དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་རྣམ་གྲངས་གལ་ཆེན་གྱི་ཨར་ལས་པར་གཟིགས་པར་ཕེབས་པ།

སྤེལ་དུས 2021-01-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།

        ཟླ་1ཚེས་2ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷ་ས་ནས་གཞིས་རྩེ་བར་གྱི་གནམ་ཐང་དུམ་བུའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་ཕེབས་ནས། ལྗོངས་ཡོངས་ཀྱི་རྣམ་གྲངས་གལ་ཆེན་གྱི་ལས་གྲྭ་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་ནས། འཐབ་ཕྱོགས་དང་པོའི་ལས་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་དང་སྦྲགས། ཚང་མ་དང་ལྷན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་2021ལོའི་ལོ་གསར་གྱི་ཤིས་ཚིག་སློབ་སྦྱོང་གནང་སྟེ། ཁོང་ཚོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཆེན་གྱི་སྨོན་འདུན་ཞུ་ལུགས་དང་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་མཚོན་པར་གནང་བ། འདི་ནི་ཝུའུ་དབྱིང་ཅེས་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།
        གནམ་ལོ་གསར་ཚེས་རིང་། རང་ལྗོངས་ཀྱི་རྣམ་གྲངས་གལ་ཆེན་ཁག་གི་ཨར་ལས་པ་དང་། ལྟ་འདོམས་མི་སྣ། ཞིང་པ་ལས་མི་བཅས་ཀྱིས་རང་འགུལ་ངང་ངལ་གསོའི་དུས་ཚོད་བློས་བཏང་ནས། རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་སྐད་གྲགས་མེད་པར་དཀའ་སྤྱད་ངལ་རྩོལ་བྱེད་བཞིན་ཡོད་ཅིང་། ཚེས་2ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷ་ས་ནས་གཞིས་རྩེ་བར་གྱི་གནམ་ཐང་དུམ་བུའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་ཕེབས་ནས། ལྗོངས་ཡོངས་ཀྱི་རྣམ་གྲངས་གལ་ཆེན་གྱི་ལས་གྲྭ་འཛུཌ་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་ནས། འཐབ་ཕྱོགས་དང་པོའི་ལས་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་དང་སྦྲགས། ཚང་མ་དང་ལྷན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་2021ལོའི་ལོ་གསར་གྱི་ཤིས་ཚིག་སློབ་སྦྱོང་གནང་སྟེ། ཁོང་ཚོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཆེན་གྱི་སྨོན་འདུན་ཞུ་ལུགས་དང་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་མཚོན་པར་གནང་བ་རེད།
        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བརྟག་ཞིབ་ལ་ལྷན་དུ་ཕེབས་ཡོད་པ་རེད།
        ལྷ་ས་ནས་གཞིས་རྩེ་གནམ་ཐང་ལམ་དུམ་བར་གྱི་གཞུང་ལམ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཤེལ་གྲོང་གྲོང་ཚོ་ནས་འགོ་ཚུགས་པ་དང་། ལམ་བར་དུ་ཆུ་ཤུར་དང་། ཁ་རག སྙེ་མོ། རིན་སྤུངས། སྟག་གྲུ་ཁ་བཅས་བརྒྱུད་དགོས་པ་དང་། མཐའ་ཚུགས་གཞིས་རྩེ་གནམ་ཐང་གནས་ཡུལ་ཉ་མོ་ཤང་ཡིན་ཞིང་། གཞིས་རྩེ་གནམ་ཐང་ནས་གཞིས་རྩེའི་གཞུང་ལམ་སྦྲེལ་མཐུད་ཐུབ་ཡོད་པ་དང་། གཞུང་ལམ་གཙོ་བོའི་ལམ་ཐག་རིང་ཚད་སྤྱི་ལེ་166.747ཟིན་ཡོད། འདི་ནི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཞུང་ལམ་འགྲིམ་འགྲུལ་འཆར་འགོད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་རེད།
        གཟིགས་པ་དང་འཚམས་འདྲི་གནང་རིང་། ཝུའུ་དབྱིང་ཅེས་ཨར་ལས་པ་དང་། ལྟ་འདོམས་མི་སྣ། ཞིང་པ་ལས་མི་བཅས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས། ཚང་མའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཉེ་བའི་ལོ་ཤས་རིང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལས་ཞུགས་བརྟན་པོ་ཐུབ་ནས་ཉིན་རེར་གླ་ཆ་སྒོར་260རག་པ་མཁྱེན་རྟོགས་བྱུང་རྗེས། ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་འཇུན་པ་གྲོང་ཚོའི་མང་ཚོགས་ཀྱི་འགྲིམ་འགྲུལ་འགྲོ་སྐྱོད་ཀྱི་འགྱུར་ལྡོག་དཔེ་དྲངས་ནས་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཕྱིན་པ་དེས་ཚང་མའི་ཐོན་སྐྱེད་དང་འཚོ་བར་བྱུང་བའི་སྟབས་བདེ་གསུངས་ནས། 
        ཁོང་ཚོར་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཀྲུང་གོ་གུང་ཁྲན་ཏང་ལ་བརྟེན་ནས་བྱུང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བའི་འབྲས་བུ་ཞིག་ཡིན་པ་གསལ་པོར་ཤེས་པ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པ་དང་། འཚོ་བ་ནི་ངལ་རྩོལ་ལ་བརྟེན་ནས་བྱུང་བ་གསལ་པོར་ཤེས་པ་བྱས་ནས་འདུ་ཤེས་འགྱུར་བ་དང་། དཀའ་སྤྱད་ལས་བརྩོན་བྱེད། རང་ཉིད་ཀྱི་འབད་འཐབ་ལ་བརྟེན་པ་བཅས་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་སྐུལ་ལྕག་གནང་བ་རེད།
        བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་བྱ་གཞག་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རིམ་ཁག་འགྲིམ་འགྲུལ་སྡེ་ཚན་དང་རྒྱ་ཆེའི་འགྲིམ་འགྲུལ་ལས་བྱེད་པ་དང་ལས་བཟོས་གོ་སྐབས་དམ་འཛིན་དང་འབད་བརྩོན་ཧུར་ཐག་བྱས་ཏེ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཐབས་བརྒྱ་ཇུས་སྟོང་ངང་སེལ་བ་དང་། ལྗོངས་ཡོངས་ཀྱི་ལམ་དྲའི་གྲུབ་ཆ་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ། འགྲོ་ལམ་ཤར་གཏོང་གི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ། ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་འཕྲལ་སྡོམ་འགན་ལེན་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་དར་རྒྱས་ཀྱི་ཐབས་ཇུས་ལག་བསྟར་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ། དམངས་ཕྱུག་མཐའ་བརྟན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།
        ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་དམིགས་ནས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གལ་ཆེན་ཁག་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཐུན་སྒྲིལ་གྱི་ལམ་བུ་དང་བདེ་སྐྱིད་ཀྱི་ལམ་བུ་དེ་བས་མང་བ་སྐྲུན་དགོས་པའི་ནན་བཤད་གནང་ཡོད། ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་དེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི་མཚོན་རྟགས་རང་བཞིན་གྱི་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལས་གྲྭ་ཞིག་ཡིན་པ་དེས་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་དང་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། “དཀྲིས་པ་གསུམ་དང་ཕན་པ་གཅིག”གི་འགན་འཁྲི་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱེད་པ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། ཐམས་ཅད་དོན་དངོས་ནས་འགོ་རྩོམ་རྒྱུ་མཐའ་འཁྱོངས་བྱེད་པ། ཉམས་མྱོང་ལ་ཕྱོགས་སྡོམ་རྒྱུན་ཆད་མེད་པར་བྱེད་པ། རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལས་གྲྭའི་འཕེལ་རིམ་དང་ཨར་ལས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་དང་། ཏང་གི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། མང་ཚོགས་ཀྱིས་ཕན་པ་གང་ནས་བྱུང་བ་དང་། སུ་ལ་ཕན་པ་ཐོབ་པ། དྲིན་ལན་སུ་ལ་འཇལ་བ་བཅས་གསལ་པོ་ཤེས་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིར་གུས་ཞེན་དང་ཏང་ཀྲུང་དབྱང་ལ་བརྩི་བཀུར་ཞུ་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཀྱི་ནུས་པ་མཐོ་རུ་གཏོང་དགོས། སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། གངས་ལྗོངས་ས་མཐོའི་རི་ཀླུང་ཀུན་དང་རྩྭ་རྩི་ཤིང་ཚང་མ་སྲུང་སྐྱོང་ཡག་པོ་བྱེད་དགོས། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་གྲོང་གསེབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས། རྣམ་གྲངས་གལ་ཆེན་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་། མ་དངུལ་གྲོན་ཆུང་ཏན་ཏིག་བྱེད་པ། མ་དངུལ་བསྡུ་སྒྲིལ་ནུས་ལྡན་བྱེད་པ། གྲོང་གསེབ་དར་རྒྱས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྤྱི་པའི་ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ལས་རིགས་ལག་རྩལ་སློབ་གླིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་ས་དང་། རང་ས་རང་ཡུལ་ནས་མ་བྲལ་བར་ལས་ཤེས་པ་དང་ལས་འཇོན་པ་བཅས་ཀྱི་སྒོ་ནས་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ་འབབ་འཕར་ཕྱུག་འགྱུར་རྒྱུན་མཐུད་བརྟན་པོ་ཡོང་བ་བྱེད་དགོས། ཨར་ལས་ཚན་པའི་བྱེད་པོའི་འགན་འཁྲི་དང་འགན་ནུས་སྡེ་ཚན་གྱི་དོ་དམ་འགན་འཁྲི་ནན་དུ་བཏང་སྟེ། “གནད་སྨིན་དང་། ཞིབ་ཚགས། ནན་པོ། ཏན་ཏིག”བཅས་ཀྱི་བླང་བྱ་ལྷུ་ཚིགས་ཁག་ལ་ཁྱབ་པར་བྱས་ནས། རྩེར་སོན་ལས་གྲྭ་དང་། སྤུས་རྟགས་ལས་གྲྭ སྤྱོད་གཙང་ལས་གྲྭ་བཅས་ཧུར་ཐག་བཏོད་ནས་རྣམ་གྲངས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།