དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་གྲོང་ཁྱེར་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་དོན་ཆེན་བཞིར་དམིགས་ནས “བསམ་ཚུལ”བརྗོད་པ།

སྤེལ་དུས 2021-01-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

          ཚོགས་འདུའི་ཡུལ་དངོས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས11ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་གྲོང་ཁྱེར་ལྷ་ས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་དེ་ལྷ་སར་འཚོགས་ཤིང་། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་སོགས་དོན་ཆེན་བཞིར་དམིགས་ཏེ། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཐབས་ཇུས་ཀྱི་བཀོད་སྒྲིག་ལྟར། བློ་དཀར་སེམས་དཀར་གྱིས་ལས་འགན་བསྒྲུབས་པ་དང་། འགན་འཁྲི་འཁུར་ཞིང་འཇོན་ཐང་ལྡན་པའི་ངང་མི་དམངས་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་བ་རེད། 
          དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་ནུས་ལྡན་སྒོས་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་སྲིད་གྲོས་ཨུ་ཡོན་ཁག་གཅིག་རྩ་འཛུགས་བྱས་ཏེ་མཉམ་འབྲེལ་རྟོག་ཞིབ་ཚོགས་པ་བཙུགས་ནས་དམངས་གཉེར་ཁེ་ལས20ལྷག་ལ་ཆེད་དོན་རྟོག་ཞིབ་བྱས་ཤིང་། སྲིད་གྲོས་ཨུ་ཡོན་ཚེ་རིང་བཟང་པོས་བཤད་རྒྱུར། “རྟོག་ཞིབ་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་གིས་ཚོང་གཉེར་གྱི་ཁོར་ཡུག་དངོས་གནས་ཇེ་ལེགས་སུ་གཏོང་བའི་འགན་འཁྲི་གཙོ་བོ་རང་ལུས་སུ་འཁུར་ཏེ། དམངས་གཉེར་ཁེ་ལས་ཀྱི་གཞི་རྒྱ་དང་སྤྱི་གྲངས་མུ་མཐུད་དུ་རྒྱ་བསྐྱེད་བཏང་ནས་བྱས་རྗེས་བཞག་པའང་ཇེ་ཆེ་ནས་ཇེ་ཆེ་རེད”ཅེས་བཤད།
          “ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་ནི་ལྷ་ས་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་སྤོ་བའི་དུས་སྐབས་ཤིག་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱིས་དག་ཞིང་བདེ་ཐང་གི་ཐོན་ལས་དང་། རིག་གནས་ཡུལ་སྐོར་ཐོན་ལས་གཉིས་སྲོག་ཤིང་བྱས་པའི་སྐུལ་ཁྲིད་རྣམ་པའི་ཐོན་ལས་དང་། ཚོང་ཟོག་དངོས་ཟོག་ཐོན་ལས་དང་། འཐབ་ཇུས་རང་བཞིན་གྱི་ཐོན་ལས་གསར་པ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས། འཐབ་ཇུས་ཀྱི་ཐོན་ཁུངས་རྣམ་པའི་ཐོན་ལས་བཅས་རམ་འདེགས་ཀྱི་ཐོན་ལས་བཞི་བོའི “2+4”ཡི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་ཅིག་གྲུབ་པ་རེད། བཟོ་ཚོང་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཀའོ་ཧོས་ཀྱིས་ཁྱད་ལྡན་དང་ཁྱད་ཐོན་གྱི་ཐོན་ལས་འཕེལ་རྒྱས་དང་རྒྱ་ཆེར་གཏོང་བ་ནི་དུས་ཡུན་རིང་པོའི་ལས་ཀ་ཞིག་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་དེ་གཙོ་གནད་ཀྱི་གསོ་སྐྱོང་དུས་སྐབས་ནས་བར་བརྒལ་རྣམ་པའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་མགྱོགས་པོ་བརྒལ་དུ་འཇུག་དགོས་ཞེས་གྲོས་གཞི་བཏོན། 
          དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། ང་ཚོའི་སྐྱེ་ཁམས་ཁོར་ཡུག་གིས་ཀྱང་གནོན་ཤུགས་དེ་བས་ཆེན་པོར་གདོང་གཏད་ཀྱི་ཡོད་ཅིང་། ཞིང་འབྲོག་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་རིག་འཛིན་གྱིས་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་འབད་པ་ཆེན་པོས་སྤེལ་བ་བརྒྱུད།  གྲོང་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ནང་ཞུགས་བྱས་ཏེ། མུའུ600ཡི་ས་རྒོད་སྔོ་ལྗང་ལྗང་གི་སྡོང་རར་གྱུར་དུ་བཅུག ཁོས་བཤད་རྒྱུར། “ང་ཚོས་རང་ཉིད་ཀྱི་དངོས་ཡོད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱ་བར་སྟོབས་ཤུགས་ཙམ་ཕུལ་བ་ཡིན”ཞེས་བཤད།
          2020ལོའི་ལོ་འགོར།  གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་རྒྱལ་ཡོངས་སུ་ཁྱབ་ཅིང་། གསོ་བ་རིག་པའི་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་སྤེན་པ་སྒྲོལ་མས་བཤད་རྒྱུར། “ལྷ་ས་གྲོང་ཁྱེར་དེ་རྒྱལ་ཡོངས་ཀྱི་སྨན་བཅོས་ཀྱི་ཆ་རྐྱེན་ཅུང་རྗེས་ལུས་ཡིན་པའི་ས་ཁུལ་ཞིག་ཡིན་པའི་ཆ་ནས། ང་ཚོས་དེ་བས་ཀྱང་སྐྱིད་པའི་དུས་སུ་ཉེན་ཁ་བརྗེད་མི་ཉན་པ་དང་ཉེན་ཟོན་གྱི་ཅོང་བརྡ་ཡུན་རིང་པོར་གྲགས་སུ་འཇུག་པ། སྔོན་འགོག་བྱ་རྒྱུ་གཙོ་བོར་བཟུང་ནས་རང་ཉིད་ཀྱི་མི་འདང་བའི་ཆ་ཁ་གསབ་བྱས་ཏེ། སྤྱི་པའི་འཕྲོད་བསྟེན་གྱི་དོ་དམ་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས”ཞེས་བཤད།
རྩོམ་སྒྲིག་པ། སྣང་རྡོར།