དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེ་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོའི་མང་ཚོགས་ལ་གཟིགས་པར་ཕེབས་པ།

སྤེལ་དུས 2021-02-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རླངས་འཁོར་ནང་བཞུགས་ནས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོར་ཕེབས་ཏེ། གཞི་རིམ་མང་ཚོགས་ལ་འཚམས་འདྲི་ཞུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་གནང་བ་དང་སྦྲགས། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་སྨོན་འདུན་ཞུས་གནང་བ་མ་ཟད། བོད་ལྗོངས་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཡང་ཞུས་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་མཉམ་དུ་ཕེབས་པ་རེད།

འདི་ནི་ཝུའུ་དབྱིང་ཅེས་སྤེན་པའི་ཁྱིམ་དུ་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ་གྲོང་ཚོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
          གཙང་ཞིང་གྲལ་འགྲིག་པའི་པད་ནག་གྲོང་ཚོའི་གང་སར་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། གྲོང་མི་སྤེན་པ་དང་ཚེ་རིང་ཟླ་བས་གཟབ་མཆོར་སྤྲས་ཏེ། དཀར་གཙང་མཇལ་དར་བསྒྲོན་པ་དང་། བཀྲ་ཤིས་ཕྱེ་མར་དང་། ཞིམ་མངར་མཆོད་ཆང་བཀྱགས་ནས་ཝུའུ་དབྱིང་ཅེ་དང་བཅས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད། ཝུའུ་དབྱིང་ཅེས་ཚང་མར་སྨོན་འདུན་ཞུས་རྗེས་བྱམས་བརྩེའི་གླེང་མོལ་གནང་ནས་གྲོང་ཚོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
          “ད་ཆ་འཚོ་བ་གང་འདྲ་འདུག་གམ” “ཏང་དང་སྲིད་གཞུང་གིས་ད་དུང་ཐག་གཅོད་བྱེད་དགོས་པ་གང་ཞིག་འདུག་གམ”ཞེས་ཝུའུ་དབྱིང་ཅེས་ཐུགས་བརྩེ་ཆེན་པོས་བཀའ་འདྲི་གནང་།
          “ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་འདུག གྲོང་ཚོར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་། དུད་ཚང་ཚང་མར་རང་འབབ་ཆུ་ཀ་ལ་ཡོད་པ། སྤྱོད་གོ་ཆོད་པའི་ཁྱིམ་ཆས་མང་པོ་ཉོས་པ། སྔོན་ཐོན་དང་སྟབས་བདེའི་གློག་ཆས་སྤྱོད་བཞིན་ཡོད། ཚང་མས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད”ཅེས་ཕ་ཡུལ་གྱི་འགྱུར་ལྡོག་སྐོར་གླེང་སྐབས་སྤེན་པས་དགའ་ཚོར་ཆེན་པོས་བརྗོད་པ་རེད།
          “ང་རང་ཁ་ལག་བཟོ་རྒྱུར་ཧ་ཅང་དགའ་པོ་ཡོད། ད་ཆ་ལྷ་སར་མ་བྱན་བྱེད་པར་ཟླ་རེར་གླ་ཆ་སྒོར་8000ཡས་མས་ཡོད་པས་འཚོ་བར་བློ་ཡིད་ཚིམ་པོ་འདུག སླད་ཕྱིན་ངས་ད་དུང་ལག་རྩལ་བྱང་ཆུབ་ཏུ་འགྲོ་རྒྱུར་འབད་བརྩོན་བྱས་ཏེ། མི་དེ་བས་མང་བར་རང་གིས་བཟོས་པའི་ཚལ་གྱི་བྲོ་བ་མྱོང་དུ་འཇུག་རྒྱུ་དང་། རང་ཉིད་ལ་ཡོང་འབབ་དེ་བས་མང་བ། ནང་མིའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱ་རྒྱུ་ཡིན”ཞེས་སྤེན་པའི་བུ་བློ་བཟང་བཀྲ་ཤིས་ཀྱིས་ཧྲུའུ་ཅི་ཝུའུ་དབྱིང་ཅེར་འཚོ་བ་དང་ལས་ཀའི་སྐོར་སྙན་སེང་ཞུས།
          ཝུའུ་དབྱིང་ཅེས་གསན་རྗེས་དགྱེས་ཚོར་ཆེན་པོས་སྤེན་པའི་ཁྱིམ་ལ་གཙོ་འཛིན་གྱི་སྐུ་པར་གནང་བ་དང་། དེ་བཞིན་ཚང་མར་སླད་ཕྱིན་ཞིང་འབྲོག་མང་ཚོགས་ལྷ་ས་གྲོང་ཁུལ་དུ་སྐྱོད་སྐབས་རིན་མེད་ངང་རླངས་འཁོར་འཇོག་ཆོག་པའི་སྐོར་གྱི་གཏམ་བཟང་ཞིག་གསུངས་པ་རེད། ཁོང་གིས་འཛུམ་དམུལ་དམུལ་ངང་བློ་བཟང་བཀྲ་ཤིས་ལ“ཁྱེད་ཚོས་བརྗོད་པའི་བདེ་སྐྱིད་དེ་དག་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོར་མ་གཏོགས་མེད་པའི་མི་ཡུལ་གྱི་ངོ་མཚར་ཞིག་རེད། ང་ཚོས་དུས་ནམ་ཡང་གུང་ཁྲན་ཏང་གི་བཀའ་དྲིན་བརྗེད་མི་རུང་ལ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་དེ་བས་གཅེས་སྤྲས་དང་། བརྟན་ལྷིང་མཐུན་སྒྲིལ་གྱི་རྣམ་པ་བཟང་པོར་དེ་བས་གཅེས་སྤྲས། ཁྱིམ་ཚང་དང་། ཁྱིམ་སྲོལ། ཁྱིམ་ཚང་སློབ་གསོ་བཅས་ལ་དེ་བས་སྣང་ཆེན་བཅས་བྱེད་དགོས། གཞན་ཡང་ཕ་མར་བསྙེན་བཀུར་ཡག་པོ་ཞུས་ནས་ཚེ་མཇུག་བདེ་ལ་རོལ་རྒྱུ་ཡོང་བ་བྱེད་པ་དང་ཕྲུ་གུར་སློབ་གསོ་ཡག་པོ་བརྒྱབ་ནས་ཕྲུ་གུ་སྐྱོན་བྲལ་ངང་འཚར་ལོངས་ཡོང་ཆེད་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་དགོས”ཞེས་གསུངས་པ་རེད།
          ཝུའུ་དབྱིང་ཅེས་ད་དུང་ཚེ་རིང་ཟླ་བའི་ཁྱིམ་དུ་ཕེབས་ནས་ཁོང་གི་སྡོད་ཁང་གསར་པར་གཟིགས་པ་མ་ཟད། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཡང་མཁྱེན་རྟོགས་གནང་བ་རེད། ཚེ་རིང་ཟླ་བས་གྲོང་མིའི་སྡོད་ཁང་གི་འཛུགས་སྐྲུན་ལས་གྲྭ་འགན་གཙང་བླངས་པ་བརྒྱུད། གྲོང་མི་40ལ་ལས་ཞུགས་འབབ་འཕར་བྱུང་བ་དང་རང་ཉིད་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་ཀྱང་སྒོར་ཁྲི་12ཟིན་པ་མཁྱེན་རྟོགས་བྱུང་རྗེས། ཝུའུ་དབྱིང་ཅེས་ཁོང་ལ་ཡག་པོ་བྱུང་འདུག་ཅེས་བསྔགས་བརྗོད་ཡང་ཡང་གནང་བ་མ་ཟད། ད་དུང་ཁོང་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་མང་ཚོགས་དེ་བས་མང་བ་མཉམ་དུ་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད། འབྲེལ་ཡོད་སྡེ་ཚན་ལ་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚེ་རིང་ཟླ་བས་གྲོང་མི་ཕྱུག་པོ་ཆགས་པར་སྣེ་ཁྲིད་བྱེད་རིང་འཕྲད་པའི་དཀའ་ངལ་སེལ་རོགས་ཏན་ཏིག་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།
          ཝུའུ་དབྱིང་ཅེས་ཞིང་འབྲོག་ཁུལ་གྱི་མང་ཚོགས་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་དཀྲིས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ལས་འགན་ཞིག་རེད། “ལྟོ་གོས་ཀྱི་གནད་དོན”ཐག་གཅོད་བྱེད་དགོས་ལ། “བསམ་བློའི་གནད་དོན”ཐག་གཅོད་བྱ་རྒྱུར་དེ་བས་ཀྱང་སྣང་ཆེན་བྱེད་དགོས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། སྲིད་ཇུས་འགྲེལ་བཤད་དང་དྲིལ་བསྒྲགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། མི་རིགས་ཁག་གི་མང་ཚོགས་ལ“མོས་སེམས་ལྔ”བརྟན་དུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་པ་ལས་ཐོན་པའི་ཤུགས་རྐྱེན་ངན་པ་སེལ་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་བཅས་བྱས་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས་ཞེས་བསྟན་གནང་བ་རེད།
          ལྷ་ཉིང་མྱུར་བགྲོད་གཞུང་ལམ་ལྷ་ས་དུམ་བུའི་རིམ་པ་དང་པོའི་སྤྱི་བདེའི་ཞིབ་བཤེར་ས་ཚིགས་སུ། ཝུའུ་དབྱིང་ཅེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ནན་ཏན་ངང་གཟིགས་པ་དང་རྒྱ་ཆེའི་འཐབ་ས་དང་པོའི་ལས་སྒྲུབ་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།
རྩོམ་སྒྲིག་པ།  རིག་གྲོལ།