དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་འབྲི་རུར་མཐའ་སྣེའི་སྨན་བཅོས་ཞིང་འབྲོག་པའི་གམ་དུ་ཁྱབ་པ།

སྤེལ་དུས 2020-11-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།

བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ན་རོག་འགག། 
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གསར་འགོད་པ་དང་བཅས་པ་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ནས་ལམ་ལ་ཆས་ཏེ་ལམ་ཐག་སྤྱི་ལེ200ལྷག་ཙམ་ཟིན་ཞིང་། ས་བབ་མཐོ་ཚད་སྨི5270ཡོད་པའི་ཤ་ལ་རི་བོ་བརྒལ་ཏེ་རི་མཐོ་གཡང་གཟར་གྱི་ན་རོག་ཡུག་ཁུལ་དུ་ཆུ་ཚོད5ཙམ་བསྐྱོད་པ་ན། མགོན་པོ་རྡོ་རྗེ་རི་འདབས་ཀྱི་ན་རོག་ཡུལ་ཁུལ་གྱི་གྲོང་ཚོའི་ལྟེ་བའི་འཕྲོད་བསྟེན་ཁང་དུ་སླེབས་པ་རེད། 

ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ན་རོག་ཡུལ་ཁུལ་གྱི་གྲོང་ཚོའི་ལྟེ་བའི་འཕྲོད་བསྟེན་ཁང་། 
          འབྲོག་པ་ཨུ་རྒྱན་ཀྱིས་གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང་དུ་སྨན་ཁབ་རྒྱག་བཞིན་ཡོད་ལ། དེའི་ཁྲོད་ཀྱི་འབྲི་རུ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། མི་དམངས་སྨན་ཁང་གི་ཡོན་ཀྲང་ཧོང་ཧྲི་ལེང་གིས་གནས་ཚུལ་དེ་མཐོང་མ་ཐག་བྲེལ་འཚུབ་ངང་གྲོང་ཚོའི་སྨན་པ་རྒྱལ་མཚན་ལ་ནད་གཞི་འདྲི་རྩད་བྱས། ཨུ་རྒྱན་ལ་ཚ་བ་བརྒྱབ་ཅིང་ཆམ་པ་ཕོག་ནས་ཟླ་ཕྱེད་ལྷག་འགོར་ཞིང་། ཆམ་པ་ཅུང་ལྕི་པའི་སྐབས་སུ་ད་གཟོད་གཞི་ནས་གྲོང་ཚོའི་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་པ་རེད། 

སྨན་པས་ཨུ་རྒྱན་ལ་ནད་བརྟག་སྨན་བཅོས་བྱེད་བཞིན་པ། 
          གྲོང་ཚོའི་སྨན་པ་རྒྱལ་མཚན་གྱིས“ཨུ་རྒྱན་ཀྱི་ནད་ལ་གློ་བའི་གཉན་ཚད་འབྱུང་པའི་ཉེན་ཁ་ཡོད་སྲིད་ཅིང་། རྫོང་སྨན་ཁང་དུ་བསྐྱལ་ནས་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་དགོས་པའི་གྲོས་འགོ་བཏོན། རྫོང་མཁར་ལམ་ཐག་རིང་པའི་ཁར། བྱེ་ལམ་ཡོམ་འགུལ་ཆེ་ཞིང་ཁ་བ་བབས་ཚེ་རླངས་འཁོར་ནང་མགོ་ཡུ་འཁོར་བ་སོགས་ཀྱི་རྐྱེན་པས་དངོས་གནས་རྙོག་དྲ་ཆེན་པོ་འདུག ཨུ་རྒྱན་་ཀྱིས་གྲོང་ཚོའི་སྨན་པའི་གྲོས་འགོ་དང་ལེན་མ་བྱས་པ་རེད། 
          མཐའ་མཚམས་ཞིང་འབྲོག་ས་ཁུལ་དུ། ཨུ་རྒྱན་་དང་འདྲ་བར་ནད་བྱུང་ཡང་སྨན་བཅོས་མི་བྱེད་པར་འགོར་འགྱངས་བྱེད་པའི་གནས་ཚུལ་ཅུང་མང་སྟེ། ན་ཟུག་བཟོད་མི་ཐུབ་པའི་དུས་སུ་ད་གཟོད་སྨན་པ་བཙལ་དུ་ཡོང་ལ། ནར་འགྱངས་བྱས་པས་ནད་གཞི་དེ་བས་ཚབས་ཆེ་རུ་ཕྱིན་ནས་ཁྱིམ་ཚང་དང་སྤྱི་ཚོགས་ཚང་མར་སྡུག་བསྔལ་དང་ཁུར་པོ་ལྕི་རུ་ཕྱིན་ཡོད། དེ་ལས་ཀྱང་ཡིད་སྐྱོ་ཤོས་ལ་ཆམ་པ་ཆུང་ཆུང་ཞིག་གིས་ཀྱང་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད། 

ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་མི་དམངས་སྨན་ཁང་། 
          ནད་པའི་ན་ཟུག་སེལ་ཆེད། 2017ལོ་ནས་བཟུང་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་མི་དམངས་སྨན་ཁང་གིས་སྨན་བཅོས་སྒྱུར་བཅོས་དེ་ཉིན་རེའི་གྲོས་རིམ་ནང་བཅུག་སྟེ། གྲོང་གསེབ་ཀྱི་སྨན་བཅོས་འཛུགས་སྐྲུན་སྒྱུར་བཅོས་ཚོད་ལྟ་བྱས་པ་རེད། ཧོང་ཧྲི་ལེང་གིས“མཐའ་མཚམས་ཞིང་འབྲོག་ཁུལ་དུ་སྨན་པ་བསྟེན་དཀའ་བ་དང་ནད་གཞི་དུས་ཐོག་ཏུ་སྨན་བཅོས་བྱེད་ཐབས་བྲལ་བ་སོགས་ཀྱི་གནས་ཚུལ་ཐག་གཅོད་བྱ་ཆེད། རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་ངེས་པར་དུ་ཚད་ལྡན་ཅན་གྱི་གསོ་སྦྱོང་བྱས་པའི་ཆེད་ལས་གྲོང་གསེབ་ཀྱི་སྨན་པའི་དཔུང་ཁག་ཅིག་འཛུགས་དགོས་ཤིང་། མཐའ་མཚམས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས”ཟེར།
          བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་བན་དཀར་ཤང་ན་རོག་ཡུལ་ཁུལ་ནི་མཚོ་ངོས་ལས་མཐོ་ཚད་སྨི4600ཡོད་ཅིང་། གནམ་གཤིས་ཀྱི་ཆ་རྐྱེན་ཞན་ཏེ། དགུན་ཁ་སླེབས་ཐེངས་རེར་ཁ་བས་རི་རྒྱ་བསྡམས་ཤིང་། རི་ཁུལ་དུ་འགྲོ་འོང་བྱེད་པར་དཀའ་ངལ་ཡོད་པ་དང་སྨན་བཅོས་ནི་དེ་བས་ཀྱང་གླེང་ཐབས་བྲལ་བ་ཞིག་རེད། ཞིང་འབྲོག་ཁུལ་དུ་གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་རྒྱུ་དང་གྲོང་གསེབ་ཀྱི་སྨན་བཅོས་བྱ་ཡུལ་ཞིང་འབྲོག་མང་ཚོགས་ཀྱི་ཉེ་འགྲམ་དུ་ཁྱབ་པར་བྱ་རྒྱུ་དང་། ཞིང་འབྲོག་མང་ཚོགས་རང་ཁྱིམ་གྱི་སྒོ་འགྲམ་དུ་སྨན་བཅོས་བདེ་ཐང་གི་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུ་ནི་ངེས་པར་དུ་སྒྲུབ་དགོས་པ་ཞིག་རེད།
          མཐའ་མཚམས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཞབས་ཞུ་ཁྱབ་པར་བྱ་ཆེད། འབྲི་རུ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་སྒྱུར་བཅོས་ཁྲོད་དེང་རབས་ཟོག་སྦྲེལ་དྲ་རྒྱ་ཆ་འཕྲིན་ཅན་གང་ལེགས་སྤྱད་དེ། རྒྱང་ཁྲིད་སྨན་བཅོས་དྲ་རྒྱའི་མཐའ་སྣེ་བཙུགས་ནས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་རྒྱབ་སྐྱོར་བྱས་ཡོད་ལ། བདེ་ཐང་ཡིག་ཚགས་དང་གཞི་རྩའི་ནད་བརྟག་སྨན་བཅོས་ཆ་འཕྲིན་མཉམ་འགུལ་གྱི་རྒྱང་རིང་གསོ་སྦྱོང་དང་རྒྱང་བསྟེན་སྨན་བཅོས། གཅིག་གྱུར་ཅན་གྱི་དོ་དམ་བཅས་ཀྱི་ཆ་འཕྲིན་ཅན་གྱི་ཞབས་ཞུའི་རྣམ་པ་བཙུགས་པ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པ་དུས་ཐོག་ཏུ་སྡོམ་རྩིས་རྒྱག་པའི་དོ་དམ་དང་། ས་གནས་དེ་གའི་སྨན་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པའི་གནས་ཚུལ་བསྒྱུར་བར་རྒྱབ་སྐྱོར་བྱས་ཏེ། “ནད་ཆུང་སྨན་བཅོས་གྲོང་ཚོ་ནས་ཕྱིར་སྐྱོད་མི་དགོས་པ”མངོན་འགྱུར་བྱུང་ཡོད། 
          བོད་ལྗོངས་ཀྱི་དམིགས་བསལ་རང་བྱུང་ཁོར་ཡུག་འོག  རྒྱང་ཁྲིད་སྨན་བཅོས་ཀྱིས་རྫོང་དང་ཤང་། གྲོང་ཚོ་བཅས་བར་དུས་ཐོག་ཏུ་སྨན་བཅོས་མི་ཐུབ་པའི་གནས་ཚུལ་ཐག་གཅོད་ཐུབ་པ་མ་ཟད། ད་དུང་ཞིང་འབྲོག་པར་ནད་བརྟག་སྨན་བཅོས་དང་གཤགས་བཅོས་སོགས་བྱེད་ཐུབ་ལ། ནད་གཞི་ལྕི་མོ་དང་འཕྲད་ཚེ། ད་དུང་དར་རྒྱས་ཅུང་ཆེ་བའི་ས་ཁུལ་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དང་རྒྱང་ཁྲིད་མཉམ་ལས་བྱས་ནས་ཞིང་འབྲོག་པར་རྒྱང་ཁྲིད་གཤགས་བཅོས་བྱེད་རོགས་གནང་ཐུབ་པ་རེད།
ཧོང་ཧྲི་ལེང་གིས་འབྲི་རུ་རྫོང་གི་གྲོང་གསེབ་སྨན་བཅོས་སྒྱུར་བཅོས་ལ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། རྫོང་རིམ་པའི་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ལ་ཆ་མཚོན་ན། ད་ཡོད་ཀྱི་རེངས་པོའི་དོ་དམ་རྣམ་པ་ལས་བརྒལ་ཏེ་རྣམ་པ་གསར་བརྗེ་གནང་ནས་རྫོང་གི་གནས་ཚུལ་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་རྩེ་རིམ་ཇུས་འགོད་བྱས་ཡོད། སྨན་བཅོས་བསྒྱུར་བཅོས་བྱ་རྒྱུ་དེ་གཞི་རིམ་གྱི་དམངས་འཚོ་དང་བདེ་ཐང་ལེགས་བཅོས་བྱེད་པའི་གཞི་རྩའི་གནས་ཚུལ་དང་འབྲེལ་བ་ཡོད་ལ། གཞི་རིམ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཐུབ་པ་བྱས་ནས་ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་རྗེས་ལུས་ཀྱི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་མཐར་ཕྱིན་པ་བཏང་ཡོད་ཟེར། 
          གྲོང་གསེབ་ཀྱི་སྨན་བཅོས་བསྒྱུར་བཅོས་ཁྲོད། གལ་ཆེ་ཤོས་ནི་གཞི་རིམ་གྱི་སྨན་བཅོས་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གིས་གཞི་རིམ་གྱི་གྲོང་ཚོའི་སྨན་པ་ནས་འགོ་བཙུགས་ཏེ། རྫོང་ཡོངས་ཀྱི་གྲོང་ཚོའི་སྨན་པའི་ལས་གནས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ལས་གནས་འགྲན་འཁུར་གྱི་རྣམ་པ་སྤྱད་པ་དེ་ནི་འབྲི་རུ་རྫོང་གི་ལོ་རྒྱུས་ཐོག་ཆེས་ཐོག་མ་ཡིན་ལ། ནག་ཆུ་གྲོང་ཁྱེར་དང་ཐ་ན་བོད་རང་སྐྱོང་ལྗོངས་སུའང་ཐོག་མ་རེད། 

འབྲི་རུ་རྫོང་རྒྱང་ཁྲིད་ནད་བརྟག་སྨན་བཅོས་ལྟེ་གནས 
          ད་ལོའི་ཟླ7པའི་ཚེས20ཉིན། ཞིང་འབྲོག་པ480གྲོང་ཚོ་(གྲོང་ལྷན)ཁག་ནས་གྲོང་ཁུལ་དང་ཤག་ཆུ། ཟླ་ཐང་། བན་དཀར་བཅས་ཡུལ་ཁུལ་བཞིའི་ཡིག་རྒྱུགས་གཏོང་ཡུལ་དུ་བསྐྱོད་དེ་གྲོང་ཚོའི་སྨན་པའི་ཡིག་རྒྱུགས་ནང་ཞུགས་ཏེ་གྲོང་ཚོ168ཀྱི་གྲོང་ཚོའི་སྨན་པའི་ལས་གནས་འགྲན་རྩོད་བྱས་པ་རེད། ལས་ཀར་བཅུག་རྗེས་ལས་ཀའི་ལོ་ཚད་དང་ལས་སྒོའི་ཆུ་ཚད་ལ་གཞིགས་ནས་དམའ་རིམ་གྲོང་ཚོའི་སྨན་པ་དང་། འབྲིང་རིམ་གྲོང་ཚོའི་སྨན་པ། མཐོ་རིམ་གྲོང་ཚོའི་སྨན་པ་བཅས་རིམ་པ་གསུམ་པའི་འགན་རིམ་བཙུགས་ནས་སྐས་རིམ་གླ་ཕོགས་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་སྨན་པའི་ཞབས་ཞུའི་ཧུར་སེམས་ཆེ་རུ་བཏང་བ་དང་། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་བཏང་པ་རེད། 

ཧོང་ཧྲི་ལེང(གཡས་གཉིས་པ)གིས་འབྲོག་པར་ནད་བརྟག་སྨན་བཅོས་བྱེད་བཞིན་པ། 
          ཧོང་ཧྲི་ལེང་གིས་གྲོང་གསེབ་ཀྱི་སྨན་པ་ནི་ཞིང་འབྲོག་མང་ཚོགས་ཀྱི“ཁྱིམ་ཚང་སྨན་པ”ཡིན་པས། གྲོང་གསེབ་ཀྱི་སྨན་པ་སྒྱུར་བཅོས་བྱེད་པ་དེས་གཞི་རིམ་གྱི་སྨན་བཅོས་མི་སྣར་སྐུལ་སློང་བྱེད་པར་ཕན་ཐོགས་ཡོད། སྨན་བཅོས་མ་ལག་ཁྲོད་ཀྱི་ཆེས་རྨང་གཞིའི་རིམ་པ་ལེགས་པོ་སྒྲུབ་རྒྱུ་དང་གྲོང་ཚོའི་སྨན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ཡིག་ཚགས་འཐུས་སྒོ་ཇེ་ཚང་དུ་བཏང་ནས“རྫོང་སྟོབས་ཆེར་གཏོང་བ་དང་། ཤང་དང་མཉམ་འབྲེལ་བྱེད་པ། གྲོང་ཚོ་མཐོར་འདེགས་གཏོང་པ”བཅས་ཀྱི་བདེ་ཐང་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་བསྟན། 
          འབྲི་རུ་རྫོང་བན་དཀར་ཤང་ལྟེ་བའི་སྨན་ཁང་དུ་གྲལ་འགྲིག་པའི་བདེ་ཐང་ཡིག་ཚགས་རེ་རེར་མི་རྣམས་ཀྱིས་དོ་སྣང་བྱེད་ཀྱི་ཡོད་པ་དང་། ལས་དོན་མི་སྣས་ཁོངས་གཏོགས་ཁུལ་གྱི་མི་སེར་གྱི་གཟུགས་པོ་བརྟག་དཔྱད་དང་བདེ་ཐང་གི་གནས་ཚུལ་རིགས་དབྱེ་བྱས་ཏེ་གཅིག་གྱུར་གྱིས་ཡིག་ཚགས་ཀྱི་ཁོངས་སུ་བཅུག་པ་དང་འབྲེལ་ཆ་འཕྲིན་མ་ལག་ཏུ་ནང་འཇུག་བྱས་ཡོད། སྨན་པས་གློག་རྡུལ་ཡིག་ཚགས་བརྒྱུད་ནས་མྱུར་དུ་འབྲེལ་ཡོད་ནད་པའི་དཔྱད་ཡིག་འདྲི་རྩད་བྱས་ཆོག་ལ། དེབ་བཟོའི་ཡིག་ཚགས་ནང་ནད་པའི་ནད་གཞི་དེ་བས་གནད་སྨིན་ཤེས་རྟོགས་ཐུབ་ནས་ས་གནས་དེ་གའི་འབྲོག་པ་དེ་གར་ནད་ལྟ་བར་ཡོང་བས་བློ་བདེ་པོ་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བན་དཀར་ཤང་གིས་ཤང་ཡོངས་ཀྱི་ཞིང་འབྲོག་པའི་ཐོ་འགོད་དེབ་བཟོའི་གཞི་རྩའི་ཆ་འཕྲིན་ལེགས་གྲུབ་བྱུང་ཡོད། 
བན་དཀར་ཤང་ལྟེ་བའི་སྨན་ཁང་། 
          བན་དཀར་ཤང་ལྟེ་བའི་སྨན་ཁང་གི་འགན་འཁྲི་དེ་ད་དུང་གྲོང་གསེབ་ཀྱི་སྨན་པའི་དོ་དམ་ཐད་མངོན་གྱི་ཡོད་དེ། གྲོང་གསེབ་ཀྱི་སྨན་པ་དུད་ཚང་དུ་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་བྱས་པ་བརྒྱུད། ནད་པར་རྗེས་འདེད་བྱས་པའི་གནས་ཚུལ་གསར་ཤོས་ལ་ཆེད་མངགས་ཞིབ་དཔྱད་བསྡུར་བཤེར་བྱས་ནས་ནད་ཐོའི་ཆ་འཕྲིན་ཕྱོགས་བསྡུས་བྱས་པ་དང་། དེས་གཞི་རིམ་གྱི་བདེ་ཐང་ཆ་འཕྲིན་ཤེས་རྟོགས་དང་གྲོང་གསེབ་ཀྱི་སྨན་བཅོས་སྒྱུར་བཅོས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཤིན་ཏུ་གལ་འགངས་ཆེ་བའི་ནུས་པ་ཐོན་ཡོད། 
          བན་དཀར་ཤང་ལྟེ་བའི་སྨན་ཁང་གི་ཡོན་ཀྲང་དོན་གྲུབ་ཆོས་དབྱིངས་ཀྱིས“ད་ཐེངས་གྲོང་གསེབ་ཀྱི་སྨན་བཅོས་སྒྱུར་བཅོས་ནང་། ཆེས་རྨང་གཞི་ནི་གྲོང་ཚོའི་སྨན་པའི་ནུས་པ་མཐོར་འདེགས་དང་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་ཡིན། གྲོང་ཚོའི་སྨན་པས་ནུས་པ་ཆེན་པོ་འདོན་ཐུབ་པ་ནི་ཕྱོགས་གཅིག་ནས་གྲོང་མིའི་བདེ་ཐང་ཡིག་ཚགས་འཛུགས་རོགས་དང་གྲོང་མིའི་བདེ་ཐང་གནས་ཚུལ་ལ་ཞིབ་བཤེར་བྱེད་རོགས་བྱེད་པ་དེ་ཡིན། འདི་ཡང་ཆ་འཕྲིན་ཅན་དང་དེང་རབས་ཅན་གྱི་བླང་བྱ་ཡིན་ལ། དེ་བས་ཀྱང་རྒྱང་རིང་སྨན་བཅོས་མངོན་འགྱུར་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད”ཅེས་ཟེར། 

འབྲི་རུ་རྫོང་མི་དམངས་སྨན་ཁང་གི་སྨན་པ། 

འབྲི་རུ་རྫོང་སྨན་བཅོས་སློབ་གསོ་གསོ་སྦྱོང་ལྟེ་གནས། 
          གལ་ཏེ་གྲོང་ཚོའི་སྨན་པ་ནི“ལག་པ”ཡིན་ན། ཤང་དང་གྲོང་རྡལ་གྱི་ལྟེ་བའི་སྨན་ཁང་ནི“གྲུ་ཚིགས”ཡིན་ཏེ། འབྲི་རུ་རྫོང་གིས་རྫོང་མི་དམངས་སྨན་ཁང་དང་བོད་ལུགས་སྨན་ཁང་། མ་བུ་བདེ་སྲུང་ཁང་། ནད་ཡམས་ཚོད་འཛིན་ལྟེ་གནས་བཅས་སྡེབ་སྒྲིག་བྱས་ཐོག གཅིག་གྱུར་གྱིས་སྨན་བཅོས་ཞབས་ཞུའི་ཕྱོགས་བསྡུས་གཟུགས་སུ་འཛུགས་སྐྲུན་བྱས་ཡོད་པ་རེད། 
          ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར1ལྷག་ཙམ་བཏང་ནས་མིག་སྔར་སྤྱོད་རྒྱུར་རྩིས་སྤྲད་པ་རེད། རྣམ་གྲངས་དེའི་ནང་། ནང་སའི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པའི་རིམ་རྒྱུག་གཙང་འགྱུར་གཤགས་བཅོས་ཁང་དང་ནད་ལྕི་ལྟ་སྐྱོང་ནད་ཁང་། སྒྲིག་བཀོད་སྔོན་ཐོན་གྱི་བུ་བཙའ་ཁང་བཅས་ཡོད་ལ། ད་དུང་ནག་ཆུ་གྲོང་ཁྱེར་གྱི་སྨན་བཅོས་ཐད་སྤྱོད་པའི་དབྱང་བཟོ་ས་ཚིགས་གཅིག་པུ་དང་དེ་བཞིན་སྒྲིག་བཀོད་སྒྲིག་ཆས་འཐུས་སྒོ་ཚང་བའི་དུག་སེལ་མཁོ་སྤྲོད་ལྟེ་གནས་དང་གཙང་འཁྲུད་ལྟེ་གནས་ཀྱང་ཡོད་པ་རེད། 
          རྒྱུས་ལོན་བྱུང་བར་ལྟར་ན། འབྲི་རུ་རྫོང་གིས་ལོ3ནས5བར་གྱི་དུས་ཚོད་བརྒྱུད་དེ་གྲོང་ཚོའི་འཕྲོད་བསྟེན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་གི་བཀོད་པ་འཆར་འགོད་ལུགས་མཐུན་བྱེད་པ། གཞི་རིམ་གྱི་འཕྲོད་བསྟེན་གཞུང་ལས་སྒྲུབ་པའི་ལམ་ལུགས་ཚད་ལྡན་དུ་གཏོང་པ། གཞི་རིམ་དུ་ཐོག་མར་སྨན་བཅོས་དང་རིམ་དབྱེའི་ནད་བརྟག་སྨན་བཅོས་གཞི་རྩའི་ཆ་ནས་མངོན་འགྱུར་བྱས་ཏེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་དེ་གཞན་བརྟེན་ཅན་ནས་རང་བརྟེན་ཅན་དུ་འགྱུར་བར་བྱས་ཐོག  མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཐུབ་པའི་ཚད་ལྡན་ཅན་གྱི་གྲོང་གསེབ་སྨན་པའི་དཔུང་ཁག་ཅིག་གཞི་རྩའི་ཆ་ནས་འཛུགས་ཐུབ་པར་བྱས་ཏེ། “ནད་ཆུང་གྲོང་ཚོ་ནས་ཕྱིར་མི་སྐྱོད་པ་དང་། ནད་འབྲིང་ཤང་ནས་ཕྱིར་མི་སྐྱོད་པའི”དམིགས་ཚད་དུ་སླེབས་པ་བྱ་རྒྱུ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།