ལེན་བྱས་ཏེ། འཛུམ་དམུལ་དམུལ་ངང་དྲོ་སྐྱིད་ལྡན་པའི་ཞབས་ཞུ་མཐའ་འཁྱོངས་བྱེད་བཞིན་ཡོད། 
       མིག་སྔར་ཁྱམས་རིང་གཤེར་འགྱུར་རླངས་སྣོན་ས་ཚིགས་ཀྱི་ཞབས་ཞུའི་ཁྱབ་ཁོངས་རྫོང་ཡོངས་ལ་ཕྱོགས་པ་དང་། རྫོང་མཁར་དང་བར་ཐག་སྤྱི་ལེ150ལྷག་ཙམ་ཡོད་པའི་ཤག་ཆུ་གྲོང་རྡལ་དང་། བར་ཐག་སྤྱི་ལེ70ལྷག་ཙམ་ཡོད་པའི་བན་དཀར་ཤང་བཅས་ལ་ཁྱམས་རིང་གཤེར་འགྱུར་རླངས་སྣོན་ས་ཚིགས་ཀྱི་ལས་དོན་མི་སྣ་ག་དུས་བོས་ན་དུས་ཐོག་ཏུ་ཐོན་པ་རེད། ལྷག་པར་དུ་ཐག་རིང་ཤོས་ཀྱི་ཤང་གྲོང་སློབ་གྲྭ་གཉིས་ལ་རིན་མེད་ངང་སྐྱེལ་བ་དང་། འཁང་ར་སྤུ་ཙམ་ཡང་མེད་པར་ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད།
ཁྱམས་རིང་གཤེར་འགྱུར་རླངས་སྣོན་ས་ཚིགས་ཀྱི་ལས་དོན་མི་སྣས་གཤེར་འགྱུར་རླངས་གཟུགས་སྐྱེལ་བ།
       དུས་རྟག་པར་ཞབས་ཞུའི་ཐད་ལ་ཤུགས་རྒྱག་པ་དང་། དོ་དམ་གྱི་ཐད་ལ་འབད་བརྩོན་བྱེད་བཞིན་ཡོད། ལས་སྒོ་གཉེར་ནས་ལོ་གཅིག་ཙམ་གྱི་རིང་ལ། ཁྱམས་རིང་གཤེར་འགྱུར་རླངས་སྣོན་ས་ཚིགས་ཀྱི་ཡོང་འབབ་ཁེ་གཙང་སྒོར་ཁྲི70ཟིན་པ་དང་། 2017ལོར་དུད་ཚང་རེ་ནས་མ་དངུལ་སྒོར་ཁྲི4བཏང་བ་ཚང་མ་ཁོ་ཚོར་ཕྱིར་སློག་པ་རེད། 2018ལོར་སྒོར་ཁྲི372ལྷག་ཙམ་བཏང་ནས་རླངས་སྣོན་ས་ཚིགས་གནས་སའི་ས་ཆའི་བདག་དབང་ཉོས་པ་དང་། 2019ལོར་དངུལ་བུན་ལྷག་མ་ཚང་མ་གཙང་འཇལ་བྱས་ལ། དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི1བགོས་ཡོད། 
       ཕྱུག་པོར་གྱུར་རྗེས་ལྕང་ར་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཀྱིས་དབུལ་ཕོངས་མང་ཚོགས་གཞན་དག་བརྗེད་མེད་པར། ལོ་ལྟར་གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་སོགས་ལ་འཚམས་འདྲིའི་དངུལ་དང་། ཁ་གདན་སོགས་དངོས་པོ་སྐྱེལ་བཞིན་ཡོད།
       གོ་ཐོས་སུ་འབྲི་རུ་རྫོང་ཁོངས་སུ་དཀའ་ངལ་ཡོད་པའི་མང་ཚོགས་ཡོད་ཚེ། ལྕང་ར་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཀྱིས་སེར་སྣ་ཅི་ཡང་མེད་པར་རོགས་སྐྱོར་ཧུར་ཐག་བྱེད་པ་རེད། 2018ལོར་ཁོང་ཚོས་འབྲི་རུ་རྫོང་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་ཚོར་འཚམས་འདྲིའི་དངུལ་སྒོར་ཁྲི1སྤྲད་པ་དང་། འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་རྨོང་ཁྱིམ་གྲོང་ཚོའི་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲིའི་དངུལ་སྒོར་ཁྲི1སྤྲད་པ་རེད། 
       ལྕང་ར་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཀྱིས་ཁྱམས་རིང་གཤེར་འགྱུར་རླངས་སྣོན་ས་ཚིགས་བརྒྱུད་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་མ་ཟད། རིམ་བཞིན་རྫོང་ཡོངས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་དཔེ་མཚོན་གྲོང་ཚོར་གྱུར་པ་རེད། ཁོང་ཚོའི་ཕྱུག་འགྱུར་ཁྲོད་ཁྱིམ་མཚེས་ལ་རོགས་རམ་བྱ་རྒྱུ་མི་བརྗེད་པའི་དྲང་བདེན་གྱི་བྱ་སྤྱོད་ལ་ས་གནས་དེ་གར་བསྔགས་བརྗོད་བྱེད་ཅིང་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།