དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ62འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ།

སྤེལ་དུས 2021-03-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རྔ་སྨད་ཤོད་གྲོང་ཚོའི་རྔ་སྨད་ཤོད་ཚོ་ཆུང་གི་ཞིང་འབྲོག་མང་ཚོགས་ཀྱིས་རྔ་སྨད་ཤོད་ཚོ་ཆུང་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱི་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་དུ“ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བ་དང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བ། དེ་བཞིན་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ62འཁོར་བར་དྲན་གསོ་ཞུ་བའི”རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་རེད།
འཁྲབ་སྟོན་ཡུལ་དངོས།
        འཁྲབ་སྟོན་བྱེད་སྒོ་དེ་རྒྱན་གོས་འཁྲབ་སྟོན《བདེ་སྐྱིད་ལྡན་པའི་འཚོ་བ》ཞེས་པ་ནས་འགོ་ཚུགས་ཤིང་། རྔ་སྨད་ཤོད་ཚོ་ཆུང་གི་ཞིང་འབྲོག་མང་ཚོགས་ཀྱིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་གར་སྟེགས་ཐོག་བསྐྱོད་པ་དང་། ངོ་མཚར་ཆེ་བའི་རྒྱན་གོས་འཁྲབ་སྟོན་གྱིས་ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ཆོས་མངོན་པར་མཚོན་པ་རེད། གླུ་གཞས《ཞབས་བྲོ་འཁྲབ་པའི་སྨར་ཁམས》དང《སེམས་ཁོང་གི་དམར་པོ》བཅས་ཀྱིས་མང་ཚོགས་ཀྱི་ཡིད་ཀྱི་དང་བ་ཅིག་ཅར་དུ་དྲངས་ཤིང་། གཞས་ཀྱི་ཚིག་རྐང་རེ་རེ་ལྟད་མོ་བའི་སེམས་ནང་ལ་སིམ། མང་ཚོགས་རང་གིས་རྩ་འཛུགས་བྱས་ནས་འཁྲབ་པའི་བཞད་གར《འདྲེ་དམག་གསོན་པོར་འཛིན་པ》ཞེས་པས་མི་རྣམས་ལ་དགོད་ཁ་ཆེན་པོ་བསླངས་པ་དང་། ཚང་མར་ད་ལྟའི་ཞི་བདེའི་སྤྱི་ཚོགས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་ཚོར་དུ་བཅུག གར་སྟེགས་ཟློས་གར《རྒན་པོ་བཞིས་དུས་རབས་གསར་པར་བསྔགས་བརྗོད་བྱེད་པ》ཞེས་པ་དང་དེ་བཞིན་གྲོང་མིས་འཁྲབ་པའི་ས་གནས་རང་གི་གནའ་བོའི་གླུ་གར《དགའ་བ་ལ》ཞེས་པ་ལས་བདེ་སྐྱིད་ཀྱི་འཚོ་བ་གསར་པར་བསྔགས་བརྗོད་དང་གུང་ཁྲན་ཏང་གི་བཀའ་དྲིན་མཚོན་པར་བྱས་པ་དང་། ཐོན་སྐྱེད་འཚོ་བའི་ཁྲོད་འཕེལ་རྒྱས་བྱུང་བའི་ཞབས་བྲོའི་རིག་གནས་སོགས་མངོན་པར་བྱས་ལ།  ཕུན་སུམ་ཚོགས་ཤིང་ངོ་མཚར་བའི་འཁྲབ་སྟོན་ལེ་ཚན་གྱིས་ཐང་ཆེན་གྱི་ཕྱོགས་བཞིའི་ལྟད་མོ་བའི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱས།
འཁྲབ་སྟོན་ཡུལ་དངོས།
འཁྲབ་སྟོན་ཡུལ་དངོས།
        རྔ་སྨད་ཤོད་ཀྱི་གྲོང་མིས་མཉམ་དུ་བཏང་བའི་གླུ་གཞས《དམག་འཐབ》ཞེས་པ་ལས་མི་རྣམས་ཀྱིས་གནའ་དུས་རྔ་སྨད་ཤོད་ཀྱི་དཔའ་བོ15ཡིས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོབ་དང་བཅིངས་འགྲོལ་དམག་མིར་སྲུང་སྐྱོབ་བྱ་ཆེད། ངོ་ལོག་དམག་མི་དང་འཐབ་རྩོད་བྱེད་སྐབས་རང་སྲོག་བློས་གཏོང་ཕོད་པ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་པའི་ཡིད་དབང་འཕྲོག་པའི་གནས་ཚུལ་དག་ཕྱིར་དྲན་བྱེད་དུ་བཅུག་ནས། འཁྲབ་སྟོན་ཧྲིལ་པོ་མཐོ་རླབས་ཀྱི་མཚམས་སུ་སླེབས་པ་རེད།  འཁྲབ་སྟོན་བྱེད་སྒོ་དེ་གླུ་གར་གྱི་ཁྲོད་ནས་མཇུག་བསྒྲིལ་ལ་ཉེ་སྐབས། དེ་གར་ཡོད་པའི་འཁྲབ་སྟོན་པ་དང་མང་ཚོགས་ཚོས་ལག་ཏུ་ཁ་བཏགས་བཟུང་སྟེ། “ནམ་ཡང་ཏང་གི་བཀའ་དྲིན་ཚོར་ཐུབ་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་སྔར་ལས་ལྷག་པར་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད་དགོས།”ཞེས་སྐད་གསང་མཐོན་པོས་བསྒྲགས་པ་རེད།