དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁྲིམས་འཛིན་སྟོབས་ཤུགས་གཅིག་སྒྲིལ་སྟེ། 2020ལོའི་ལྷ་སའི་ཞིབ་དཔྱོད་དང་ཁྲིམས་ཁང་གཉིས་ཀྱིས་ལས་དོན་སྙན་ཞུ་མྱུར་ཀློག

སྤེལ་དུས 2021-01-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས12ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དྲུག་པས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུར་གསན་པ་རེད།

ཚོགས་འདུའི་ཡུལ་དངོས།
           ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལི་ཧྲི་རོང་གིས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་ཕུལ་བར། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་དོན20371བདག་སྤྲོད་བྱས་ཤིང་དེ་ནི་དུས་མཉམ་དང་བསྡུར་ན16.71%འཕར་ཡོད་པ་དང་། གྱོད་དོན་རིགས17582འདྲི་རྩད་ཐག་གཅོད་བྱས་ཤིང་ཐག་གཅོད་བྱེད་ཚད86.31%རེད།
           2020ལོར་ལྷ་ས་གྲོང་ཁྱེར་རིམས་ནད་དང་འབྲེལ་བའི་ནག་ཉེས་ལ་རྡུང་རྡེག་ནན་མོ་བཏང་བ་སྟེ། ཁྲེན་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཉིན་གསུམ་རིང་བོད་རང་སྐྱོང་ལྗོངས་ཀྱི་རིམས་ནད་འགོག་སྲུང་གི་བྱེད་ཐབས་ལ་དམིགས་ནས་གཞུང་དོན་སྒྲུབ་པར་གནོད་རྐྱེན་བཟོ་བའི་ནག་ཉེས་གྱོད་གཞི་ཐོག་མ་དེ་འདྲི་རྩད་ཐག་གཅོད་བྱས་པ་དང་། ལྗོངས་ཡོངས་ཀྱི་ཤེས་རབ་ཁྲིམས་ཁང་འཛུགས་བསྐྲུན་གྲུབ་འབྲས་འཁོར་སྐྱོད་བྱས་ཤིང་། རྒྱང་རིང་དང་ཁོངས་བརྒལ་གྱིས་གྱོད་དོན142ཐོ་འགོད་བྱས་པ་དང་། དྲ་ལམ་ཁྲིམས་ར་ནས་གྱོད་དོན665འདྲི་གཅོད་བྱས་པ་རེད།
           འདྲི་གཅོད་འགན་འཁྲི་གཙོ་བོ་དང་ཕྱོགས་ཡོངས་ནས“འགག་སྒྲོལ་གྱི་དམག་ཐབས་ཆེན་པོ་གསུམ”ལ་རྒྱལ་ཁ་ཐོབ་ཆེད། 2020ལོར་ལྷ་ས་གྲོང་ཁྱེར་གྱིས་དངུལ་རྩའི་གྱོད་གཞི227དང་དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་གྱི་རྩོད་གཞི1415ཞིབ་གཅོད་མཇུག་སྒྲིལ་བྱས་པ་དང་། ངལ་རྩོལ་ངལ་ནུས་གན་རྒྱའི་རྩོད་གཞི1882ཞིབ་བཤེར་ལག་བསྟར་མཇུག་འགྲིལ་ནས་ལས་མི་ཚོར"རྔུལ་ཁྲག་བཞུར་བའི་དངུལ་ལོར"སྒོར་ཁྲི8675ལྷག་ཙམ་ཚུར་ལེན་ཐུབ་ཡོད།
           འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམ་པོར་དམིགས་པ་དང་། ཁྲིམས་འཛིན་གྱོད་གཞི་དམ་འཛིན་ནན་པོ་བྱས་ཡོད། 2020ལོར། ལྷ་ས་གྲོང་ཁྱེར་གྱིས་འདྲི་རྩད་རིམ་པ་དང་པོ་དང་གཉིས་པ་བརྒྱུད་ཉེས་དོན་གྱོད་གཞི631དང38དང་། ཁྲིམས་འགལ་དྲག་སྤྱོད་བྱས་ཉེས་ཚབས་ཆེན77དང་མི་སྣ95    རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ནག་ཉེས20དང་མི་སྣ24    དམངས་གྲོས་གྱོད་དོན་རིགས10260      སྲིད་འཛིན་གྱོད་དོན72འདྲི་རྩད་ཐག་གཅོད་བྱས་པ་དང་། ལག་བསྟར་བྱེད་དགོས་པའི་གྱོད་དོན5426ལག་བསྟར་ཐག་གཅོད་བྱས་ཡོད།
           ཁྲིམས་འཛིན་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་འཛིན་གྱི་ཐོབ་ཚོར་མཐོར་འདེགས་གཏོང་པ་སྟེ། 2020ལོར། ཞུ་གཏུགས་ཞབས་ཞུ་ལྟེ་གནས་ཀྱིས་ཁྱོན་བསྡོམས་གྱོད་དོན14450བདག་སྤྲོད་བྱས་པ་དང་ཉིན་དེར་བདག་སྤྲོད་བྱེད་ཚད94%ཟིན་ཡོད་པ། མང་ཚོགས་ཁྲི5.5ལྷག་ལ་སྣེ་ལེན་བྱས་ཡོད་ཅིང་། མི་དམངས་ཁྲིམས་ཁང་གིས་རྩོད་གཞི་རིགས966ཐག་གཅོད་བྱས་པ།  རླངས་འཁོར་ཚན་རྩལ་འཁོར་རྒྱུགས་ཁྲིམས་ཁང་ལམ་ཐག་སྤྱི་ལེ4ལྷག་ལ་འགྲུལ་བཞུད་བྱས་ཏེ་འགལ་ཟླའི་རྩོད་གཞི་རིགས465འདུམ་འགྲིག་ཐག་གཅོད་བྱས་པ། ཁྲིམས་རྩོད་པའི་ལས་སྒྲུབ་ས་ཚུགས་ཀྱིས་གྱོད་དོན1423འདུམ་འགྲིག་བྱས་ཡོད་པ་རེད།

ཚོགས་འདུའི་ཡུལ་དངོས།
           ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་དཔྱོད་དཔོན་མཱ་བསྟན་འཛིན་གྱིས་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་ཕུལ་བར། 2020ལོར་ཁྱོན་གྱོད་དོན་རིགས3316ཐག་གཅོད་བྱས་ཤིང་། དུས་མཉམ་དང་བསྡུར་ན16%མར་ཆག་ཡོད་པ་རེད།
           2020ལོར། ལྷ་ས་གྲོང་ཁྱེར་གྱིས་དུས་ཀུན་ཏུ་ནག་ཉེས་ལ་ཆད་པ་ནན་མོ་གཅོད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཉེས་དོན་གྱོད་གཞི269ཡི་མི་སྣ344འཛིན་བཟུང་ལ་ཆོག་འཐུས་བྱས་པ་དང་།  ཁྲིམས་ལྟར་ནག་ཚོགས་སྟོབས་ཤུགས་ཀྱི“འགེབ་སྲུང་པ”4འདྲི་རྩད་ཐག་གཅོད་བྱས་པ།སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས་ཞིབ་བཤེར་གོང་གཏུགས་གནང་པའི་ལས་གནས་ཀྱི་ནག་ཉེས་གྱོད་གཞི10དང་མི་སྣ10བདག་སྤྲོད་བྱས་པ་དང་། གྱོད་གཞི8དང་མི་སྣ9ཁྲིམས་སྦྱོར་གནང་ཡོད་པ་རེད།
           “འགག་སྒྲོལ་དམག་འཐབ་ཆེན་མོ་གསུམ་ལ”རྒྱལ་ཁ་ལེན་པར་ཞབས་ཞུ་བྱེད་པའི་ཐད། ཚོང་རའི་དཔལ་འབྱོར་གྱི་གོ་རིམ་ལ་གཏོར་བརླགས་གཏོང་པའི་ཉེས་ཅན་མི་སྣ52ཁྲིམས་སྦྱོར་བྱས་པ་དང་། སྤྱི་དབང་མ་ཡིན་པའི་ཁེ་ལས་དང་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་པའི་ཉེས་ཅན3ཁྲིམས་སྦྱོར་གནང་པ། གྲོང་ཁྱེར་དུ་ངལ་ལས་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་པའི་ཉེས་ཅན་ཁྲིམས་སྦྱོར་བྱས་པ། ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱིས་སྤྱི་ཕན་ཁྲིམས་སྦྱོར་གྱོད་གཞིའི་ཁུངས་སྣེ165རྩད་ཞིབ་བྱས་ཏེ་གྱོད་དོན82ཐོ་འགོད་བྱས་པ་རེད།
           “འཛིན་བཟུང་ཇེ་ཉུང་དང་ཁྲིམས་སྦྱོར་གཟབ་ནན”གྱི་ཁྲིམས་འཛིན་བསམ་ཕྱོགས་ལག་བསྟར་བྱས་ཏེ། མི་སྣ247འཛིན་བཟུང་མ་བྱས་པ་དང་མི་སྣ116ཁྲིམས་སྦྱོར་བྱས་མེད་ཅིང་། ལོ་ཧྲིལ་པོར་ནག་ཉེས་དང་ཆད་པ་ངོས་ལེན་གྱིས་གྱོད་དོན531དང་མི་སྣ638ལ་ཁྲིམས་ཇེ་ཡང་དུ་བཏང་པ་དང་། ལོ་ན་མ་རན་པར་གནོད་འཚེ་གཏོང་པའི་གྱོད་དོན་ལ་ཁྲིམས་ཆད་ནན་མོ་བཅད་དེ་མི་སྣ29འཛིན་བཟུང་བྱས་པ་དང་མི་སྣ30ཁྲིམས་སྦྱོར་བྱས་པ་རེད།
           ཉེས་དོན་གྱོད་གཞི་ཐོ་འགོད་དང་རྩད་ཞིབ་བྱེད་སྒོའི་ལྟ་སྐུལ་ལ་ཤུགས་སྣོན་བྱས་པ་སྟེ།  གྱོད་དོན2ཐོ་འགོད་ལྟ་སྐུལ་བྱས་པ་དང་། མི་སྣ12འཛིན་ཤོར་ཐེབས་པ་དང་ཁྲིམས་སྦྱོར་བྱེད་ནོར་ཤོར་པར་ཡོ་བསྲང་གནང་པ། ཁྲིམས་ཁང་གི་ཐག་གཅོད་ངོས་ལེན་མི་བྱེད་པའི་གྱོད་དོན62ལ་ལྟ་སྐུལ་བྱས། དམངས་དོན་ལག་བསྟར་གྱོད་དོན3ཐག་གཅོད་ལ་ལྟ་སྐུལ་བྱས། ཁྲིམས་ལྟར“སྤྱི་བའི་ཁེ་ཕན་གྱི་འཐུས་ཚབ་པའི”འགན་འཁྲི་ལག་བསྟར་བྱས་ཏེ་གྱོད་དོན110ཐོ་འགོད་གནང་ཞིང་། ལྷ་ས་གྲོང་ཁྱེར་གྱི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པའི་སྲིད་འཛིན་སྤྱི་ཕན་ཁྲིམས་སྦྱོར་གྱོད་གཞི་ཐོག་མ་བཅས་འགན་སྒྲུབ་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།