དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ས་ཆ་འདི་གཉིས་རྒྱལ་ཁབ་རིམ་པའི་བསྒྲགས་ཡིག་ནང་དུ་སྤྱི་བསྒྲགས་བྱས།

སྤེལ་དུས 2020-11-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཟླ11པའི་ཚེས18ཉིན། རྒྱལ་ཁབ་རིམ་པའི་བསྒྲགས་ཡིག་ཅིག་སྤྱི་བསྒྲགས་བྱས་ཤིང་། བོད་ལྗོངས་ཀྱི་ས་ཆ་འདི་གཉིས “རྒྱལ་ཁབ་རུ་ཁག”ནང་དུ་བསྐྱོད་པའི་གོ་སྐབས་ཡོད་རྒྱུ་རེད། དེ་དག་ནི་ས་ཆ་གང་དག་ཡིན་ནམ།
          རིག་གནས་དང་ཡུལ་སྐོར་པུའུ་ཡི་རྒྱལ་ཁབ་ཀྱི་ས་ཁོངས་ཁྱོན་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་གཉིས་པའི་མིང་ཐོ་སྐོར་གྱི་སྤྱི་བསྒྲགས་ནང་། བོད་ལྗོངས་ཀྱི་ས་ཆ་གཉིས་མིང་ཐོའི་ནང་ཚུད་ཡོད་པ་རེད།
          ཟླ11པའི་ཚེས18ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡི་གཞུང་ཕྱོགས་དྲ་ཚིགས་ཀྱིས“རིག་གནས་དང་ཡུལ་སྐོར་པུའུ་ཡི་རྒྱལ་ཁབ་ཀྱི་ས་ཁོངས་ཁྱོན་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་གཉིས་པའི་མིང་ཐོ་སྐོར་གྱི་སྤྱི་བསྒྲགས”འགྲེམས་སྤེལ་བྱས་ཤིང་། སྤྱི་བསྒྲགས་ཀྱི་མིང་ཐོའི་ནང་གཞིས་ཀ་རྩེ་བསམ་གྲུབ་རྩེ་ཆུས་དང་། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཚུད་པ་རེད།
          སྤྱི་བསྒྲགས་ནང་བསྟན་དོན།《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛད་སྤྱོད་ལམ་ལུགས་འཐུས་ཚང་ཡོང་བར་སྐུལ་འདེད་དང་། སྡོད་དམངས་ཀྱི་འཛད་སྤྱོད་ཀྱི་གཏིང་ཤུགས་སྔར་བས་སྐུལ་སྤེལ་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ》དང་།  《རྒྱལ་སྲིད་སྤྱི་ཁྱབ་ཁང་གི“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད་དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་ས་ཁོངས་ཁྱོན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སློབ་སྟོན་བསམ་འཆར》དང་། ས་ཁོངས་ཁྱོན་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་ལས་དོན་སྤེལ་བའི་སྐོར་གྱི་འབྲེལ་ཡོད་རེ་བ་ལག་བསྟར་དོན་འཁྱོལ་ཡོང་ཆེད། རིག་གནས་དང་ཡུལ་སྐོར་པུའུ་ཡིས《རྒྱལ་ཁབ་ཀྱི་ས་ཁོངས་ཁྱོན་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གྱི་ཞིབ་བཤེར་རྩིས་ལེན་དང་། ངོས་འཛིན། དོ་དམ་ལག་བསྟར་གྱི་བྱེད་ཐབས(ཚོད་སྤྱོད)》དང་། 《རྒྱལ་ཁབ་ཀྱི་ས་ཁོངས་ཁྱོན་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གྱི་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི(ཚོད་སྤྱོད)》གཞིར་བཟུང་སྟེ། རྒྱལ་ཁབ་ཀྱི་ས་ཁོངས་ཁྱོན་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་གཉིས་པའི་ཞིབ་བཤེར་རྩིས་ལེན་དང་ངོས་འཛིན་གྱི་ལས་དོན་སྤེལ་ཞིང་། རྒྱལ་ཁབ་ཀྱི་ས་ཁོངས་ཁྱོན་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་གཉིས་པའི་མིང་ཐོ་གཏན་ཁེལ་བྱས་ཏེ། ད་ལྟ་སྤྱི་བསྒྲགས་བྱས་པ་རེད།
          སྤྱི་བསྒྲགས་བྱེད་པའི་དུས་ཡུན་ནི 2020 ལོའི་ཟླ11པའི་ཚེས18ཉིན་ནས་ཚེས 24ཉིན་བར་ཡིན།
སྤྱི་བསྒྲགས་ཀྱི་མིང་ཐོ་ནི་གཤམ་གསལ་ལྟར།


          སྤྱི་བསྒྲགས་བྱས་པའི་མིང་ཐོའི་ནང་བོད་ལྗོངས་ཀྱི་ས་ཆ་གཉིས་ཚུད་ཡོད་དེ།
          གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས།
          ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་།
          ཁྱེད་རང་མིང་ཐོའི་ནང་ཚུད་པའི་ས་ཆ་འདི་གཉིས་སུ་འགྲོ་མྱོང་ཡོད་དམ།
རྩོམ་སྒྲིག་པ། བདེ་སྒྲོལ།