དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དབུལ་སྐྱོར་ལམ་བུའི་ཐོག་མང་ཚོགས་དང་དེ་བས་ཉེ་བཅར་བྱས་པ།

དབུལ་བྲལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་གྱི་འཐུས་མི་རའོ་ཝུན་པིན།

སྤེལ་དུས 2021-04-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས།

          “སྐབས་དེ་དུས་ཀྱི་རྣམ་པ་བསམ་བློ་འཁོར་སྐབས་ད་དུང་ཡང་སྤྲོ་སྣང་ཆེན་པོ་སྐྱེ་ཡི་འདུག”ཅེས་རའོ་ཝུན་པིན་གྱིས་རང་ཉིད་ཀྱི་བྲང་ཁར་རེག་བཞིན་གསར་འགོད་པར་བཤད། འདི་ལོའི་ཟླ་2པར་རྒྱལ་ཡོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། རའོ་ཝུན་པིན་ནི་བོད་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པའི་དབུལ་བྲལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་གྱི་འཐུས་མི་58ཀྱི་གྲས་ཤིག་རེད།

          འདི་ལོ་ལོ་31ལ་སླེབས་པའི་རའོ་ཝུན་པིན་2016ལོར་ཀོང་ཤིས་དགེ་འོས་སློབ་ཆེན་ཁྲིམས་རིག་པའི་སློབ་གླིང་ནས་ཐོན་རྗེས་བོད་ལྗོངས་སུ་ཡོང་ནས་གཞུང་ལས་པ་ཞིག་ཏུ་གྱུར།

          ལས་ཀར་ཞུགས་ནས་ལོ4ལྷག་ཙམ་སོང་བ་དང་རའོ་ཝུན་པིན་ལོ་2རིང་རང་སྐྱོང་ལྗོངས་དབུལ་བྲལ་འགག་སྒྲོལ་བཀོད་འདོམས་པུའི་ལྟ་སྐུལ་མཛུབ་ཁྲིད་དཔྱད་ཞིབ་ཚོགས་ཆུང་དུ་ལས་ཀ་བྱེད་པར་སྐོང་འཐེན་བྱས་པ་དང་ད་དུང་ལོ་ཕྱེད་ཀྱི་དུས་ཚོད་ནང་གྲོང་ཚོར་བཅའ་སྡོད་བྱས་ཏེ་དམངས་ལ་དབུལ་སྒྲོལ་བྱེད་རོགས་བྱས། རའོ་ཝུན་པིན་ནི་དབུལ་བྲལ་འགག་སྒྲོལ་གྱི་འཐབ་སའི“དམག་མི་རྒན་གྲས”ཤིག་རེད་ཅེས་བརྗོད་ཆོག

          དབུལ་བྲལ་འགག་སྒྲོལ་བཀོད་འདོམས་པུའུ་རུ་ལས་འགན་འཁུར་རིང་། རའོ་ཝུན་པིན་གྱིས་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཐད་ཀྱི་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་འགན་འཁྲི་བདའ་འདེད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་གནད་སྨིན་དབུལ་སྐྱོར་མ་དངུལ་ལྟ་འདོམས་ཀྱི་འགན་འཁྲི་རྩད་གཅོད་བྱ་ཐབས》སོགས་འཆར་ཟིན་འགོད་པའི་ནང་སྔ་རྗེས་སུ་ཞུགས་པ་དང་། རང་སྐྱོང་ལྗོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ལས་དོན་ཡག་པོ་སྒྲུབ་པའི་རྩེ་རིམ་ཇུས་འགོད་ལས་དོན་ལ་ཞུགས་ནས་ཁྱོན་དཔྱད་གཞིའི་ཡིག་ཆ་56དང་ཡིག་འབྲུ་ཁྲི་20ཙམ་ཟིན་པའི་འཆར་ཟིན་བཀོད་པ་དང་ཆབས་ཅིག་2017ལོ་དང་2018ལོའི་ས་ཁུལ་དང་གྲོང་ཁྱེར་གྱི་སྣོལ་སྡེབ་དཔྱད་ཞིབ་ལས་དོན་ལ་ཞུགས་པ་དང་། ཕྱོགས་གསུམ་པས་བོད་ལྗོངས་ཀྱི་2017ལོའི་དབུལ་ཞྭ་འབུད་པའི་འཆར་གཞིའི་རྫོང(ཆུས)25དང་2018ལོའི་དབུལ་ཞྭ་འབུད་པའི་འཆར་གཞིའི་རྫོང(ཆུས)25ཡི་ཚོད་སྐོར་ལས་དོན་ལ་ཞུགས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་ལ་དབུལ་ཞྭ་འབུད་རྒྱུའི་འབྲེལ་ཡོད་དགོངས་སྐོར་དཔྱད་ཡིག་བཟོས་པ་རེད།

          དབུལ་བྲལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། རའོ་ཝུན་པིན་གྱིས་ལོ་གཉིས་བསྟུད་མར་དཔྱིད་གསར་དུས་ཆེན་དང་བོད་ལྗོངས་ཀྱི་ལོ་གསར་གྱི་ངལ་གསོའི་དུས་ཚོད་བློས་གཏོང་བྱས་པ་དང་། 2018ལོར་རའོ་ཝུན་པིན་གནས་སའི་རང་སྐྱོང་ལྗོངས་དབུལ་བྲལ་འགག་སྒྲོལ་བཀོད་འདོམས་པུའི་ལྟ་སྐུལ་མཛུབ་ཁྲིད་དཔྱད་ཞིབ་ཚོགས་ཆུང་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“རང་སྐྱོང་ལྗོངས་དབུལ་བྲལ་འགག་སྒྲོལ་རྩ་འཛུགས་ཀྱི་གསར་གཏོད་སྔོན་ཐོན་ཚན་པར”བདམས་པ་རེད། 2020ལོའི་ཟླ་དང་པོར་ཁོང་ལ“2019ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་ལེགས་སྐྱེས་བྱ་དགའ”ཐོབ་ཡོད།

          སྐོང་འཐེན་མཇུག་འགྲིལ་ནས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དུ་ལོག་རྗེས། རའོ་ཝུན་པིན་གྱིས་རང་འགུལ་ངང་གྲོང་ཚོར་བཅའ་སྡོད་ཀྱི་རེ་ཞུ་ཕུལ་བ་དང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་བྱེད་གསེར་གྲོང་ཚོར་བཅའ་སྡོད་སྲིད་གཞུང་གཞུང་དོན་ཐིང་གི་ལས་དོན་རུ་ཁག་གི་རུ་དཔོན་ལ་བདམས། ས་བབ་མཐོ་ཚད་སྨི་4700ཡོད་པའི་བྱེད་གསེར་གྲོང་ཚོར་བཅའ་སྡོད་བྱེད་རིང་ཁོང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། རང་ཉིད་སྡོད་སའི་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་དང་སྤེལ་རེས་བྱས་པ་དང་། རང་ཉིད་ཀྱི་དབུལ་བྲལ་འགག་སྒྲོལ་བཀོད་འདོམས་པུའུ་རུ་སྡོད་རིང་ཁོང་དུ་ཆུད་པའི་སྲིད་ཇུས་གང་ལེགས་སྤྱད་དེ་བྱེད་གསེར་གྲོང་ཚོའི་མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་དང་། སློབ་གསོ་གསོ་སྦྱོང་། ལས་ཞུགས་གཞན་སྒྱུར་སོགས་ལ་ཐབས་འདོན་ཇུས་འགོད་བྱས་པ་རེད།

          དབུལ་བྲལ་འགག་སྒྲོལ་གྱི་ལས་དོན་སྐོར་གླེང་སྐབས། རའོ་ཝུན་པིན་ལ་བརྗོད་མི་ཚར་བའི་གཏམ་བརྗོད་རྒྱུ་ཡོད། ཁོང་གིས“ཞིང་པའི་བུ་ཕྲུག་ཅིག་གི་ངོས་ནས། ད་རེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པ་ནི་གཟི་བརྗིད་ཅིག་རེད། འབྱུང་འགྱུར་གྱི་ལས་དོན་ལ་ངས་རང་ཉིད་ལ་རེ་བ་དེ་བས་ནན་པོ་བཏོན་ནས་སེམས་ནུས་ཡོད་རྒུས་ཞབས་འདེགས་ཀྱི་ལས་དོན་ཁག་མུ་མཐུད་ཡག་པོ་ཁུ་གི་ཡིན”ཞེས་བཤད་པ་རེད།