དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

སྤེལ་དུས 2021-04-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཆེ་དགྲ་ལྷ་དང་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ།

          ཟླ་4ཚེས་19ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། འདི་ནི་ཚོགས་ར་ཡིན་པ།
          ཚེས་19ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་་ཚོགས་འདུ་ལྷ་སར་འཚོགས་པ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། ཧོ་ཝུན་ཧའོ། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་བཅས་ཚོགས་འདུར་ཞུགས་པ་རེད།
          ཝུའུ་དབྱིང་ཅེས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རྒྱ་ཆེ་ལ་གཏིང་ཟབ་པ་དང་། རྣམ་བཤད་ཀྱི་ནང་དོན་ཕུན་སུམ་ཚོགས་པ། གཏན་ཚིགས་ཚགས་ཚུད་པ། བརྒྱུད་རིམ་ལྡན་ལ་འཐུས་སྒོ་ཚང་བ་བཅས་ཡོད་པས། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་དུས་རབས་གསར་པར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྣེ་ཁྲིད་བྱེད་པའི་བསམ་བློའི་དར་ཆ་ཞིག་རེད། ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་བྱེད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ཆབ་སྲིད་ཁ་ཕྱོགས་དང་། གནས་བབ་གལ་ཆེན། ལས་ཀའི་བཀོད་ཇུས། གཙོ་གནད་ལས་འགན། འབྲེལ་བ་གལ་ཆེན། འགན་ལེན་གལ་ཆེན་བཅས་སྟངས་འཛིན་ནན་པོ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་ཡོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་དངོས་ལ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
          ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། གཅིག་ནས་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་ཏན་ཏིག་གཏོང་དགོས་ཤིང་། རྩ་ཁྲིམས་ལག་བསྟར་བྱེད་པ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྩ་ཁྲིམས་ལག་བསྟར་དོན་འཁྱོལ་དང་། སློབ་སྦྱོང་དྲིལ་བསྒྲགས། ལྟ་སྐུལ་བཅས་ལ་ཤུགས་སྣོན་རྒྱག་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བཅས་བྱས་ནས་རྩ་འཛུགས་དང་མི་སྒེར་ཚང་མས་རྩ་ཁྲིམས་ཀྱི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་རྒྱུའི་འགན་ལེན་བྱེད་དགོས།
          གཉིས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཁྲིམས་ལྟར་བོད་སྐྱོང་གི་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་མཐའ་འཁྱོངས་བྱེད་པ་དང་། ཏང་གིས་ཁྲིམས་འཛུགས་ལས་དོན་ལ་འགོ་ཁྲིད་པར་ཤུགས་སྣོན་རྒྱག་པ། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་དང་། ཆོས་ལུགས་དོ་དམ། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བཅོས་སྐྱོང་། དཔལ་འབྱོར་འཛུགས་སྐྲུན། དམངས་འཚོ་འགན་ལེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཐའ་སྟོབས་དང་མཐའ་སྲུང་སྲ་བརྟན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ནུས་ཕྱོད་ཆེ་བའི་བཅའ་ཁྲིམས་ནང་ཚུད་མེད་པའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་སྣང་ཆེན་བཅས་བྱས་ཏེ། ལྗོངས་ཏང་ཨུད་ཀྱིས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་སྤྱོད་གོ་ཆོད་པའི་བསམ་ཕྱོགས་དང་བྱ་ཐབས་དེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལམ་ལུགས་སུ་འགྱུར་བ་བྱེད་དགོས། གསུམ་ནས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་བཅོས་སྐྱོང་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་ཤིང་། ཁྲིམས་ལྟར་བཅོས་སྐྱོང་དང་འབྱུང་རྩ་ནས་བཅོས་སྐྱོང་། རང་འགུལ་བཅོས་སྐྱོང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཁྲིམས་ལྟར་འདུ་ཤེས་འཛིན་སྟངས་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་མི་རིགས་ལས་དོན་ལ་བཅོས་སྐྱོང་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་མཐའ་མཚམས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།
          བཞི་ནས་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་མྱུར་བསྐྲུན་དགོས་ཤིང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་ངེས་པར་དུ་སྒྲུབ་པ་དང་ཁྲིམས་ཀྱི་དབང་བསྐུར་མེད་ན་བྱེད་མི་རུང་བ་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་ཕྱོགས་ཡོངས་ནས་འགན་ནུས་སྒྲུབ་པ། ཐབས་ཇུས་གལ་ཆེན་འགོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་པ། ཚད་ལྡན་དང་། དྲང་གཞག ཡ་རབས་བཅས་ཀྱི་ཁྲིམས་ལག་བསྟར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་རིག་ལྡན་ཚན་རིག་དང་། དབང་འགན་ཁྲིམས་མཐུན། ཁྲིམས་འཛིན་ནན་པོ། ཡོངས་བསྒྲགས་གཞུང་དྲང་། སྤྱོད་གཙང་ནུས་ཆེ། ཁྲིམས་སྲུང་ཡིད་རྟོན་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་མྱུར་སྐྲུན་དགོས། རྒྱ་ཆེའི་ཁྲིམས་འཛིན་མི་སྣས་ཡ་རབས་ཁྲིམས་བསྟར་དང་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་ཏེ་འཛུམ་མདངས་དང་དཀའ་སྤྱད་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་ཆེས་དང་། བསམ་ཤེས། རྒྱབ་སྐྱོར་བཅས་ཐོབ་པར་བྱེད་དགོས།
          ལྔ་ནས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་དགོས་ཤིང་། ཁྲིམས་འཛིན་དོ་དམ་སྒྲིག་སྲོལ་དང་ཁྲིམས་འཛིན་དབང་ཆའི་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འཛིན་འགན་དབང་བཀོད་སྒྲིག་ལེགས་སུ་གཏོང་བ། ཁྲིམས་ལྟར་རང་ཚུགས་དང་དྲང་གཞག་ངང་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་སྤྱོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འཛིན་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱེད་དགོས།
          དྲུག་ནས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དང་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་དགོས་ཤིང་། “བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་གཏིང་ཟབ་སྤེལ་བ་དང་། རིམ་ཁག་སྡེ་ཚན་ཁག་དང་གཞི་རིམ་རྩ་འཛུགས་དང་ལྷག་པར་དུ་གྲོང་སྡོད་ལས་དོན་རུ་ཁག་གིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་ཁུངས་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ ཁེ་ལས། ཚན་པ། དགོན་སྡེ་བཅས་སུ་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་གཏོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། བཀའ་སློབ་བཟང་པོ་གསོས་སུ་སྨིན་པའི་ཐོག་ནས་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་དགོས། གཞོན་ནུ་ལོ་ཆུང་ལ་བཅའ་ཁྲིམས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་སྙིང་སྟོབས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་འཚར་ལོངས་ཡོང་བར་བྱེད་པ་དང་། གཞོན་ནུ་ལོ་ཆུང་གིས་སྦྱངས་པའི་ཤེས་བྱར་བརྟེན་ནས་རང་ཉིད་ཀྱི་ནང་མིའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་འགྲོ་བར་སྐུལ་ཁྲིད་དང་ཤུགས་རྐྱེན་ཐེབས་རྒྱུར་ཁྲིད་སྟོན་བྱེད་དགོས།
          བདུན་ནས་ཁྲིམས་སྐྱོང་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས་དཔུང་ཁག་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས་ཤིང་། ཏང་ལ་ལྷག་བསམ་རྣམ་དག་དང་། རྒྱལ་ཁབ་ལ་ལྷག་བསམ་རྣམ་དག མི་དམངས་ལ་ལྷག་བསམ་རྣམ་དག བཅའ་ཁྲིམས་ལ་ལྷག་བསམ་རྣམ་དག་བཅས་བྱེད་པའི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བཞིན་པ་གོ་སྐབས་སུ་བྱས་ནས་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་གི་ཆེད་དོན་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་པ་དང་། ཁྲིམས་རྩོད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་སྐྱོང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བཅས་བྱས་ཏེ་སྲིད་ཁྲིམས་དཔུང་ཁག་གི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
          བརྒྱད་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། ཏང་གི་སྒྲིག་ཡིག་རྩ་བར་འཛིན་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལྟེ་བར་འཛིན་པ། ཚད་གཞི་དང་སྲོལ་ཡིག་སོགས་ཀྲུང་དབྱང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཙོ་རྐང་དུ་འཛིན་པ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་འགོ་ཁྲིད་ཀྱི་ཁྲིམས་སྲོལ་ལམ་ལུགས་དང་། རྩ་འཛུགས་ཀྱི་ཁྲིམས་སྲོལ་ལམ་ལུགས། རང་ངོས་འཛུགས་སྐྱོང་གི་ཁྲིམས་སྲོལ་ལམ་ལུགས། ལྟ་སྐུལ་འགན་སྲུང་གི་ཁྲིམས་སྲོལ་ལམ་ལུགས་བཅས་འཐུས་སྒོ་ཚང་དུ་བཏང་ནས་འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་གང་མགྱོགས་ཆགས་པར་བྱེད་དགོས།
          ཝུའུ་དབྱིང་ཅེས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གིས་ཁྲིམས་ལྟར་བོད་སྐྱོང་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ངོ་བོར་གོ་བ་ཡང་དག་ལེན་པ། རང་ངོས་ཀྱི་འགན་འཁྲི་དོན་འཁྱོལ་ཡོང་བར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་གཏོད་པ་བཅས་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ཁྲིམས་སྐྱོང་འཛུགས་སྐྱོང་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ཁྲོད་བཞག་ནས་སྟངས་འཛིན་བྱེད་པ་དང་། ཇུས་འགོད་བྱེད་པ། སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་བ་དང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱ་རྒྱུ་ཟུང་འབྲེལ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བ་དང་ཟུང་འབྲེལ། ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་ལས་འགན་གཙོ་བོ་ལེགས་སྒྲུབ་བྱེད་པ་དང་ཟུང་འབྲེལ་བཅས་བྱས་ནས་སྤྱི་འདོམས་མཐུན་སྦྱོར་དང་། སྤྱི་ཡོངས་ལ་སྐུལ་འདེད། ལྟ་སྐུལ་དོན་འཁྱོལ་བཅས་བརྒྱུད་ལག་ལེན་དངོས་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།