དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དགུང་ལོ90ལ་ཕེབས་པའི་རྨོ་བོ་གྲུང་ཏོག་ལགས་ཁོང་གི་འཚོ་བར་གཟིགས་དང་།

སྤེལ་དུས 2021-03-29 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

            1959ལོའི་ཟླ་3ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས“ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོ་དགོས་པའི་བཀའ་རྒྱ་ཁྱབ་བསྒྲགས་གནང་བ་རེད། དུས་དེ་ནས་བཟུང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཉིད་ཀྱི་ལས་དབང་ལ་རང་ཉིད་ཀྱིས་ཁ་ལོ་བསྒྱུར་བ་རེད། ཉེ་ཆར་གསར་འགོད་པས་ཡར་ལངས་ཞིང་བྲན་ཚོའི་འཚོ་བ་ཇི་འདྲ་ཡོད་མེད་ཐད་ཆེད་མངགས་རྨོ་བོ་གྲུང་ཏོག་ལགས་ལ་བཅར་འདྲི་ཞུ་བར་བསྐྱོད་པ་ཡིན།
            འདི་ལོ་ལོ་90ལ་སླེབས་པའི་རྨོ་བོ་གྲུང་ཏོག་ལགས་ནི་གཞིས་རྩེ་གྲོང་ཁྱེར་རྒྱ་མཚོ་གཞུང་ཤང་ཚོང་གཞུང་གྲོང་ཚོའི་ཡུལ་མི་ཡིན་པ་དང་། བོད་རྙིང་པར་རྨོ་བོ་གྲུང་ཏོག་ལགས་ནི་གཞིས་རྩེ་དཔལ་ཀླུ་ལྷོ་གཞིས་ཀའི་ཞིང་བྲན་རེད་འདུག་ལ་རྨོ་ལགས་ཁོང་གི་ཕ་མེས་ཚོའང་གཞིས་ཀ་དེའི་ཞིང་བྲན་རེད་འདུག དེའང་ཁོང་ཁྱིམ་གྱི་ནང་མི་ཚང་མ་ཆང་བསྙལ་མཁས་པོ་ཡོད་པས་གཞིས་ཀའི་བདག་པོས་ཁོ་ཚོར་བཙན་ཤེད་ཀྱིས་ཆང་སྙོལ་དུ་འཇུག་གི་ཡོད། དེར་བརྟེན་ནང་མི་ཚང་མས་ལོ་འཁོར་མོ་ཞིམ་མངར་ལྡན་པའི་ཆང་བསྙལ་ཀྱང་། རང་ཉིད་ལ་ཆང་གི་དྲི་མ་སྣོམ་པ་ལས་འཐུང་བའི་དབང་ཆ་ག་ལ་ཡོད།

ཁོང་ཁྱིམ་གྱི་འཁྲུངས་རྐྱན་སོགས།
            ད་ཆ་རྨོ་བོ་གྲུང་ཏོག་ལགས་དཀར་ཆ་དོད་པའི་བོད་ཁང་ཞིག་ཏུ་ཚ་བོ་ཚ་མོ་དང་མཉམ་དུ་དགའ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་མཆིས། རྨོ་ལགས་ཁོང་གིས་ཆང་འཐུང་ཞོར་དུ་ཚ་བོ་ཚ་མོ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བཞིན་པ་མཐོང་དུས་ང་རང་སེམས་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།

རྨོ་བོ་གྲུང་ཏོག་ལགས་དང་ཁོང་གི་ཚ་བོ་ཚ་མོ་ཚོ།

རྨོ་བོ་གྲུང་ཏོག་ལགས་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར།

ཟླ་1ཚེས་5ཉིན་མཉམ་དུ་པར་བསྐྱོན་པའི་རྨོ་བོ་གྲུང་ཏོག་ལགས་ཀྱི་ནང་མི་ཡོངས།
            དགུན་གྱི་གྲང་ངར་འགྲིམ་མྱོང་བའི་མིས་གཞི་ནས་དཔྱིད་ཀྱི་དྲོ་སྐྱིད་ཚོར་ཐུབ། ད་ཆ་བོད་ཀྱི་ཡར་ལངས་ཞིང་བྲན་ཚོར་སྔ་ས་ནས་ཕ་མེས་ཚོས་རྨི་ལམ་དུ་རྨི་བའི་བདེ་སྐྱིད་ལྡན་པའི་འཚོ་བ་དངོས་སུ་སྐྱེལ་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།