དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་མགྱོགས་མྱུར་འཛུགས་སྐྲུན་བྱེད་བཞིན་པ།

སྤེལ་དུས 2021-03-16 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
       ■ ལྷ་ཉིང་ལྕགས་ལམ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཤིག་ཡིན་པ་དང་རིང་ཚད་ཧྲིལ་པོར་སྤྱི་ལེ་435དང་འཆར་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཡིན་པ་དེ་ནི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན།
       ■ 2020ལོའི་ལོ་མཇུག་བར། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར་312བཏང་ཟིན་པ་དེས་འཆར་འགོད་བྱས་པའི་མ་དངུལ་གྱི་90.8%བཟུང་བ་དང་ལམ་ཐིག་ཧྲིལ་པོ་2021ལོའི་ཟླ་6ཚེས་30ཉིན་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
       ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན། བོད་ལྗོངས་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་ཨར་སྐྲུན་ལམ་རྒྱུད་དུ་སྐབས་རེ་བྱེ་རླུང་འདང་བའི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལྷོ་ཁའམ་ཡང་ན་གང་སར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ཉིང་ཁྲི་གང་ཞིག་ཡིན་རུང་བཟོ་པ་ཚོས་ལས་རིམ་ཚང་མ་ནན་ཏན་ངང་ལེགས་སྒྲུབ་བྱེད་པའི་རྣམ་པ་མཐོང་རྒྱུ་ཡོད། ལྷོ་ཁ་དང་ཉིང་ཁྲི་གྲོང་ཁྱེར་འབྲེལ་མཚམས་ཀྱི་སྣང་རྫོང་གྲོང་མདའ་གྲོང་རྡལ་གྱི་གླིང་མདའ་ནང་ཕུག་ལམ་གྱི་ཨར་ལས་བྱ་ཡུལ་དུ་ཏལ་འབིགས་ཐུབ་རྗེས་ཀྱི་ལས་གྲྭའི་སྤུས་ཚད་མཐོར་གཏོང་ལས་ཀ་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་རེད།
       ཕུག་ལམ་གྱི་རིང་ཚད་ཧྲིལ་པོར་སྨི་2515དང་ས་བབ་མཐོ་ཚད་སྨི་3200ཡོད་པ་རེད། ཨར་ལས་མི་སྣ་ཁག་གཅིག་གིས་འདམ་སྟོར་འཕྲུལ་ཆས་སྤྱད་དེ་ཕུག་ལམ་གྱི་འདག་ཞལ་བཏང་ཟིན་པའི་གྱང་ངོས་སུ་ཀ་རག་བྱུག་པ་དང་བཟོ་པ་ཁག་གཅིག་གིས་སྐམ་པས་ལམ་སྟོན་བྱང་བུ་བརྟན་དུ་བཏང་རྗེས་འབིགས་ཆས་དང་གཏུབ་འཁོར་སོགས་སྤྱད་དེ་ཤུར་ངོས་ཀྱི་ཁེབས་པང་ཁོད་སྙོམས་པ་སོགས་བྱེད་བཞིན་ཡོད་པ་རེད། ཀྲུང་གོ་ལྕགས་ལམ་ཅུས་གཉིས་པས་སྐྲུན་འགན་འཁུར་བའི་གླིང་མདའ་ནང་ཕུག་ལམ་གྱི་ལེ་ལག་ཚང་བའི་སྒྲིག་ཆས་ཀྱི་སྤུས་ཚད་མཐོར་གཏོང་ལས་གྲྭ་ཟླ་2ཚེས་18ཉིན་ནས་ལས་འགོ་བསྐྱར་འཛུགས་བྱས་པ་རེད།
       ལྷ་ཉིང་ལྕགས་ལམ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཤིག་ཡིན་པ་དང་རིང་ཚད་ཧྲིལ་པོར་སྤྱི་ལེ་435དང་འཆར་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཡིན་པ་དེ་ནི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་པ་རེད།
       ལམ་ཐིག་ཧྲིལ་པོར་ཡར་ཀླུང་གཙང་པོ་ཐེངས་16སྒྲོལ་དགོས་པ་དང་། ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ། ཟམ་ཕུག་གིས་75%ཡན་བཟུང་བ་བཅས་ཡོད་མོད། འོན་ཀྱང་ཨར་ལས་ཀྱི་འཕེལ་རིམ་དང་ལས་གྲྭའི་དུས་ཡུན་ཧྲིལ་པོར་ཤུགས་རྐྱེན་ཐེབས་མེད། 2020ལོའི་ཟླ་4པར་ལམ་ཐིག་ཧྲིལ་པོའི་ཕུག་ལམ་47ཚང་མ་ཏལ་འབིགས་ཐུབ་པ་དང་། 2020ལོའི་ཟླ་6པར་རྫམ་ཡར་ཀླུང་གཙང་པོའི་ཕྱོགས་གཉིས་ཀར་བསྐྱོད་ཆོག་པའི་ཟམ་ཆེན་གྱི་གདུང་སྣེ་བདེ་བླག་ངང་མཐུད་པ་དེ་ཐོག་ནས་ལམ་ཐིག་ཧྲིལ་པོའི་ཟམ་པ་120ཚང་མའི་གྲུབ་ཆ་གཙོ་བོ་སྤྱིར་ན་ལེགས་སྒྲུབ་ཟིན་པ་མཚོན་ཐུབ།
       ཟླ་3ཚེས་1ཉིན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་ལྷ་ཉིང་ལྕགས་ལམ་ལྷོ་ཁའི་ཆན་ཕུའུ་10ཡི་གློག་སྦྱོར་ཁང་གི་བསད་སྤར་མཇུག་ཤོས་བདེ་བླག་ངང་སྒྲིག་སྦྱོར་ཐུབ་པ་དེ་ཐོག་ནས་ལྷ་ཉིང་ལྕགས་ལམ་གྱི་ཆན་ཕུའུ་10ཡི་གློག་སྦྱོར་ཁང་གིས་གློག་བདེ་བླག་ངང་གཏོང་ཐུབ་པ་མཚོན་ཡོད། གློག་སྦྱོར་ཁང་འདི་ཉིད་ལྕགས་ལམ་གྱི་འཕྲིན་གཏོང་དང་། བརྡ་རྟགས། ཚུགས་ཁུལ་གྱི་སྒུལ་ཤུགས་ཆེད་ལས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་ངོས་ནས་ལྕགས་ལམ་གློག་ཤུགས་ལས་གྲྭའི“ནུས་ཁུངས་ཀྱི་ལྟེ་གནས”ཞེས་འབོད་ཀྱི་ཡོད།
       ལོ་གསར་ཚར་རྗེས་ལྷ་ཉིང་ལྕགས་ལམ་གྱི་སྣང་རྫོང་དང་། སྨན་གླིང་། ཉིང་ཁྲི་བཅས་ཀྱི་བབས་ཚུགས་ནང་ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུས་ཀྱི་མི་སྣས་ཛ་དྲག་ངང་སྒྲིག་སྦྱོར་ཟིན་པའི་འབྲེལ་མཐུད་དྲ་བ་ལེགས་སྒྲིག་བྱེད་བཞིན་ཡོད་པ་རེད། ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུས་ལྷ་ཉིང་ལྕགས་ལམ་གྱི་གློག་ཁང་བཞི་པའི་ལས་གྲྭའི་བཀོད་འདོམས་པུའི་བཀོད་འདོམས་པ་མཱ་ལིན་གྱིས“མིག་སྔར་འབྲེལ་མཐུད་དྲ་བ་སྒྲིག་སྦྱོར་ཟིན་པ་དང་གློག་སྦྱོར་ཁང་གིས་གློག་གཏོང་ཐུབ་ནས་ཟླ་3པའི་ཟླ་མཇུག་ཏུ་གློག་ཤུགས་དང་འདྲེན་གཏོང་གློག་འདོན་གྱི་ལས་གྲྭ་ཨ་མ་སྤྱིར་ན་ཆགས་ཟིན་པ་དང་ཟླ་4པའི་ཟླ་སྨད་ནས་འདྲེན་གཏོང་གློག་སྒྱུར་ཁང་ནས་གློག་གཏོང་འགོ་ཚུགས་རྒྱུ་རེད”ཅེས་བཤད།
       ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལས་གྲྭ་ཚོགས་པས་བསྐྲུན་འགན་ཁུར་བའི་ལྷ་ཉིང་ལྕགས་ལམ་ཉིང་ཁྲི་བབས་ཚུགས་ཀྱི་གྲུབ་ཆ་གཙོ་བོ་2020ལོའི་ཟླ་6པར་ལས་མཇུག་འགྲིལ་རྒྱུ་ཡིན་པ་དང་མིག་སྔར་མཛེས་བཟོ་བྱེད་ཐེངས་གཉིས་པའི་ལས་གྲྭའི་དུས་མཚམས་སུ་སླེབས་ཡོད། ཟླ་2ཚེས་27ཉིན་ལས་འགོ་བསྐྱར་འཛུགས་བྱས་པ་དང་བསྟུན་ནས་ཉིང་ཁྲིའི་བབས་ཚུགས་ལུགས་ལྡོག་གྲངས་རྩིས་ཀྱི་ཨར་ལས་དུས་མཚམས་སུ་སླེབས་ཡོད་པ་རེད།
       གྲངས་གཞི་ལས་མངོན་གསལ། 2020ལོའི་ལོ་མཇུག་བར། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར་312བཏང་ཟིན་པ་དེས་འཆར་འགོད་བྱས་པའི་མ་དངུལ་གྱི་90.8%ཟིན་པ་དང་ལམ་ཐིག་ཧྲིལ་པོ་2021ལོའི་ཟླ་6ཚེས་30ཉིན་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཏུང་ཧྲི་ཀྲང་ལུའུ་ཏུང་ཧྥུའུ་ཡིས། འདི་ལོའི་ཟླ་7ཚེས་1ཉིན་གོང་དུ་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ནང་གློག་ནུས་ཁུངས་གཉིས་ལྡན་གྱི་སྒུལ་ཤུགས་གཅིག་སྡུད་ཤུགས་འགྲེམས་མེ་འཁོར་བོད་ལྗོངས་ལྷ་སར་ཤར་གཏོང་ཐུབ་རྒྱུ་ཡིན་པ་དེ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ལ་ཁྱབ་རྒྱུ་རེད་ཅེས་བཤད།
       བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དཔལ་འབྱོར་འཁོར་སྐྱོད་སྙོམས་སྒྲིག་ཁྲུའི་ཁྲུའུ་ཀྲང་ལི་ཏུང་ཤིང་གིས་2020ལོའི་ལོ་མཇུག་བར་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུ་དང་ལྷ་གཞིས་ལྕགས་ལམ་ཐོག་མེ་འཁོར་ལོ་14དང་ལོ་6ལྷག་ཙམ་ཁག་སོ་སོར་ཤར་གཏོང་ཟིན་ནས་དངོས་ཟོག་དང་ཡུལ་སྐོར་བ་དབོར་འདྲེན་བྱེད་ཚད་རིམ་གྱིས་འཕར་བའི་རྣམ་པ་མངོན་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། འདི་ལོ་ཤར་གཏོང་ཐུབ་རྒྱུའི་ལྷ་ཉིང་ལྕགས་ལམ་གྱིས་ལྕགས་ལམ་ལམ་རྒྱུད་ཀྱི་གཅིག་སྡུད་ཕན་ནུས་དང་ཁྱབ་འགྱེད་ཕན་ནུས་སྔར་བས་འདོན་སྤེལ་ཐུབ་སྟེ་ཉེ་འགྲམ་གྱི་ཁ་ཐོར་དུ་གནས་པའི་ཐོན་ལས་དང་མི་འབོར་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་ཐུབ་ནས་ས་ཁོངས་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཞིག་ཏུ་འགྱུར་རྒྱུར་ཁྲིད་སྟོན་ཐུབ་རྒྱུ་རེད་ཅེས་བཤད།
རྩོམ་སྒྲིག་པ། སངས་སྐྱབས།