དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁྲོན་བོད་དམག་དཔུང་ས་ཚུགས་པུའུ་ཡི་སྐྱེལ་འདྲེན་རུ་ཁག་གིས་གངས་རི21བརྒལ་ནས་མཐའ་མཚམས་སུ་དངོས་ཟོག་སྐྱེལ་འདྲེན་བྱས།

སྤེལ་དུས 2020-12-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

རླངས་འཁོར་རུ་ཁག་གིས་གངས་རི་བརྒལ་བཞིན་པའི་རྣམ་པ།
           ཟླ12པའི་ཟླ་འགོར། བོད་ལྗོངས་དམག་ཁུལ་ཁྲོན་བོད་དམག་དཔུང་ས་ཚུགས་པུའུ་ཡི་སྐྱེལ་འདྲེན་རླངས་འཁོར་མཐའ་མ་སྒར་སར་ཕྱིར་ལོག་པ་དང་བསྟུན་ནས་ད་ལོའི་དགུན་ཁའི་ས་མཐོའི་མཐའ་སྲུང་ཁང་ལ་མཁོ་བའི་དངོས་ཟོག་ཚང་མ་མཁོ་འདོན་བྱས་ཚར་བ་རེད།
           ད་ལོ་ནས་བཟུང་། དམག་དཔུང་འདིས་སྤྱི་ལེ་སྟོང་ཕྲག་འགར་བསྐྱོད་ནས་རུ་དཔུང་འདི་ས་བབ་ཀྱི་མཐོ་ཚད་སྨི4500ལྷག་ཡོད་པའི་ས་མཐོར་བསྐྱལ་བར་མ་ཟད། ནང་སྦྱོང་བྱ་ཡུལ་ཐེངས་གསུམ་ལ་བརྗེས་ཏེ་དཔོན་དམག་གི་རོགས་སྐྱོར་འགན་སྲུང་གི་ནུས་པར་སྦྱོང་བརྡར་བྱས་པ་རེད།
           སྦྱོང་བརྡར་གྱི་ལས་འགན་ལེགས་གྲུབ་བྱུང་ནས་ཕྱིར་སྒར་ཁུལ་དུ་ལོག་པ་དང་། ཐེངས་འདིའི་སྐྱེལ་འདྲེན་རླངས་འཁོར་གྱི་ནང་དུ་འབྲས་དང་། ཕྱེ། སྣུམ། ལྕགས་ཀྲིན་སོགས་དགུན་བསྐྱལ་གྱི་དངོས་ཟོག་དྲུད་དེ་ཁྲེིངཁྲིང་ཏུའུ་ནས་ལམ་ལ་ཆས་ཤིང་། རླངས་འཁོར་རུ་ཁག་རྣམས་ཁྲོན་བོད་གཞུང་ལམ་ནས་ཕན་ཚུན་འགྲོ་འོང་བྱས་ཏེ། བསྡོམས་པས་ས་བབ་ཀྱི་མཐོ་ཚད་སྨི4000ཡན་གྱི་གངས་རི21བརྒལ་ནས་དངོས་ཟོག་རྣམས་མཐའ་སྲུང་ས་ཚིགས་མང་པོར་དབོར་འདྲེན་བྱས་པ་རེད། 
           ཉེ་བའི་ལོ་ཤས་རིང་། ཁྲོན་བོད་གཞུང་ལམ་ཤར་གཏོང་གི་ཆ་རྐྱེན་ལེགས་སུ་ཕྱིན་མོད། འོན་ཀྱང་ས་མཐོའི་གནམ་གཤིས་ངན་པའི་རྐྱེན་གྱིས་ལམ་དུམ་བུ་མི་ཉུང་བ་ཞིག་ཏུ་སྔར་བཞིན་ཉེན་ཁ་མང་པོར་འཕྲད་ཡོད་པས། དཔོན་དམག་རྣམས་ཀྱིས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་ཕོད། “ཅུའེ་པ་རི་བོ་ནི་ཁྲོན་བོད་གཞུང་ལམ་ཐོག་གི‘འགག་རྩའི’ལམ་དུམ་ཞིག་ཡིན་ཞིང་། དེའི་གཞོགས་གཅིག་གི་རི་ངོས་འབུར་ཡོད་པ་དང་། གཞོགས་གཅིག་ནི་སྨི་བརྒྱའི་གཡང་གཟར་ཡིན་པ་མ་ཟད། རི་ངོས་ནས་དུས་རྟག་ཏུ་རྦབ་རྡོ་ལྷུང་བའི་ཉེན་ཁ་ཡོད། ལྷག་པར་དུ་ལམ་ཕྱོགས་གཉིས་ཀྱི་རླངས་འཁོར་འཕྲད་སྐབས། གཞོགས་གཅིག་གི་རླངས་འཁོར་གྱི་འཁོར་ལོ་སྲུང་ར་མེད་པའི་གཡང་གཟར་གྱི་འགྲམ་དུ་ཡོད་པས། སྐབས་འདིར་གནོན་ཤུགས་ཆེན་པོ་ཐེག་དགོས་པ་མ་ཟད་ཁ་ལོ་བའི་རྩལ་ནུས་ལ་ཚོད་བགམ་ཆེན་པོ་བྱེད་ཀྱི་ཡོད”ཅེས་ཁ་ལོ་པ་ལུའུ་ཕེང་གིས་བཤད། 
ཁྲོན་བོད་གཞུང་ལམ་དུ་རླངས་འཁོར་བསྐོར་ནས་འགྲོ་སྐབས་གློ་བུར་གྱི་གནས་ཚུལ་ཐག་གཅོད་བྱ་རྒྱུ་དེ་ནི་རྒྱུན་གཏན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད་ཅིང་། རྒྱང་སྒྲོག་ནང་དུ་དུས་རྒྱུན་དུས་བབ་ཀྱི་མཐོ་ཚད་སྨི5130ཡོད་པའི་དུང་མདའ་རི་རྩེ་རུ་བསྐྱོད་སྐབས་སྐྱེལ་འདྲེན་རླངས་འཁོར་གྱི་འཁོར་ལོ་བཀད་པའི་གནས་ཚུལ་གྱི་བརྡ་ཁྱབ་གྲགས་ཡོང་ཞིང་། ཁ་ལོ་པས་མགྱོགས་པོར་རླངས་འཁོར་ལམ་འགྲམ་དུ་བསྡད་ནས་དཔོན་དམག་རྣམས་ལ་མྱུར་ཏུ་ཞིག་གསོ་བྱེད་དུ་འཇུག
           རང་བྱུང་གནོད་འཚེའི་ཤུགས་རྐྱེན་ཐེབས་ནས་ལམ་དུམ་ཁག་གཅིག་བཟོ་བཅོས་རྒྱག་བཞིན་ཡོད་ཅིང་།  མགྱོགས་པོར་དམིགས་སའི་གནས་སུ་སླེབས་ཆེད། ཐོ་རེངས་ཆུ་ཚོད་དྲུག་པར་ནམ་མ་ལངས་གོང་། དཔོན་དམག་ཚོ་སྒར་རྒྱག་པའི་དམག་ཚུགས་ནས་ལམ་ལ་ཆས་ཏེ་དམག་ཚུགས་དང་ས་བབ་ཀྱི་མཐོ་ཚད་སྨི3000ཙམ་ཡོད་པའི་གཡས་ལ་རི་བོ་བརྒལ་བ་དང་། “མཁའ་ལམ་གྱི་དཀྱོགས་མཚམས72”ཞེས་འབོད་པའི་ལ་ཐུར་གྱི་ལམ་དུམ་བརྒྱུད་ཅིང་། ལམ་བར་དུ་ཉེན་ཁ་ཆེ་བས་དཔོན་དམག་ཚོས་སྒམ་བརླིང་གིས་གདོང་གཏད་དེ་དུས་བདེའི་ངང་འགག་སྒོ་ལས་སྒྲོལ་ཐུབ་པ་བྱུང་ཡོད། 
           ལམ་ཧྲིལ་བོར་ལ་བརྒྱབ་ཅིང་རི་ཀླུང་བརྒལ་ཏེ་དཔོན་དམག་གིས་དུས་ཡུན་ཟླ་བ2ལྷག་ཙམ་རིང་ལམ་ཐག་སྤྱི་ལེ་ཁྲི་ཙམ་བསྐྱོད་མཐར། དགུན་ཁ་མ་སླེབས་གོང་དགུན་བསྐྱལ་དངོས་ཟོག་ཆེས་མཐའ་མ་ཁག་གཅིག་སོ་ལྟ་ཁང་དུ་སྐྱེལ་འདྲེན་བྱས་པ་རེད།
           ཉེ་བའི་ལོ་ཤས་རིང་། དམག་དཔུང་ས་ཚིགས་པུའུ་དེའི་རུ་མི་བརྒྱ་ལྷག་ཙམ་གྱིས་བདེ་འཇགས་ངང་སྐྱེལ་འདྲེན་གྱི་ལས་འགན་ལེགས་གྲུབ་བྱས་ཡོད་ཅིང་། རླངས་འཁོར་བཏང་ནས་ལོ་ངོ16སོང་བའི་ཁྲེན་ཡུང་གིས་རང་ཉིད་ལམ་དེའི་ཐོག་ཕར་འགྲོ་ཚུར་འོང་ག་ཚོད་བྱས་པ་དྲན་གྱི་མེད་དེ། ཁོས“ཁྲོན་བོད་གཞུང་ལམ་དུ་རླངས་འཁོར་བསྐོར་ནས་འགྲོ་སྐབས་རྗེས་སུ་མཇལ་ཡོང་ཞེས་བཤད་རྒྱུ་ཧ་ཅང་དཀའ་མོ་ཡིན། ས་མཐོའི་རླངས་འཁོར་ཁ་ལོ་པའི་དམག་མིའི་འགན་འཁྲི་ནི་འཁོར་ཤུལ་རེ་རེ་འདིའི་ཁྲོད་དུ་ཡོད”ཅེས་དམག་ཁོངས་ནས་ཕྱིར་ཐོན་ནས་ཕ་ཡུལ་དུ་ལོག་སྐབས། ཁྲེན་ཡུང་གིས་མིག་ཆུ་དབང་མེད་དུ་ཤོར་བཞིན་ཞེན་ཆགས་ནས་འབྲལ་མི་ཕོད་པར་གྱུར།
རྩོམ་སྒྲིག་པ། བདེ་སྒྲོལ།