དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2021-03-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཚེས་24ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆེད་མངགས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཕེབས་ནས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་དང་། རྒྱ་ཆེའི་སྨན་དོན་མི་སྣར་འཚམས་འདྲི་གནང་བ་མ་ཟད། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣའི་འཐུས་མི་དང་བཞུགས་མོལ་ཡང་གནང་བ་རེད། འདི་ནི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་ཁང་གི་སྨན་བཅོས་ནུས་པ་འཛུགས་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
        ཚེས་24ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆེད་མངགས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཕེབས་ནས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་དང་རྒྱ་ཆེའི་སྨན་དོན་མི་སྣར་འཚམས་འདྲི་གནང་བ་མ་ཟད། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣའི་འཐུས་མི་དང་བཞུགས་མོལ་ཡང་གནང་བ་རེད།
        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
        ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གོ་སྐབས་སུ་བྱས་ཏེ། སྨན་ཁང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། 2020ལོར་ནད་སྡོད་ནད་པ་མི་ཐེངས་ཁྲི་1.1ཟིན་པ་དང་གཤགས་བཅོས་ཐེངས་3751བྱས་པ་དེ་2015ལོའི་གོང་ལས་41%དང་91%སོ་སོར་འཕར་ཡོད་པ་རེད།
        ཐོག་བརྩེགས་ཅན་གྱི་སྒོ་བསྟེན་སྨན་ཁང་དང་སྨན་བཅོས་ལག་རྩལ་ཁང་དུ། ཝུའུ་དབྱིང་ཅེས་སྨན་ཁང་གི་སྨན་བཅོས་ནུས་པ་འཛུགས་སྐྱོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས“སྨན་ཁང་དུ་ཕྲུ་གུ་བཙའ་མཁན་སྦྲུམ་མ་མང་པོ་འདུག་གམ། ད་ཆ་སྨན་ཁང་ནས་གཤགས་བཅོས་ཆེན་པོ་གང་དག་བྱེད་ཐུབ་ཀྱི་ཡོད་དམ། སྨན་ཁང་འདི་གའི་སྨན་པས་དཀའ་ཉེན་ཆེ་བའི་གཤགས་བཅོས་བྱེད་ཐུབ་ཀྱི་ཡོད་དམ”ཞེས་བཀའ་འདྲི་ཞིབ་ཕྲ་གནང་བར། སྨན་ཁང་གི་འགན་འཁུར་བས། མིག་སྔར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རིམ་པ་གསུམ་པ་དང་བཞི་པའི་དཀའ་ཉེན་ཆེ་བའི་གཤགས་བཅོས་བྱེད་ཐུབ་ཀྱི་ཡོད་ལ། སྨན་ཁང་འདི་གའི་སྨན་པ་མི་ཉུང་བ་ཞིག་གིས་དོས་དྲག་གི་སྙིང་ནད་སོགས་ཀྱང་གཤགས་བཅོས་བྱེད་ཐུབ་ཀྱི་ཡོད། སྨན་བཅོས་ཐད་ནད་པ་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ཅེས་བརྗོད།
        རང་ལྗོངས་ཀྱི་5Gརིག་ལྡན་གྱི་སྨན་བཅོས་མཉམ་འབྲེལ་ཚོད་ལྟ་ཁང་དང་པོར་པེ་ཅིང་མཛའ་གྲོགས་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱིས་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་བྱེད་བཞིན་ཡོད་པ་རེད། ཝུའུ་དབྱིང་ཅེས་དེ་གར་ཡོད་པ་དང་པེ་ཅིང་དུ་ཡོད་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་ཚོར་ཐུགས་རྗེ་ཆེ་དང་གུས་འདུད་ཞུས་པ་མ་ཟད། ཁོང་ཚོར་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བར་མུ་མཐུད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ལྕག་སྐུལ་གནང་བ་དང་ཆབས་ཅིག བོད་ཀྱི་སྨན་པ་ཚོས་བོད་སྐྱོར་རིགས་གཅིག་མཁས་ཅན་ཚོར་སློབ་སྦྱོང་ཧུར་ཐག་བྱས་ནས་རང་ངོས་ཀྱི་ལས་སྒོའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུའི་ཐུགས་རེ་ཡང་གནང་བ་རེད།
        དེ་རྗེས་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ནད་དཔྱད་ཁོའོ་དང་བརྟག་དཔྱད་ཁོའོ་རུ་ཕེབས་ནས་སྨན་ཁང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་ཞབས་ཞུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་སྨན་པ་དང་རྒྱ་ཆེའི་སྨན་དོན་མི་སྣར་འཚམས་འདྲི་ཡང་ཞུས་པ་རེད།
        བཞུགས་མོལ་ཚོགས་འདུའི་ཐོག་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་གནས་ཚུལ་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་དང་འབྲེལ། ལོ་དེ་དག་རིང་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་ཀྱང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་དང་ལྷག་པར་དུ་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་གསོ་རིག་སྨན་རྫས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་ཚོར་གཟིགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་ལྟ་སྟངས་འཛིན་པ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤྱི་འདོམས་མཐུན་སྦྱོར་དང་སྤྱི་ཡོངས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྟབས་བསྟུན་གྱི་སྲིད་ཇུས་སྤྱད་དེ་སྨན་བཅོས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ལས་ཁུངས་ཀྱི་སྒྲིག་གཞི་དང་ཆུ་དང་གློག་མཁོ་འདོན་སོགས་ཀྱི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་ལས་དོན་དང་འཚོ་བར་ལྟ་རྟོག་ཡག་པོ་བྱེད་དགོས། བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་ནུས་པ་འདོན་སྤེལ་ཡག་པོ་དང་ས་གནས་ཀྱི་སྨན་བཅོས་དཔུང་ཁག་གསོ་སྐྱོང་ཡག་པོ་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། དམར་ཁྲིད་དང“གཅིག་གཏད་གཅིག”གི་སློབ་ཁྲིད་ལ་བརྟེན་ནས་ནད་སྡོད་ཁང་གི་སྨན་པ་དཀའ་བཅུ་པ་དང་དེ་བཞིན་དགེ་རྒན་ཚད་ལྡན་ཅན་གྱི་གསོ་སྦྱོང་ཡག་པོ་བྱས་ཏེ་ཆབ་སྲིད་ཐད་བློ་རྩ་བརྟན་པ་དང་། ལག་རྩལ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་བོད་ས་གནས་ཀྱི་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་གཅིག་གསོ་སྐྱོང་བྱེད་དགོས། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་ཚོས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་ནང་དོན་གལ་ཆེན་ལ་བརྩིས་ནས། ལག་རྩལ་བརྒྱུད་སྤྲོད་དང་ནད་པ་སྐྱོབ་བཅོས་བྱེད་རིང་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་ནི་མཁས་མཛངས་ལྡན་ལ་རླབས་པོ་ཆེ་ཡིན་པ་དང་། ཏང་གི་ཐུགས་ཁུར་ཟབ་མོ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་འགྲན་ཟླ་བྲལ་བའི་དྲོ་སྐྱིད་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་སེམས་ནང་ཚོར་བར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་བས་ཟབ་ཏུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ་ཚན་སློབ་ཞིབ་གསུམ་ཟུང་འབྲེལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ས་མཐོའི་ནད་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་བྱེད་ཐབས་བཟང་པོ་ཕྱོགས་སྡོམ་བྱས་ནས་བཀོལ་སྤྱོད་ཆོག་པ་དང་། རྒྱུན་མཐུད་ཆོག་པ། ལད་མོ་ཆོག་པ་བཅས་ཀྱི་ཕན་ཡོད་ཉམས་མྱོང་གསོག་དགོས། སྤེལ་རེས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་དང་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཏན་ཏིག་ཐོབ་པ་བཅས་བྱས་ནས་བོད་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་ཀྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་བ་དང་། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ལས་དོན་པ་ཚོས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་སྲུང་བརྩི་ནན་པོ་ཞུས་ཏེ། གུས་བཀྲག་ཤེས་པ་དང་། དོགས་ཟོན་ཐུབ་པ། མཐའ་ཚད་སྲུང་བ་བཅས་ལ་ཁྲིད་སྟོན་བྱེད་པ་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཐད་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།
རྩོམ་སྒྲིག་པ། སངས་སྐྱབས།