དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མི་རིགས་རིག་གནས་ཀྱི་གཅེས་ནོར་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པ།

སྐབས་གསར་པའི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་སྐོར།

སྤེལ་དུས 2020-12-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ12པའི་ཚེས12ཉིན་ནས་ཚེས13བར། བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་ཐེངས་གཉིས་པ་དང་སྐབས་བརྗེའི་འདེམས་བསྐོའི་ཚོགས་ཆེན་ལྷ་སར་འཚོགས་པ་རེད། 

    བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་ཐེངས་གཉིས་པ་དང་སྐབས་བརྗེའི་འདེམས་བསྐོའི་ཚོགས་ཆེན་གྱི་ཡུལ་དངོས། 
          ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཚོགས་ཆེན་ནི་མཐུན་ཚོགས་ཀྱི་སྒྲིག་ཡིག་གི་གཏན་འབེབས་ལྟར། ལས་འཛིན་ལྷན་ཚོགས་སྐབས་དང་པོའི་ལས་དོན་སྙན་ཞུར་གྲོས་ཞིབ་དང་གྲོས་འཆམ་བྱ་རྒྱུ་དང་། མཐུན་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་དང་ནོར་དོན་རྩིས་བཤེར་སྙན་ཞུར་གྲོས་ཞིབ་དང་གྲོས་འཆམ་བྱ་རྒྱུ། མཐུན་ཚོགས་བཙུགས་ཚུན་ཐོབ་པའི་གཡུར་ཟའི་ཞིབ་འཇུག་གྲུབ་འབྲས་ཕྱོགས་སྡོམ་དང་འགྲེམས་སྟོན་གང་ལེགས་བྱེད་པ། མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་གཉིས་པ་དང་མཐུན་ཚོགས་ཀྱི་ཚོགས་གཙོ། ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ་སོགས་ལས་ཁུངས་སྐབས་གསར་པའི་ཁོངས་མི་བདམས་ཐོན་བྱེད་པ་དང་། སྐབས་རྗེས་མའི་མཐུན་ཚོགས་ཀྱི་མུ་མཐུད་འཕེལ་རྒྱས་ལ་རྒྱང་ལྟ་དང་བཀོད་སྒྲིག་གནང་ཡོད་པ་རེད། 
          བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ནི2016ལོའི་ཟླ7པའི་ཚེས22ཉིན་དངོས་སུ་བཙུགས་པ་སྟེ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་བཙུགས་པའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཁེ་གཉེར་རང་བཞིན་མ་ཡིན་པའི་སྤྱི་ཚོགས་ཚོགས་པ་ཞིག་རེད། མཐུན་ཚོགས་ནི་རྒྱལ་ནང་གི་བོད་རིག་པའི་མཁས་པ་གྲགས་ཅན་གཞི་རྐང་བྱས་ཤིང་མི་རིགས་ཁག་གི་ཆེད་མཁས་དང་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་དགའ་བའི་ཁེ་ལས་དང་ལས་གཉེར་པ་བཅས་ཀྱིས་གྲུབ་ཡོད། བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་དམིགས་ཡུལ་ནི་དེ་སྔ་ཁ་ཐོར་དུ་གནས་པའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་དང་དེར་དོ་ཁུར་གནང་མཁན་གྱི་སྤྱི་ཚོགས་སྟོབས་ཤུགས་འབྲེལ་འདྲིས་དང་གཅིག་སྡུད་བྱས་ཏེ་ཁྲིམས་ལྟར་དགོས་ངེས་ཀྱི་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་རྒྱུ་དང་། རིག་གནས་ཐོན་ལས་ཀྱི་སྣོད་བཅུད་བཟང་པོ་ཆགས་པར་སྐུལ་འདེད་གཏོང་ཆེད་དྲང་ནུས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་རེད། 

    བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་ཐེངས་གཉིས་པ་དང་སྐབས་བརྗེའི་འདེམས་བསྐོའི་ཚོགས་ཆེན་འཚོག་ཡུལ་དངོས།
          བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་མཐུན་ཚོགས་བཙུགས་ནས་ལོ་ངོ་བཞིའི་རིང་། ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་ཞིབ་འཇུག་བྱ་རྒྱུ་དེ་རང་འགན་དུ་བརྩིས་ནས་ཕྱོགས་མང་པོའི་ཐད་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། འཕེལ་རྒྱས་བཅས་བཏང་པ་དང་། ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་དང་དར་སྤེལ་གཏོང་བའི་ཐད། སྣ་མང་ཅན་གྱི་ཁྱད་ཆོས་མངོན་རྒྱུར་་འབད་བརྩོན་བྱས་ཏེ་ཚངས་དབྱངས་རྒྱ་མཚོའི་སྐུ་ཚེ་ཧྲིལ་པོར་རྩ་བའི་ཐོག་ནས་སྒྱུར་བཅོས་བྱེད་པའི་རྨང་གཞིའི་ཞིབ་འཇུག་ནས་ལོ་རྒྱུས་རིག་པ་དང་། ཆོས་ལུགས་རིག་པ། ཚད་ལྡན་ཡིག་ཆ་རིག་པ། མིའི་རིགས་ཀྱི་རིག་གནས་རིག་པ་སོགས་ཕྱོགས་མང་པོ་དང་ཟུར་ཚད་མང་པོའི་ཐོག་ནས་རིག་གནས་འགྲེལ་བཤད་གནང་སྟེ། ཡར་རྒྱས་གལ་ཆེན་དང་འགག་སྒྲོལ་གསར་པ་བྱུང་ཡོད། དེ་དང་ཆབས་ཅིག་མཐུན་ཚོགས་ཀྱིས་སྣ་མང་ཅན་གྱི་ཐབས་ལམ་དང་མཐོང་ཚོར་ལ་བརྟེན་ནས་རོལ་དབྱངས་དང་སྙན་ངག  ཐང་གའི་ཡིག་གཟུགས་སོགས་ཀྱི་རྣམ་པ་སྣ་མང་ཅན་དང་མཐོང་ཟུར་མང་པོའི་ཐོག་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་ཞིབ་འཇུག་བྱེད་པའི་དོན་སྙིང་གཏིང་ཟབ་དང་རིན་ཐང་གལ་ཆེན་མངོན་པར་བྱས་ཡོད་པ་རེད། 

   བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་ཐེངས་གཉིས་པ་དང་སྐབས་བརྗེའི་འདེམས་བསྐོའི་ཚོགས་ཆེན་འཚོག་ཡུལ་དངོས། 
          བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། མཐུན་ཚོགས་ཀྱིས་སྐབས་བརྗེའི་འདེམས་བསྐོ་བྱས་རྗེས། མཐུན་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་བསམ་བཀོད། འབྲེལ་ཡོད་རིག་གནས་རྣམ་གྲངས་བཅས་མུ་མཐུད་འཐུས་ཚང་དང་ལག་བསྟར་བྱ་རྒྱུ་དང་། མཐུན་ཚོགས་ཀྱི་སྒྲིག་ཡིག་ནང་གཏན་ལ་ཕབ་པའི་ལས་སྒོའི་ཁྱབ་ཁོངས་ལྟར། རྒྱལ་ཁབ་ཕྱི་ནང་དུ་ཚངས་དབྱངས་རྒྱ་མཚོའི་རིག་གནས་སྐོར་གྱི་རིག་གཞུང་བགྲོ་གླེང་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་དང་རྒྱལ་ཁབ་ཕྱི་ནང་དུ་ཚངས་དབྱངས་རྒྱ་མཚོའི་འབྲེལ་ཡོད་རིག་གནས་འགྲེམས་སྟོན་བྱེད་སྒོ་སྤེལ་བ། ཚངས་དབྱངས་རྒྱ་མཚོའི་འབྲེལ་ཡོད་རིག་རྩལ་དང་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་གསར་རྩོམ་སྒྲིག་འཛུགས་བྱེད་པ། ཚངས་དབྱངས་རྒྱ་མཚོའི་ཐང་ག་འགྲེམས་སྟོན་སྒྲིག་འཛུགས་བྱེད་པ། རྒྱལ་ཁབ་ཕྱི་ནང་དུ་ཚངས་དབྱངས་རྒྱ་མཚོའི་རིག་གནས་དང་འབྲེལ་བའི་རིག་རྩལ་འཁྲབ་སྟོན་བྱེད་པ། ཚངས་དབྱངས་རྒྱ་མཚོའི་སྐུ་ཚེ་ཧྲིལ་པོར་དབང་གྲགས་ལྡན་པའི་གདེང་འཇོག་དང་ཚངས་དབྱངས་རྒྱ་མཚོའི་སྙན་ཚིག་གི་གསུང་རབ་འགྲེལ་བཤད་གནང་པ། པར་གཞི་སྣ་ཚོགས་ཀྱི་སྙན་ངག་དག་བཅོས་བྱས་ནས་རྒྱ་ཡིག་དང་དབྱིན་ཡིག་གི་བསྒྱུར་ཡིག་ཚད་ལྡན་དུ་གཏོང་བ། ཁྲིམས་ལྟར་ཚངས་དབྱངས་རྒྱ་མཚོའི་དངོས་རྫས་དང་ཞིབ་འཇུག་གྲུབ་འབྲས། ཡིག་ཆ་སོགས་འཚོལ་སྡུད་བྱེད་པའམ་ཡང་ན་ཞལ་འདེབས་དང་ལེན་བྱས་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་འགྲེམས་སྟོན་ཁང་འཛུགས་པ། འབྲེལ་ཡོད་གཏན་འབེབས་གཞིར་བཟུང《ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག》དུས་དེབ་རྩོམ་སྒྲིག་དཔེ་སྐྲུན་གནང་རྒྱུ་དང་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་དྲ་བ་འཛུགས་པ། ཚངས་དབྱངས་རྒྱ་མཚོའི་རིག་གནས་དང་འབྲེལ་བ་ཡོད་པའི་དཔེ་ཚོགས་དང་སྒྲ་བརྙན། གློག་བརྙན་དང་བརྙན་འཕྲིན་བཅས་ཀྱི་བརྩམས་ཆོས་སྣ་ཚོགས་མུ་མཐུད་གསར་རྩོམ་བྱེད་པ་དང་འབྲེལ་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ། སྙན་ངག་ཚོགས་འདུ་དང་འཆད་ཁྲིད། གསོ་སྦྱོང་འཛིན་གྲྭ ཐང་གའི་རི་མོའི་འགྲེམས་སྟོན། རིག་གཞུང་བགྲོ་གླེང་སྤེལ་རེས་སོགས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་གི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྒོས་སྤེལ་བ། རྒྱལ་ཁབ་ཕྱི་ནང་དུ་ཚངས་དབྱངས་རྒྱ་མཚོའི་འབྲེལ་ཡོད་སྲོལ་རྒྱུན་རིག་གནས་ཀྱི་བྱེད་སྒོ་གཞན་དག་སྤེལ་བ་བཅས་ཡིན་ཞེས་བསྟན་བྱུང་། 
          “ བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་མཛུབ་ཁྲིད་འོག རྒྱལ་ཁབ་ཀྱི་འབྲེལ་ཡོད་མི་རིགས་ཆོས་ལུགས་ཕྱོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་ལྟར། ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་ལ་གཞོལ་ནས་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་དང་དར་རྒྱས་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་། འཇམ་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་ཀྱི་ལས་སྟེགས་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་བཅས་བྱ་དགོས”ཞེས་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་དེ་སྐད་བརྗོད་བྱུང་།
རྩོམ་སྒྲིག་པ། བདེ་སྒྲོལ།