དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བྱང་ཐང་རྩྭ་ཐང་གི་གཅེས་སུ་འོས་པའི་བྱིས་པ་རྣམས་འཚར་ལོངས་བྱུང་བའི་ལོ་རྒྱུས།

སྤེལ་དུས 2020-11-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

    བོད་རང་སྐྱོང་ལྗོངས་ནག་ཆུའི་འབྲི་རུ་རྫོང་གི་བུ་བཅོལ་ཁང་དང་པོའི་བྱིས་པ་ཚོས་སློབ་གསེང་གི་སྐབས་སུ་ལུས་སྦྱོང་བྱེད་བཞིན་པ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ཕ་མའི་བརྩེ་བ་ནི་འཇིག་རྟེན་སྟེང་གི་ཆེས་རླབས་ཆེ་བའི་བརྩེ་བ་ཡིན་ཞིང་། ཕ་མ་རྣམས་གཉིས་དཀའ་ལས་ཁག་སོང”ཞེས་བྱང་ཐང་རྩྭ་ཐང་ཁྲོད་ཀྱི་ནག་ཆུའི་འབྲི་རུ་རྫོང་གི་བུ་བཅོལ་ཁང་དང་པོའི་བྱིས་པ་ཚོས་གཏམ་བརྗོད་ཟློས་གར་གྱི་རྣམ་པའི་ཐོག་ནས་ཕ་མར་རང་ཉིད་དགའ་སྤྲོའི་ངང་འཚར་ལོངས་བྱུང་བཞིན་ཡོད་ཅེས་བཤད་ཅིང་།   《དུས་ཚོད་གང་དུ་ཕྱིན་སོང》ཞེས་པའི་མི་སེམས་འགུལ་བའི་གླུ་སྐད་དང་བསྟུན་ནས་དེ་གར་ཡོད་པའི་མི་ཚང་མར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག 

ནག་ཆུའི་འབྲི་རུ་རྫོང་གི་བུ་བཅོལ་ཁང་དང་པོའི་བྱིས་པ་རྣམས་ཀྱིས་སློབ་གསེང་གི་སྐབས་སུ་ལུས་སྦྱོང་བྱེད་བཞིན་པ།
          འབྲི་རུ་རྫོང་བུ་བཅོལ་ཁང་དང་པོའི་ཡོན་ཀྲང་གཞོན་པ་ལྷ་མཚོས་བཤད་རྒྱུར། “བྱིས་པ་ཚོར་དྲིན་ཚོར་བའི་སློབ་གསོ་བཏང་སྟེ། ཁོ་ཚོས་ཆུང་དུས་ནས་རང་གི་ཕ་མར་བརྩི་འཇོག་དང་རྒྱུས་ལོན་བྱེད་པ་ཤེས་སུ་བཅུག འདི་ནི་སྲོལ་རྒྱུན་སློབ་གསོའི་མཚོན་སྟངས་ཤིག་ཡིན་ཞིང་། ང་ཚོས་བུ་བཅོལ་ཁང་གཉེར་བའི་དམིགས་ཡུལ་ནི་བྱིས་པ་དགའ་རུ་འཇུག་རྒྱུ་དང་། ཁྱིམ་བདག་རྣམས་ཀྱི་ཐུགས་བློ་བདེ་པོ་ཡོང་བ་བྱ་རྒྱུ་དེ་ཡིན”ཞེས་བཤད། 
  
ནག་ཆུའི་འབྲི་རུ་རྫོང་བུ་བཅོལ་ཁང་དང་པོའི་བྱིས་པ་ཚོ།
          ནག་ཆུའི་འབྲི་རུ་རྫོང་གི་སྐད་གཉིས་བུ་བཅོལ་ཁང་དང་པོའི་ནང་བསྐྱོད་ཚེ། མི་རྣམས་ཀྱི་མིག་ལམ་དུ་དྲོད་ཁོལ་ལྡན་པའི་འཛུགས་སྐྲུན་གྱི་ཇུས་འགོད་འཆར་ཡོང་ཞིང་། ལོ་ཚོད་ཀྱི་ཁྱད་ཆོས་ལ་གཞིགས་ནས། བུ་བཅོལ་ཁང་གིས་ཁྱབ་ཁོངས་ཆེན་པོ་ལྔར(བདེ་ཐང་དང་། སྐད་བརྡ། སྤྱི་ཚོགས། ཚན་རིག སྒྱུ་རྩལ)དམིགས་ཏེ་སློབ་ཚན་སྣ་ཚོགས་དང་སློབ་གསེང་གི་བྱེད་སྒོ་ཕུན་སུམ་ཚོགས་པོ་བཙུགས་ཡོད་པ་དང་།  གཅེས་སུ་འོས་པའི་བྱིས་པ618ལ་རི་མོར་བལྟས་ནས་གཏམ་རྒྱུད་བརྗོད་པའི་གཏམ་བརྗོད་ཟློས་གར་གྱི་འཁྲབ་སྟོན་དང་། སྟེང་དཀར་རས་པའི་ཞབས་བྲོ། རི་མོ། ལག་ཤེས་བཟོ་ལས་སོགས་ཀྱི་བྱེད་སྒོའི་ནང་ཞུགས་ཏེ། བདེ་ཐང་དང་སྤྲོ་སྐྱིད་ལྡན་པའི་ངང་འཚར་ལོངས་འབྱུང་བཞིན་ཡོད།

ནག་ཆུའི་འབྲི་རུ་རྫོང་གི་བུ་བཅོལ་ཁང་དང་པོའི་བྱིས་པས་འཁྲབ་སྟོན་བྱེད་བཞིན་པ།
    “བོད་ཀྱི་བྱིས་པ་འདི་ཚོ་གླུ་གར་ལ་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པ་དང་། ལྷག་པར་དུ་ས་གནས་དེ་གའི་སྟེང་དཀར་རས་པའི་ཞབས་བྲོ་འཁྲབ་རྒྱུར་དགའ་པོ་ཡོད”ཅེས་ལྷ་མཚོས་བཤད་པ་དང་། ཁོ་མོས“ཕྲུ་གུ་ཚོའི་སྒྱུ་རྩལ་གྱི་བློ་གྲོས་སྔོག་འདོན་བྱས་ཏེ། ཁོང་ཚོ་ཆུང་དུས་ནས་སྲོལ་རྒྱུན་རིག་གནས་ལ་དགའ་བ་དང་། རང་མི་རིགས་ཀྱི་རིག་གནས་ཀྱི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་ཐུབ་ཚེ། བྱིས་པ་རྣམས་ཀྱི་མ་འོངས་པའི་འཚར་ལོངས་ལ་ཕན་པ་ཆེན་པོ་ཡོད”ཅེས་བཤད།

ནག་ཆུའི་འབྲི་རུ་རྫོང་གི་བུ་བཅོལ་ཁང་དང་པོའི་བྱིས་པ་རྣམས་ཀྱིས་བརྩེགས་རིམ་རྩེད་ཆས་བསྒྲིགས་བཞིན་པ།
          བུ་བཅོལ་ཁང་གིས་ཁོར་ཡུག་བཀོད་སྒྲིག་བྱས་པ་ཕུན་སུམ་ཚོགས་ཤིང་ས་གནས་དེ་གའི་ཁྱད་ཆོས་ལྡན་ཡོད། བྱིས་པ་རྣམས་ཀྱིས་དགའ་བསུ་ཆེ་ཤོས་ཐོབ་པ་ནི་ཡིག་གཟུགས་སློབ་ཁང་དང་། ཞབས་བྲོའི་སློབ་ཁང་། རྩེད་ཆས་ཁང་སོགས་ནུས་ལྡན་སློབ་ཁང་དག་ཡིན་ཞིང་། འཛིན་གྲྭ་རེ་རེའི་བྱིས་པའི་སློབ་ཁྲིད་ཁང་དང་། གཟུགས་འཁྲུ་ཁང་། ཉལ་ཁང་བཅས་གཞི་གཅིག་ཅན་དུ་འགྱུར་བའི་བར་སྟོང་གིས་བྱིས་པའི་འཚོ་བ་དང་རོལ་རྩེད་ལ་སྟབས་བདེ་བཟོས་ཏེ། སློབ་གསོའི་ཁོར་ཡུག་བྱིས་པ་ཅན་དུ་འགྱུར་བའི་ཁྱད་ཆོས་གང་ལེགས་སྒོས་མཚོན་ཡོད་པ་རེད། 

ནག་ཆུའི་འབྲི་རུ་རྫོང་གི་བུ་བཅོལ་ཁང་དང་པོའི་ཕྲུ་གུ་ཚོས་བརྩེགས་རིམ་རྩེད་ཆས་བསྒྲིགས་བཞིན་པ།
          ལོ་ན་ཅུང་ཆུང་བའི་འཛིན་གྲྭ་འབྲིང་བ་དང་ཆུང་བའི་བྱིས་པར་དམིགས་ནས། བུ་བཅོལ་ཁང་གིས་གཙོ་བོ་ཁོ་ཚོའི་ལག་པ་འགུལ་བའི་ནུས་པ་དང་བདེ་འཇགས་ཀྱི་སློབ་གསོ་སྤེལ་བཞིན་ཡོད། གསར་འགོད་པས་འཛིན་གྲྭ་ཆུང་བའི་བྱིས་པས་དགེ་རྒན་གྱི་རོགས་རམ་འོག་བརྩེགས་རིམ་རྩེད་ཆས་བརྒྱུད་ནས་ལག་པ་འགུལ་བའི་ནུས་པ་གསོ་སྐྱོང་བྱེད་པ་དང་། འཛིན་གྲྭ་འབྲིང་བའི་བྱིས་པས་ཇི་ལྟར་ཁ་རས་ཡང་དག་པའི་སྒོ་ནས་རྒྱག་དགོས་པ་སློབ་སྦྱོང་བྱེད་བཞིན་ཡོད་པ་མཐོང་།

ནག་ཆུའི་འབྲི་རུ་རྫོང་གི་བུ་བཅོལ་ཁང་དང་པོའི་བྱིས་པ་ཚོས་ཁ་རས་རྒྱག་ཚུལ་སློབ་སྦྱོང་བྱེད་བཞིན་པ།
    བྱིས་པའི་དགེ་རྒན་ཚེ་དབང་ཆོས་འཕེལ་གྱིས་བཤད་རྒྱུར།  “ང་ཚོས་གོ་བདེ་བ་དང་ཤེས་སླ་བའི་ཐབས་ལ་བརྟེན་ནས་ཁོང་ཚོར་རང་ངོས་ཀྱི་བདེ་འཇགས་ཀྱི་གནད་དོན་དང་རྒྱལ་གཅེས་སློབ་གསོར་འགྲེལ་བཤད་བརྒྱབ་སྟེ། བྱིས་པ་རྣམས་ལ་རི་མོའི་འབྲི་དེབ་ལ་བརྟེན་ནས་རྒྱལ་དར་ངོས་འཛིན་དང་། རྒྱལ་ས་གང་དུ་ཡོད་པ་ཤེས་སུ་འཇུག་པ་ཡིན”ཞེས་བཤད། 

  ནག་ཆུའི་འབྲི་རུ་རྫོང་གི་བུ་བཅོལ་ཁང་དང་པོ། 
          ཚེ་རིང་ཆོས་འཕེལ་ནི་བུ་བཅོལ་ཁང་གི་དགེ་རྒན་སྐྱེས་པ་མང་པོ་མེད་པའི་གྲས་ཀྱི་གཅིག་ཡིན་ཞིང་། དང་ཐོག་གི་མ་གོམས་པ་ནས་ཕྲུ་གུ་ཚོས་དགའ་པོ་བྱེད་པའི་བར་ཁོང་གིས་བྱིས་པ་མང་པོ་ཞིག་འཚར་ལོངས་བྱུང་བར་དཔང་པོ་བྱེད་ཀྱི་ཡོད་དེ། “དང་ཐོག་བུ་བཅོལ་ཁང་དུ་ཡོང་མ་ཐག་པའི་བྱིས་པ་རྣམས་ངོ་ཚ་སླ་བས་དགེ་རྒན་དང་སྐད་ཆ་བཤད་མི་ཕོད། ད་ལྟ་སྐད་གཉིས་ཀྱིས་ཁ་བརྡ་བྱས་ན་གནད་དོན་ཅི་ཡང་མེད”ཅེས་བཤད།

ནག་ཆུའི་འབྲི་རུ་རྫོང་གི་བུ་བཅོལ་ཁང་དང་པོ། 
          ཚེ་དབང་ཆོས་འཕེལ་གྱིས“བོད་ལྗོངས་ཀྱི་དམིགས་བསལ་གྱི་རང་བྱུང་ཆ་རྐྱེན་གྱིས་གཞི་རིམ་གྱི་ཆ་རྐྱེན་ཧ་ཅང་དཀའ་སྡུག་ཆེ་བ་ཐག་གཅོད་བྱས་མོད། འོན་ཀྱང་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་བྱུང་བ་མཐོང་ཚེ་ཧུར་བརྩོན་བྱས་པ་ཡོད་ཚད་ལ་རིན་ཐང་ལྡན་ཏེ། དཔེར་ན་འབྲི་རུ་རྫོང་གིས་སློབ་གསོར་གཙིགས་མཐོང་ཆེན་པོ་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་དགེ་རྒན་ལ་བརྩི་བཀུར་བྱེད་པས། བྱ་བ་འདིས་ང་ལ་གྲུབ་འབྲས་ཐོབ་ཚོར་ཆེན་པོ་ཡོད་དུ་བཅུག”ཅེས་བཤད།

ནག་ཆུ་འབྲི་རུ་རྫོང་གི་བུ་བཅོལ་ཁང་དང་པོ། 
   བུ་བཅོལ་ཁང་དུ་བྱིས་གཉོར་དགེ་རྒན་གྱིས་རང་ཉིད་ཀྱི་བརྩེ་བ་ཡོད་ཚད་བྱིས་པ་རྣམས་ལ་ཕུལ་ཞིང་། བྱིས་པ་རྣམས་དང་འགྲོགས་ནས་ཁོ་ཚོ་བདེ་ཐང་དང་དགའ་སྤྲོའི་ངང་འཚར་ལོངས་བྱུང་དུ་བཅུག    བྱིས་གཉོར་དགེ་རྒན་གྱིས་བྱིས་པ་རྣམས་དགའ་བའི་ཁ་དོག་ལ་གཞིགས་ནས་བྱིས་པ་རྣམས་དང་མཉམ་དུ་རང་ཉིད་ཀྱིས་ཁ་དོག་སྙོམ་སྒྲིག་བྱེད་པ་དང་། རང་ཉིད་ཀྱིས་ལག་འགུལ་ཏེ་སློབ་ཁང་རེ་རེ་ཁོ་ཚོ་དགའ་བའི་རྣམ་པ་དང་ཁ་དོག་ཏུ་མཛེས་རྒྱན་སྤྲས་ཏེ། སློབ་ཁང་གི་བརྗོད་གཞིའི་རིག་གནས་སུ་གྱུར་བར་བཅུག 
 ལྷ་མཚོས་བཤད་རྒྱུར། “བུ་བཅོལ་ཁང་གིས་གསོ་སྐྱོང་བརྒྱུད་པའི་ཕྲུ་གུ་ཚོའི་ཁ་སྐད་བརྗོད་པའི་ནུས་པ་དང་། ལག་འགུལ་བའི་ནུས་པ། གོ་རྟོགས་ཀྱི་ནུས་པ་དང་ཚུར་སྣང་སྐྱེན་འགྱུར་སོགས་ནི་བུ་བཅོལ་ཁང་མ་འགྲིམས་པའི་བྱིས་པ་དང་བར་ཁྱད་ཆེན་པོ་ཡོད་ཅིང་། འདི་ཁོ་ཚོ་རྗེས་ཕྱོགས་སློབ་ཆུང་འགྲིམས་པ་དང་ཁོར་ཡུག་གསར་པར་གོམས་པར་སློབ་སྦྱོང་བྱ་བར་ཕན་ཐོགས་ཆེན་པོ་ཡོད”ཅེས་བཤད།

ནག་ཆུའི་འབྲི་རུ་རྫོང་གི་བུ་བཅོལ་ཁང་དང་པོ།  
          ནག་ཆུའི་འབྲི་རུ་རྫོང་གི་བུ་བཅོལ་ཁང་དང་པོས་ཁྱབ་ཁོངས་ཆེན་པོ་ལྔའི་སློབ་ཚན་གྱི་རྨང་གཞིའི་སྟེང་། བྱིས་པའི་ཀློག་འདོན་དང་། ཞབས་བྲོ། བདེ་འཇགས། རྒྱལ་གཅེས། བསམ་གཞིགས་ཀྱི་སྦྱོང་བརྡར་སོགས་ཀྱི་ཁྱད་ལྡན་སློབ་ཚན་བཙུགས་ཏེ། བྱིས་པའི་རང་གཤིས་ལ་འཕེལ་རྒྱས་གང་ལེགས་བྱུང་དུ་བཅུག   ལྷ་མཚོས་བསྟན་དོན། ང་ཚོའི་དགེ་རྒན་ལས་བཟོ་པ་ཡོངས་ཀྱིས་མུ་མཐུད་དུ་སྤུས་ལེགས་གསར་གཏོད་དང་། ཁྱད་ཆོས་བསྒྲུབ་པ། སྤུས་རྟགས་བསྐྲུན་ནས་བུ་བཅོལ་ཁང་འདི་བྱིས་པ་ཚོའི་སྤྲོ་སྐྱིད་ཀྱི་དགའ་ཚལ་དང་། ཁྱིམ་བདག་གི་རེ་བའི་དགའ་ཚལ། དགེ་རྒན་གྱི་འཚར་ལོངས་ཀྱི་དགའ་ཚལ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོལ།